ཡུལ་མི་གནས་སྤོར་

15/07/2009 11:57

ཡུལ་མི་གནས་སྤོར་གྱིས་མི་རིགས་ཀྱི་གནད་དོན་ཐག་གཅོད་ཐུབ་བམ། ཝང་ལི་ཞོན།

      ཝང་ལི་ཞོན་གྱིས་བརྩམས།    དོན་གོས་བསྒྱུར།    བོད་ཀྱི་དུས་བབ་ནས་འདིར་བཀོད།

ཀྲུང་གོའི་སྲིད་གཞུང་གིས། མི་རིགས་ས་ཁུལ་དུ་རྒྱ་རིགས་གནས་སྤོར་བྱེད་བཞིན་པ་དེ་མི་རིགས་གནད་དོན་ཐག་

གཅོད་ཀྱི་མཆོག་ཏུ་གྱུར་བའི་རིགས་ལམ་ཞིག་ཏུ་བརྩི་བཞིན་ཡོད་འདུག་ལ། ཐབས་ཇུས་འདི་གཏན་འབེབས་བྱེད་

མཁན་དག་གིས། མི་རིགས་ས་ཁུལ་དུ་རྒྱ་རིགས་གྲངས་འབོར་མང་དུ་ཕྱིན་པ་དང་བསྟུན་ནས་མི་རིགས་ཀྱི་གནད་

དོན་ཆུང་དུ་འགྲོ་བའི་ལྟ་ཚུལ་བཟུང་འདུག  ང་ཚོས་ཀྱང་སྣང་དོགས་མེད་པའི་སྒོ་ནས་ཀྲུང་གོའི་ཐབས་ཇུས་ལག་

ལེན་བསྟར་པའི་ཕྱོགས་སུ་ལངས་ཏེ་བསམ་བློ་ཞིག་གཏོང་དགོས་བསམ། གལ་སྲིད། རྒྱ་རིགས་འབོར་ཆེན་གནས་སྤོར་

བྱས་ཏེ་དངོས་སུ་ས་གནས་ཡུལ་མི་སྣུབ་པ་ཡིན་ན། དེ་ནི་བདེན་པར་སྙེགས་པའི་བསམ་བློ་ཞིག་མིན་པར་བདག་དབང་

ཁོ་ནར་ཁག་ཐེག་བྱེད་བཞིན་པའི་བསམ་བློ་ཞིག་རེད། ཡིན་ནའང། རྒྱ་རིགས་གཞི་ཁྱོན་ཇི་འདྲ་ཞིག་གནས་སྤོར་བྱས་

ཚེ་ད་གཟོད་ས་གནས་ཡུལ་མི་སྣུབ་ཐུབ་པ་དང་། ནང་སོག་སྣུབས་ཟིན་པའི་ཚད་དུ་སླེབས་ཐུབ་བམ།

༢༠༠༠ ལོར་ནང་སོག་ཏུ་སོག་པོའི་མི་འབོར་ཁྲི་ ༤༠༣ ལྷག་ཡོད་པ་དང་། རྒྱ་རིགས་མི་འབོར་་ཁྲི་ ༡༨༨༢ ལྷག་ཡོད།

འདི་གཉིས་བསྡུར་ཚེ་ལྡབ་ ༤༌༦༧ གྱིས་རྗེས་མར་མང་བ་ཡོད། ང་ཚོས་ཚད་ལྡན་གྱི་སྒོ་ནས་རྩིས་བརྒྱབ་པ་ཡིན་ན། ནང་

སོག་ཏུ་ཡོད་པའི་རྒྱ་རིགས་ཚོས་ཁྲི་ ༩༠༠ ལྷག་ཡོད་པའི་ས་གནས་ཡུ་གུར་མི་རིགས་སྣུབ་ཐབས་བྱས་ཏེ་མི་གྲངས་ཁྲི་

