འགོ་འཁྲིད་ལྔར་བཙོན་ཁྲིམས་

27/11/2009 10:47

རྒྱ་རིགས་ཡེ་ཤུའི་འགོ་འཁྲིད་ལྔར་བཙོན་ཁྲིམས་བཅད་པ།  རྒྱ་ནག་བྱང་ཕྱོགས་ཀྱི་ཧྲན་ཤི་ཞིང་ཆེན་གྱི་ལིན་ཕྷེན་གྲོང་ཁྱེར་རུ་ཡོད་པའི་ས་གནས་ཁྲིམས་ཁང་ནས་ཁུལ་དེའི་ནང་རྒྱ་རིགས་

ཡི་ཤུའི་ཆོས་ཚོགས་ཀྱི་འགོ་འཁྲིད་ལྔ་ལ་བཙོན་དུས་ཀྱི་ཁྲིམས་ཐག་བཅད་ཡོད་པའི་སྐོར་ནག་ཉེས་ཕོག་པའི་ཡི་ཤུའི་ཆོས་ཚོགས་

ཀྱི་འགོ་འཁྲིད་ཚོའི་ཁྲིམས་རྩོད་པས་གནས་ཚུལ་ཕྱིར་བསྒྲགས་བྱས་འདུག་༎

དེ་ཡང་ཁྲིམས་རྩོད་པ་ལི་ཕན་ཕིང་ཟེར་བས་ཕེརན་སི་གསར་འགྱུར་ལས་ཁང་ལ་གནས་ཚུལ་ངོ་སྤྲོད་བྱས་པར་གཞིགས་ན་ཁྲིམས་

ཐག་ཕོག་པའི་ཡི་ཤུའི་ཆོས་ཚོགས་ཀྱི་འགོ་འཁྲིད་བེུད་དབྱང་རོང་ལི་དང་ཀྲང་ཧུ་མེ་ཞུ་བ་གཉིས་ལ་ལོ་བདུན་དང་ལོ་བཞིའི་རིང་

བཙོན་དུས་ཡང་ལྦང་ཤའོ་ཀོང་ཞུ་བའི་ཆོས་དཔོན་ཞིག་ཐེ་བས་སྐྱེ་པ་གསུམ་ལ་ལོ་གསུམ་ནས་བཞི་བར་བཙོན་དུས་ཀྱི་ཉེས་ཆེད་

འགེལ་ཡོད་པ་རེད། གོང་གསལ་ཁྲིམས་རྩོད་པས་བརྗོད་ན་ཁོང་རྣམས་ནི་རྒྱ་ནག་གཞུང་ལ་དེབ་སྐྱེལ་མ་བྱས་པའི་ཡི་ཤུའི་ཆོས་

ཚོགས་ཞིག་གི་འགོ་ཁྲིད་ཡིན་པ་དང་ འདི་ལོ་ཕྱི་ཟླ་༩པའི་ནང་ས་གནས་གཞུང་གི་ས་ཁུལ་གྱི་གྲོང་གསེབ་ཞིག་ནང་ཡི་ཤུའི་ཆོས་

ཚོགས་དེའི་ཚོགས་མི་འདུ་འཛོམས་བྱ་སའི་ཚོགས་ཁང་གཏོར་བཤིག་བཏོང་ཐབས་བྱ་སྐབས་ཁོང་རྣམས་ནས་ཚོགས་ཁང་གཏོར་

བཤིག་འགོག་ཐབས་བྱས་པའི་རྐྱེན་གྱིས་འཛིན་བཟུང་བྱས་ཡོད་པ་རེད་ ཡིན་ཡང་རེས་གཟའ་ལྷག་པའི་ཉིན་ཧྲན་ཤི་ཞིང་ཆེན་ཁྲིམས་ཁང་ནས་བཙོན་དུས་ཀྱི་ཁྲིམས་ཐག་གཅད་སྐབས་གོང་གསལ་ཡི་

ཤུའི་ཆོས་ཚོགས་ཀྱི་འགོ་འཁྲིད་ཚོས་ཁྲིམས་འགལ་ཐོག་ནས་ཞིང་ས་བེད་སྤྱོད་ལོག་པ་གཏང་པ་དང་ཁྲིམས་འགལ་གྱི་འདུ་

འཛོམས་བྱས་པའི་ནག་ཉེས་བཙུགས་ཡོད་སྐོར་གསལ་འདོན་བྱས་འདུག ཨ་རིའི་ནང་རྟེན་གཞི་བྱས་པའི་རྒྱ་ནག་ནང་ཆོས་

དད་རང་དབང་རྩོད་ལེན་ཚོགས་པ་ཞེས་པའི་འགོ་ཁྲིད་སྦོབ་ཕུའུ་ཞུ་བས་རྒྱ་ནག་གཞུང་གི་མ་གཉེས་ཁ་ཡོག་འོག་ཡི་ཤུའི་ཆོས་

ཚོགས་ཀྱི་འགོ་ཁྲིད་ཚོར་དྲང་བདེན་ཙ་ནས་མེད་པའི་ཁྲིམས་ཐག་གཅད་པར་ངོ་རྒོལ་མཐའ་ཅིག་ཡོད་ཅེས་སྐྱོན་བརྗོད་བྱས་པ་

དང་ཉེ་སྔོན་ཨ་རིའི་སྲིད་འཛིན་ཨོ་སྦ་མ་མཆོག་ནས་རྒྱ་ནག་གི་སྲིད་འཛིན་ལྷན་དང་འགྲོ་བ་མིའི་ཐོབ་ཐང་སྐོར་གནད་དོན་གླེང་

སློང་གནང་ཡོད་ནའང་ད་རེས་ཀྱི་གནས་ཚུལ་འདིའི་ཁྲོད་ནས་རྒྱ་ནག་ནང་ཆོས་དད་རང་དབང་གི་གནས་སྟངས་ཇེ་གཞན་ཇེ་

སྡུག་ཏུ་འགྲོ་ཡི་ཡོད་པ་གསལ་པོ་མངོན་ཐུབ་རྒྱུ་སྐོར་ནན་བརྗོད་གནང་བཞག་༎

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།