རང་སྲོག་བློས་གཏོང་

30/09/2009 13:32

རང་སྲོག་བློས་གཏོང་གི་མྱ་ངན།
ཉེ་ཆར་ཟླ་འདིའི་ནང་རྒྱ་གར་གྱི་ཨན་དྷར་མངའ་སྡེའི་བློན་ཆེན་ར་རྗ་སི་ཁ་རཱ་མཆོག་ཐད་འཕུར་གནམ་གྲུར་ཞུགས་

ནས་གནམ་གཤིས་ཀྱི་རྐྱེན་པས་ཐན་པ་བྱུང་བའི་ཞིང་པ་ཁག་གི་གནས་སྟངས་ལ་གཟིགས་ཞིབ་གནང་བར་ཕེབས་པའི་

སྐབས་ཁོང་དང་ལས་རོགས་བཅས་དུས་མིན་རྐྱེན་འདས་སུ་གྱུར་པ་དང༌། རྒྱ་གར་རྒྱལ་ཡོངས་དང་ལྷག་པར་དུ་མངའ་

སྡེའི་དེའི་ནང་གི་མི་སེར་ཚོས་ཁོང་ལ་མྱ་ངན་གུས་འདུད་ཞུས་ཡོད་པ་དང༌། རྒྱ་གར་གྱི་སྲིད་བློན་མཆོག་དང་གཞུང་

འཛིན་གོང་རེ་སི་ཚོགས་པའི་དབུ་ཁྲིད་ཀྱི་གཙོས་མྱ་ངན་ཞུ་མཁན་གྱི་མི་ཚོགས་གྲངས་ཀྱིས་མི་ལོང་བ་ཞིག་བྱུང་ཡོད་

པ་རེད། ལྷག་པར་དུ་ཁོང་གློ་བུར་རྐྱེན་འདས་སུ་གྱུར་པའི་རྒྱུ་མཚན་ལ་བརྟེན་ནས་རང་སྲོག་བློས་གཏོང་མཁན་ད་བར་

མི་གྲངས་༡༢༢ ཙམ་བྱུང་ཡོད་ཚུལ་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་བརྒྱུད་བསྒྲགས་བྱས་ཡོད་པ་དང༌། གནད་དོན་དེ་ད་

ལྟའི་དུས་འདིར་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ཆེས་ཡ་མཚན་པའི་གསར་འགྱུར་གལ་ཆེན་ཞིག་ཏུ་གྱུར་ཡོད།

 

བློན་ཆེན་དམ་པ་གང་ཉིད་སྐུ་འཚོ་བཞུགས་སྐབས་ཀྱི་མཛད་སྤྱོད་དང་མི་མང་གི་ཆེད་དུ་ལས་དོན་ཇི་ལྟར་བསྒྲུབས་

ཡོད་མེད་གནད་དོན་འདིའི་ཐོག་ནས་གསལ་བཤད་བྱས་པ་ལྟ་བུར་གྱུར་ཡོད་པ་དང། ད་ལྟའི་དུས་འདིར་ཕ་མ་གྲོངས་

ན་མྱ་ངན་མི་བྱེད་པའི་བུ་ཕྲུག་གྲངས་མེད་ཡོད་ལ། མངའ་སྡེ་ཞིག་གི་བློན་ཆེན་གྲོངས་པ་ཙམ་ལ་བརྟེན་ནས་མི་སེར་

༡༢༢ ཀྱི་རང་སྲོག་བློས་བཏང་བ་ནི། ཧང་སང་པ་དང་བློ་ཡུལ་དུ་ཤོང་དཀའ་བའི་གནས་ཚུལ་ཞིག་ཏུ་གྱུར་ཡོད་པ་རེད།

གནད་དོན་འདིའི་ཐོག་ནས་བལྟས་ན་མངའ་སྡེ་དེའི་མི་མང་གི་སེམས་ནང་དུ་ཞིང་གཤེགས་བློན་ཆེན་ར་རྗ་སི་ཁ་རཱ་

མཆོག་ནི་མེད་ཐབས་མེད་པ་དང་བཀའ་དྲིན་ཧ་ཅང་ཆེ་བའི་དབུ་ཁྲིད་ཅིག་ཡིན་པ་དང༌། ཁོང་གི་ཆེད་དུ་མི་མང་པོ་

འདི་འདྲ་ཞིག་གིས་རང་སྲོག་བློས་གཏོང་ཕོད་པ་སོགས་ཕྱོགས་གང་ཐད་ནས་བལྟས་ཀྱང་རྒྱ་གར་མི་མང་ནི་དྲིན་བྱས་

