འཁྱགས་རོམ་ཞུར་བ

07/12/2009 13:28

ཧི་མ་ལ་ཡའི་འཁྱགས་རོམ་ཞུར་བས་ཨེ་ཤེ་ཡའི་ནང་གནོད་འཚེ། ཨེ་ཤེ་ཡའི་རྒྱལ་ཁབ་ནང་གི་མི་དམངས་ཐེར་འབུམ་གཅིག་ལྷག་ནི་ཧི་མ་ལ་ཡའི་འཁྱགས་རོམ་ལ་རྟེན་ནས་

འཚོ་ཐབས་བྱེད་ཀྱི་ཡོད་ཅིང།  ཡིན་ནའང་དེ་རིང་ཁོར་ཡུག་ཐོག་གི་མཁས་པ་ཚོས་ཧི་མ་ལ་ཡའི་འཁྱགས་

རོམ་རྣམས་མྱུར་ཚད་མགྱོགས་པོས་ཞུར་བཞིན་ཡོད་པ་དང་དེ་ཡིས་ཨེ་ཤེ་ཡའི་རྒྱལ་ཁབ་དེ་དག་ནང་དུ་ཐེན་

པའི་དཀའ་ངལ་དང་ཆུ་ལོག་སོགས་རང་འབྱུང་གི་གནོད་འཚེ་བཟོ་རྒྱུའི་བསྐྱར་དུ་ཉེན་བརྡ་བཏང་ཡོད་པ་རེད།

ཧི་མ་ལ་ཡའི་ཁུལ་དུ་ཆགས་པའི་འཁྱགས་རོམས་ཀྱི་རྒྱ་ཁྱོན་ནི་ཀི་ལོ་མི་ཊར་ཉིས་སྟོང་བཞི་རྒྱ་ཡོད་པ་དང་དེ་

ནི་ཨེ་ཤེ་ཡའི་རྒྱལ་ཁབ་པ་ཀི་སི་ཐན་དང། རྒྱ་གར། བོད། བལ་ཡུལ། འབྲུག་ཡུལ་གྱི་རྒྱལ་ཁབ་དེ་དག་ནང་ཆགས་

ཏེ་ཨེ་ཤེ་ཡའི་གཙང་ཆུ་ཆེ་ཁག་དགུ་ཡི་ཆུ་མགོ་ཡིན་པ་དང་དེར་གནས་པའི་མི་དམངས་ཐེར་འབུམ་གཅིག་དང་

གྲངས་ཆུང་གསུམ་གྱི་འཚོ་བའི་རྟེན་གཞི་ཡང་ཡིན་པ་རེད། འོན་ཀྱང་ཨེ་ཤེ་ཡའི་རྒྱལ་ཁབ་དེ་དག་ནང་གི་གནམ་

གཤིས་དྲོ་ཚད་རིམ་པས་མཐོ་རུ་འགྲོ་བཞིན་ཡོད་པ་མ་ཟད། འདས་པའི་མི་ལོ་བཅུ་ཕྲག་གསུམ་རིང་ལ་འཁྱགས་

རོམ་བཞུར་ཏེ་འཁྱགས་རོམ་གྱི་རྒྱ་ཁྱོན་མངོན་གསལ་དོད་པོས་ཆུང་དུ་འགྲོ་གི་ཡོད་པ་རེད།

 

དེར་བརྟེན་རིང་མིན་ཟླ་བ་འདིའི་ནང་ཌེན་མཀ་ཀྱི་རྒྱལ་ས་ཀོ་པེན་ཧེ་གེན་དུ་འཛམ་གླིང་གི་གནམ་གཤིས་ཀྱི་

ཚ་དྲོད་འཕེལ་བའི་དཀའ་ངལ་དེའི་ཐོག་ལ་འཛམ་གླིང་དབུ་ཁྲིད་རྣམས་པའི་ལྷན་ཚོགས་སྐོང་ཚོགས་གནང་

གི་ཡོད་པར་སོང། ཧི་མ་ལ་ཡའི་རི་རྒྱུད་ཀྱི་འཁྱགས་རོམ་བཞུ་བའི་དཀའ་ངལ་སེལ་ཐབས་ཀྱི་ལས་འགུལ་སྤེལ་

མཁན་ཚོས། ཧི་མ་ལ་ཡའི་རི་རྒྱུད་དུ་ཆགས་པའི་འཁྱགས་རོམ་ཁག་ཅིག་མ་འོངས་པའི་མི་ལོ་བཅུ་ཕྲག་འགའ་

ཤས་ནང་དུ་རྩ་མེད་དུ་འགྲོ་རྒྱུ་ཡིན་པའི་ཉེན་བརྡ་གཏོང་བ་དང།

ཚན་རིག་པ་ཚོས་ཀྱང་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་དེའི་ཐོག་ནས་མི་ལོ་བཅུ་ཕྲག་གཉིས་ནང་ལ་ཧི་མ་

ལ་ཡའི་ཁུལ་གྱི་འཁྱགས་རོམ་མང་ཆེ་བ་བཞུར་ཏེ་རྩ་མེད་དུ་འགྱུར་རྒྱུ་ཡིན་པ་སྔོན་འགོག་གནང་གི་ཡོད་པ་

རེད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རིང་མིན་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སེལ་ཕྱོགས་

ཐོག་ལ་འཛམ་གླིང་གི་དབུ་ཁྲིད་ལྷན་འཛོམས་གནང་གི་ཡོད་པར་བརྟེན་ནས་ཧི་མ་ལ་ཡའི་བརྒྱུད་དུ་ཆགས་

པའི་འཁྱགས་རོམ་རྣམས་ཕྱི་ལོ་ཉིས་སྟོང་ཉི་ཤུ་རྩ་གསུམ་ནང་མེད་པ་ཆགས་རྒྱུའི་ཉེན་ཁའི་གནས་སྟངས་དང།

ཁོར་ཡུག་ཐོག་གི་མཁས་པ་ཚོས་རྒྱལ་སྤྱིའི་གནམ་གཤིས་ཚ་དྲོད་འཕེལ་བའི་ཤུགས་རྐྱེན་དེ་ཡིས་ཧི་མ་ལ་ཡའི་

རི་རྒྱུད་ཀྱི་འཁྱགས་རོམ་རྣམས་འཛམ་གླིང་གཞན་གྱི་ནང་དུ་ཡོད་པའི་འཁྱགས་རོམ་བཞུར་ཚད་ལས་མྱུར་བ་

ཡོད་པའི་ཉེན་བརྡ་གཏོང་གི་ཡོད་པའི་གནས་ཚུལ་དྲན་སྐུལ་གནང་ཡོད་པ་རེད།   

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།