༤༥༠༠ འགྱུར་ཐབས་བྱེད་བཞིན་ཡོད་པ་རེད། གལ་སྲིད། མི་གྲངས་ཁྲི་ ༡༡༥༠ ཡོད་པའི་ཁ་ཆེ་བ་དེ་དག་སྣུབ་པ་ཡིན་

ན། མི་གྲངས་ཁྲི་ ༥༤༠༠ ལྷག་ཆགས་ཀྱི་ཡོད། དེ་ལྟ་ནའང་། ད་ལྟའི་དུས་འདིར་སོག་པོའི་ནང་རྒྱ་རིགས་མི་གྲངས་ཁྲི་

༨༠༠ ལྷག་ཡོད་སྟབས། མི་གྲངས་ཁྲི་ ༤༦༠༠ ལྷག་གི་བར་ཁྱད་བྱུང་ཡོད་པ་རེད། 

ཞིན་ཅང་གི་ས་ཁྱོན་བལྟས་ཚོད་ཀྱི་རྒྱ་ཆེ་བ་ཞིག་ཡིན་ཡང་། མང་ཆེ་བ་དེ་བྱེ་ཐང་དང་གཡང་གཟར་ཡིན་སྟབས། མིའི་

འཚོ་གནས་དང་འཚམ་པའི་སྡོད་གནས་སྔོ་ལྗང་གི་ཡུལ་གྲུ་ཁག་ཅིག་ལས་མེད། ཞིན་ཅང་སྲིད་གཞུང་གིས་ཁྱབ་བསྒྲཌ་

བྱས་པའི་གྲངས་འབོར་ལྟར་ན། ཉེ་ལམ་ཞིན་ཅང་གི་མི་འབོར་བརྒྱ་ཆའི་ ༩༥  ལྷག་ས་ཁྱོན་གྱི་བརྒྱ་ཆའི་ ༣༌༥ ཡོད་པའི་

སྔོ་ལྗང་གི་ས་ཁུལ་ཏུ་གནས་ཡོད་པ་དང་།  སྔོ་ལྗང་གི་ས་ཁུལ་དེ་དག་ནི་མིའི་འདུས་སྡོད་ཆེས་མང་བ་དང་སྤྱི་ལེ་གྲུ་བཞི་

མ་རེ་རེའི་སྟེང་མི་ ༢༠༧ ཡན་གནས་སྡོད་བྱས་ཡོད། དེ་རྒྱ་ནག་ནང་ཁུལ་གྱི་མི་མང་འདུས་སྡོད་ཆེས་ཆེ་བའི་ས་དང་ཉེ་

རུ་ཕྱིན་ཡོད་པ་རེད། གནས་ཚུལ་འདི་དག་ལ་བལྟས་ཚེ་ཞིན་ཅང་དུ་ཡུལ་མི་གནས་སྤོར་གྱི་ས་ཁོད་མེད་སྟབས། རྒྱ་རིགས་

གནས་སྤོར་གྱི་གྲངས་འབོར་མང་དུ་གཏོང་རྒྱུ་ནི་མི་སྲིད་པ་ཞིག་རེད།

དེ་བཞིན། གནས་སྟངས་འདིའི་ཐད་བོད་དང་ཞིན་ཅང་གཉིས་འདྲ་མཚུངས་ཆགས་ཡོད་ལ། གཅིག་མཚུངས་ཀྱིས་མི་

རིགས་གཞན་ས་གནས་ཡུལ་མིའི་སྡོད་གནས་སུ་ཤོང་གི་ཡོད་པ་མ་རེད། འདི་ནི་ཀྲུང་གོས་རྒྱ་རིགས་གནས་སྤོར་ལ་

གཞི་བཅོལ་ཏེ་བོད་དང་ནང་སོག་སོགས་ཀྱི་མི་རིགས་ཀྱི་གནད་དོན་ནག་ཉེས་བཟོ་བའི་ཕྱོགས་ཤིག་ཆགས་ཡོད།

དངོས་ཡོད་ལ་མ་བལྟས་པར་གནས་སྤོར་བྱས་པའི་སྲིད་བྱུས་འདི་ལོང་བའི་བྱ་སྤྱོད་ཅིག་ཏུ་ངེས་ལ།  ཕྱོགས་གཅིག་ནས།