དྲིན་དུ་གོ་བའི་མི་རིགས་ཤིག་ཡིན་པ་ར་སྤྲོད་གསལ་པོ་ཞིག་བྱས་པ་རེད་སྙམ། སྤྱིར་ད་ལྟའི་དུས་འདིར་འཛམ་བུའི་གླིང་

གི་ནང་དུ་མི་གཅིག་གིས་གཅིག་ལ་ཡིད་ཆེས་ཆུང་དུ་འགྲོ་བཞིན་ཡོད་པ་དང༌། ཡར་རྒྱས་ཧ་ཅང་ཆེ་བའི་རྒྱལ་ཁབ་ཁག་

གི་ནང་དུ་ཡོད་པའི་མི་རྣམས་ལ་མཚོན་ན་ཁེ་ཕན་ཁོ་ན་མ་གཏོགས་པའི་འབྲེལ་བ་གང་ཡང་མེད་པའི་དུས་སྐབས་ཤིག་

ཏུ་སླེབས་ཡོད། ལྷག་པར་དུ་དེང་དུས་ནུབ་ཕྱོགས་ཀྱི་རྒྱལ་ཁབ་མང་པོའི་ནང་དུ་ཕ་མ་བུ་ཕྲུག་གི་བརྩེ་བ་ལ་བརྩི་མཐོང་

ཆེན་པོ་མེད་པ་དང༌། དེའི་ཤུགས་རྐྱེན་དེ་འཛམ་གླིང་གི་ཁོར་ཡུག་ཀུན་ཏུ་དར་སོ་ལྟ་བུ་བྱེད་བཞིན་ཡོད། བོད་པའི་སྤྱི་

ཚོགས་ལ་མཚོན་ནའང་བོད་ཕྱི་ནང་གཉིས་སུ་ཤུགས་རྐྱེན་འདྲ་མིན་གྱི་དབང་གིས་མིའི་གཤིས་ཀ་ཉིན་རེ་བཞིན་མ་

བསྡད་པར་འགྱུར་བ་ཤུགས་ཆེན་འགྲོ་བཞིན་པ་དང༌། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ནང་དུ་གཅིག་གིས་གཅིག་ལ་

ཡིད་ཆེས་གཙང་མ་བྱེད་པའི་གོམས་གཤིས་དེ་ལོ་རྒྱུས་ཙམ་དུ་འགྱུར་རྒྱུར་བར་ཐག་རིང་པོ་ལྷག་མེད། གང་ལྟར་དུས་

རབས་དང༌།      མི་རབས་འགྱུར་འགྲོས་སྣ་ཚོགས་ལ་བརྟེན་ནས་ད་ལྟའི་ཆར་ཁེ་ཕན་མ་གཏོགས་གྲོགས་པོའི་འབྲེལ་བ་

གཞན་མེད་པའི་གཤིས་སྤྱོད་གོ་ལ་ཧྲིལ་པོའི་ཁྱོན་དུ་ཁྱབ་བཞིན་པའི་སྐབས། རྒྱ་གར་གྱི་མངའ་སྡེ་ཞིག་གི་བློན་ཆེན་གྲོངས་

པའི་མྱ་ངན་ལ་བརྟེན་ནས་མི་སེར་༡༢༢ ཀྱི་རང་སྲོག་བློས་བཏང་བ་ནི་སླར་ཡང་གོ་ལ་འདིའི་ཁྱོན་དུ་ཡིད་ཆེས་ཞེས་པའི་

མིང་ཚིག་འདི་མ་བརླགས་པར་གནས་ཡོད་པ་གསལ་སྟོན་བྱས་པ་ལྟ་བུར་གྱུར་ཡོད་ལ། འདས་གྲོངས་སུ་གྱུར་བའི་བློན་ཆེན་

ཁོང་གི་ཆེད་རང་སྲོག་བློས་གཏོང་མཁན་གྱི་མི་སེར་ཚོའི་བྱེད་སྟངས་རང་གི་ཐོག་ནས་རང་སྲོག་བློས་བཏང་བ་དེ་བསྔགས་

བརྗོད་ཀྱི་རང་བཞིན་ཞིག་ཏུ་གྱུར་ཡོད་མེད་ཇི་ལྟར་ཡང༌། སྙིང་སྟོབས་དང་བློས་གཏོང་ཕོད་པའི་སྤོབས་སེམས་བཅས་ཀྱི་ཐོག་

ནས་དུས་ནམ་ཡང་གུས་བཀུར་དང་བསྔགས་བརྗོད་བྱེད་དགོས་པའི་གནས་ཚུལ་ཞིག་ཏུ་གྱུར་ཡོད་པ་རེད།།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།