མེ་སྐྱོན་གྱི་དཀའ་ངལ

11/04/2012 11:14

 

རྫོང་ཁག་བཞིའི་ནང་མེ་སྐྱོན་གྱི་དཀའ་ངལ།

སྨར་ཁམས་ས་ཁུལ་གྱི་མེ་སྐྱོན་ཆབ་མདོ་དང་གོ་འཇོ། བྲག་གཡབ་སོགས་རྫོང་ཁག་བཞི་ཙམ་གྱི་ནང་ཁྱབ་ཏེ་ས་གནས་མང་ཚོགས་དཀའ་ངལ་ཁྲོད་ལྷག་ཡོད་འདུག  
 
ཕྱི་ཟླ་ ༣ པའི་ཚེས་༡༠ ཉིན་བོད་ཤར་ཕྱོགས་སྨར་ཁམས་རྫོང་ལྷོ་ར་ཤང་ལྕགས་སོ་སྟེང་ཞེས་པའི་ས་གནས་ཀྱི་རི་རྩེར་མེ་སྐྱོན་བྱུང་སྟེ་ཟླ་གཅིག་འགྲོ་བཞིན་པ་ལྟར། ཉེ་ཆར་སྨར་ཁམས་ས་གནས་སྲིད་གཞུང་གིས་དུས་ཐོག་མེ་སྐྱོན་འགོག་ཐབས་མ་བྱས་སྟབས། ལྷོ་ར་ཞང་དང་ཙོང་ཤོད་ཞང་། སྤང་མདའ་ཞང་བཅས་ཀྱི་མི་མང་མཉམ་རུབ་ཐོག་མེ་གསོད་ཐབས་བྱས་ཀྱང་། མེ་སྐྱོན་འགོག་མ་ཐུབ་པར་རྒྱ་གར་རྗེས་མཛོ་དང་ཤ་འགྱུར་ཆེ་ཆུང་ཟེར་བའི་ས་གནས་ཁག་ནས་རིམ་གྱིས་མཆེད་དེ། ཆབ་མདོ་དང་གོ་འཇོ། བྲག་གཡབ་སོགས་རྫོང་ཁག་བཞི་ཙམ་གྱི་ནང་རྒྱ་ཁྱབ་དུ་ཕྱིན་ཡོད་འདུག  

གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། རྒྱ་ནག་གི་གསར་ལམ་ཁག་ཏུ་ཉེ་ཆར་མེ་སྐྱོན་བྱུང་རྗེས་ས་གནས་སྲིད་གཞུང་གིས་ཆབ་མདོ་ནས་མེ་གསོད་རུ་ཁག་རླངས་འཁོར་ ༤ ཙམ་ཆེད་གཏོང་གིས་མེ་གསོད་ཐབས་བྱས་ཡོད་སྐོར་བརྗོད་ཡོད་ཀྱང་། ཉེ་ལམ་མེ་སྐྱོན་གྱི་གནས་ཚུལ་བྱུང་མ་ཐག་འབྲོག་པ་མང་ཚོགས་ཀྱིས་སྲིད་གཞུང་ལ་མགྱོགས་མྱུར་མེ་གསོད་ཐབས་བྱ་དགོས་པ་དང་།  གལ་སྲིད། མུ་མཐུད་བཞག་པ་ཡིན་ན་མང་ཚོགས་ལ་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡིན་པའི་རེ་སྐུལ་ཐེངས་མང་ཞུས་ཀྱང་།  སྲིད་གཞུང་གི་ལས་བྱེད་ཚོས་ཡ་ལན་སྤྲད་མེད་སྟབས། ད་ཆ་ས་གནས་འབྲོག་པ་ཚོ་ས་ཁུལ་གཞན་ལ་གནས་སྤོར་བྱ་དགོས་བྱུང་ཡོད་འདུག

གསར་འགོད་པ། དོན་གོ
Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།