འཕྲིན་ཡིག

06/01/2011 19:37

               བདེ་བསོད་ལ་འཕྲིན་ཡིག་གཅིག་ཚུལ་དུ་བྲིས། 

སྟོན་མཇུག་གི་སྡོང་ལོ་ཐང་ལ་ལྷུང་སྟེ་

ཁ་བའི་བུ་ཡུག་སར་ཕེབས་ལ་ཉེ་བའི་སྐབས་འདིར་

ང་གཉིས་བརྩེ་དུང་ལ་ཆག་སྐྱོན་ཤོར་ཏེ་

གཅིག་སེམས་གཅིག་ལ་འདྲེས་བའི་སེམས་པ་

སྐད་ཅིག་ཉིད་ལ་ཁ་ཁ་བྱེད་དཀའ་བའི་

གཟུགས་མེད་ཀྱི་བརྩེ་དུང་ལ་ཆགས་བཞིན་

ནང་སེམས་ལ་འགལ་བ་མང་བོ་ཞིག་གིས་

ཁ་བྲལ་གྱི་སེམས་ཐག་བཅད་ནའང་

ཡལ་ཐབས་མེད་པའི་ཕྱིར་དྲན་རབ་རིབ་དང་

གླེང་མི་ཚར་བའི་སྙིང་གཏམ་ཤབ་ཤུབ་དག་ལ་

ཕྱིར་འདང་ཅིག་ཅེས་ཀྱང་བྱ་དགོས་པ་ནི་

རྒྱུན་ལྡན་དང་རྒྱུན་ལྡན་མིན་པའི་དགའ་བ་

གློར་བུར་དུ་རྨ་ཁ་བཟོས་བའི་ཡིན་ལ་

ད་ནི་མཁའ་ཡི་འཇའ་ལྟར་ཡལ་ཟིན་པའི་

དྲན་ཚུལ་གྱི་སེམས་པ་དུ་བ་བཞིན་སྲེག་སྟེ་

ཉིན་མཚན་དབྱེད་མེད་ཁྱེད་ཀྱི་ཕྱོགས་སུ་

འདུན་པ་འགོག་ཐབས་མེད་པར་ཤོར་བ་ནི་

ཆེས་ཐོག་མའི་ན་ཟུག་བཙན་པོ་ཞིག་དང་

ཆེས་མཐའ་མའི་སྡུག་བསྔལ་ཞིག་མ་ཡིན་ནམ།།   །།

 

ཀོན་མཆོག་ནས་སྤྱི་ལོ། ༢༠༡༡ སྤྱི་ཟླ།  ༡ ཚེས་༦ ཉིན་ལ།།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།