འདིས་གནས་སྤོར་གྲངས་འབོར་ཉུང་ཡང་ས་གནས་ཡུལ་མི་སྣུབ་ཐུབ་པའི་མཇུག་འབྲས་འབྱུང་སྲིད་ལ། ཕྱོགས་གཞན་

ཞིག་ནས། གནས་སྤོར་ཡུལ་མི་འབོར་ཆེན་གནས་སྤོར་གྱིས་མི་རིགས་བར་གྱི་དགྲ་འཛིན་གྱི་འདུ་ཤེས་ཟབ་ཏུ་འགྲོ་རྒྱུའི་

ཉེན་ཁ་ཡོད་སྟབས། ཕུགས་རྒྱང་རིང་བོའི་ཐོག་ནས་འདི་ནིི་ཁེ་ཕན་ཅི་ཡང་མེད་པའི་བྱེད་ཐབས་ཤིག་རེད་བསམ།


ངས་འདི་ལྟར་བརྗོད་དོན་ཅི་ཡིན་ཞེ་ན། བོད་དང་ཞིན་ཅང་གི་ཡུལ་གྲུའི་ནང་བསྔོག་འདོན་བྱ་ཆོག་པ་དང་བྱས་མེད་

པའི་ས་ཁུལ་དང་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་སྟབས། རྒྱ་རིགས་མང་པོ་གནས་སྤོར་བྱས་པ་དང་བསྟུན་ས་

གནས་ཕུལ་བྱུང་མི་སྣས་སྐྱོན་བརྗོད་སླེབས་སྲིད་ལ། ས་གནས་ཡུལ་མི་དང་ཐད་ཀར་ཁེ་ཕན་དང་ཐོན་ཁུངས་ཐད་རྩོད་

ལེན་མ་བྱས་པར་་གནས་ཚེ། མི་རིགས་བར་གྱི་འགལ་འདུ་དེ་ཡང་ཡུན་རིང་རྒྱུན་སྲིང་མི་ཐུབ་པ་ཞིག་རེད། དེ་ལྟར་ཡང། ད་ལྟའི་བོད་དང་ཞིན་ཅང་ནང་མི་རིགས་གྲངས་འབོར་གྱི་དཀའ་ངལ་འདི་ཡོད་པ་རེད། རྩྭ་ཐང་དང་སྔོ་ལྗང་གི་ཡུལ་

གྲུ་མང་པོ་ཞིག་བྱེ་ཐང་དུ་འགྱུར་གྱིན་པ་དང།   སྐྱེས་ཁམས་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་ཕོག་བཞིན་ཡོད་པའི་

དུས་འདིར་རྒྱ་རིགས་མང་པོ་གནས་སྤོར་བྱས་ན། དེ་ནི་ས་གནས་ཡུལ་མིའི་ཐོན་ཁུངས་འཕྲོག་རྩོད་ཐད་འགལ་བ་འབྱུང་

སྲིད་པ་དང་། འདི་དག་གིས་ཕན་ཚུན་ལ་རྩུབ་བརྡར་དང་རིག་གནས་ཀྱི་བར་ཁྱད་དང་། མི་རིགས་བར་གྱི་མཐོང་ཆུང་

སོགས་གནད་དོན་མང་པོ་བྱུང་སྟེ།    མི་རིགས་བར་གྱི་འགལ་འདུ་དེ་བསམ་ཡུལ་ལས་འདས་པའི་གནས་སུ་གྱར་སྲིད་

པ་དང་གནས་སྡོད་མི་མང་མཉམ་རུབ་ཀྱིས་གནད་དོན་གང་མང་ཞིག་སློང་སྲིད་པ་སོགས་ཀྱི་མི་རིགས་གནས་སྤོར་གྱི་

སྲིད་བྱུས་དེས་མཇུག་འབྲས་ཡ་ང་བ་ཞིག་སློང་སྲིད་པ་དེ་རེད།

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།