ཡིག་འཕྲོག་ལྷ་མོ།
24/03/2009 16:28
མཛེས་པའི་ཡིད་འཕྲོག་ལྷ་མོ།
༡༽ མཛེས་པའི་ཡིད་འཕྲོག་ལྷ་མོ། །
ཁྱེད་སེམས་གངས་ལས་དཀར་བས། །
བདག་ཡིད་རང་དབང་མེད་པར། །
ཡིད་འཕྲོད་ཁྱོད་ལ་ཤོར་སོང༌། །
༢༽ ཁྱེད་ཀྱི་བརྩེ་བའི་གསུང་སྙན། །
བུ་ཆུང་ང་ལ་གསུངས་དང༌། །
བདག་གི་ལྷད་མེད་དུང་སེམས། །
ཡིད་འཕྲོག་ཁྱོད་ལ་ཕུལ་ཆོག །
༣༽ བདག་སེམས་ཁ་དར་དཀར་པོ། །
ཁྱོད་ཀྱི་ཕྱག་ཏུ་ཕུལ་ཡོད། །
ནམ་ཡང་འགྱུར་བ་མེད་པར། །
ལྷོད་མེད་ཐུགས་གཅགས་གནང་རོགས། །
༤༽ བདག་སེམས་ཤོར་བའི་མཛེས་མ། །
གཏན་དུ་འགྲོ་རྒྱགསུ་བྱུང་ན། །
ཚེ་སྲོག་བཙན་གྱི་འཕྲོག་ཀྱང༌། །
སྔོན་མའི་ལས་ལ་བསྒོམ་ཆོག །
༥༽ ཁྱེད་ཞལ་པདྨའི་དཀྱིལ་དུ། །
མཛེས་པའི་སྙིང་བཅུད་ལྡན་པས། །
བདག་ཡིད་རྐང་དྲུག་གཞོན་ནུ། །
བརྩེ་དགའི་ལས་ལ་ཕྱོགས་སོང༌། །
༦༽ ཆར་པ་སིམ་སིམ་འབབ་དུས། །
གཟུགས་གཞིའི་དྲོད་ཚད་ཉམས་སོང༌། །
ཁྱེད་རང་རྒྱང་དུ་ཆས་དུས། །
ང་རང་སེམས་པ་སྐྱོ་བྱུང༌། །
༧༽ མཛེས་ལྡན་ལྷ་སའི་བུ་མོ། །
པདྨ་མེ་ཏོག་བཞད་འདྲ། །
ཡ་རབ་ཀུན་སྤྱོད་བཟང་བས། །
མཛངས་མའི་ཡོན་ཏན་ལྡན་ཡོད། །
༨༽ མཛེས་པའི་ཀུན་ད་གཞོན་ནུ། །
བཅོས་མིན་དགའ་བའི་དུངས་སེམས། །
འཛུམ་དཀར་འདབ་བརྒྱ་དགོད་བཞིན། །
བདག་ཡིད་མཚོ་མོར་གྲོལ་བྱུང༌། །
དཀོན་མཆོག་ནས།།
———
Back