མེ་མདའི་སོ་འོག་

02/08/2009 01:53

མེ་མདའི་སོ་འོག་གི་གྲངས་ཉུང་མི་རིགས།

བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་ ༢༣༧ ཐོག་རྩོམ་སྒྲིག་པའི་གཏམ།

སྤྱིར་རྒྱ་ནག་ལ་མཚོན་ན་མི་རིགས་མང་པོ་ཡོད་པ་དང་མི་འབོར་ཆེས་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་ལ། ད་ལྟའི་ཆར་

དཔལ་འབྱོར་གྱི་གནས་སྟངས་ཡར་རྒྱས་སུ་འགྲོ་བཞིན་ཡོད་པའི་སྟོབས་ཆེན་རྒྱལ་ཁབ་ཆགས་ཡོད་ནའང།    པེ་ཅིང་

གཞུང་གིས་དེང་སྐབས་རང་ཉིད་ཀྱི་མངའ་འོག་ཏུ་ཡོད་པའི་གྲངས་ཉུང་མི་རིགས་དག་གི་བདེ་སྡུག་ལ་དངོས་ཐོག་

བདེན་འཚོལ་གྱི་ཐག་གཅོད་རོགས་རམ་བྱེད་རྒྱུ་ཕར་ཞོག བདེ་སྡུག་གི་ཞུ་འབོད་ལ་མེ་མདས་ཡ་ལན་སྤྲད་པ་དང།

མི་རིགས་ཀྱི་བདེ་སྡུག་ཆེད་ཞི་བའི་ངོ་རྒོལ་བྱེད་མཁན་དག་གི་ཚེ་སྲོག་ནི། ཚན་རིག་སློབ་སྦྱོང་བྱེད་མཁན་དག་གིས་

ཙི་ཙིའི་ཚེ་སྲོག་ཚོད་ལྟ་བྱེད་པའི་ལག་ཆར་བེད་སྤྱོད་བྱེད་བཞིན་པ་ལྟར།

པེ་ཅིང་གཞུང་གི་དམག་མི་དང་ཉེན་རྟོག་པའི་ལག་རྩེ་ན་གྲངས་ཉུང་མི་རིགས་སུ་གཏོགས་པའི་མི་སེར་དག་གི་ཚེ་

སྲོག་ནི་ཅི་མི་སྙམ་པར་རྩེད་ཆས་སུ་གྱུར་ཡོད། བོད་དང་ཤིན་ཅང་ལྟ་བུར་མཚོན་ན་འདས་པའི་ལོ་རྒྱུས་མང་པོ་ཞིག་

ལ་བསྐྱར་ཞིབ་བྱེད་མི་དགོས་པར། ལོ་སྔོན་མའི་ནང་བོད་ས་སྟོད་སྨད་བར་གསུམ་ནས་རང་དབང་དང། འདྲ་མཉམ་

གྱི་ཆེད་དུ་བོད་མི་ཞི་རྒོལ་བྱེད་མཁན་དག་ལ་རྒྱ་གཞུང་གིས་དྲག་གནོན་བྱས་ནས། བོད་མི་གང་མང་ཞིག་གི་ཚེ་སྲོག་

ཕྲོགས་ཡོད་པ་དང། ཉེ་ཆར་ཟླ་འདིའི་ཚེས་༦ ཉིན་ཤར་དུར་ཀི་སི་ཐན་གྱི་མི་རིགས་རང་དབང་རྩོད་ལེན་བྱེད་མཁན་

ཆིག་སྟོང་མ་ཟིན་ཙམ་ཤི་རྨས་སུ་བཏང་ཡོད་པ་རེད།

འདི་ལྟ་བུའི་སྲིད་བྱུས་དང་བྱེད་སྟངས་འོག་གྲངས་ཉུང་མི་རིགས་རྣམས་ཀྱིས་པེ་ཅིང་གཞུང་ལ་ཡིད་ཆེས་དང་རེ་བ་ཇི་

ཙམ་བརྒྱབ་ཡོད་མེད་དང། པེ་ཅིང་གཞུང་གིས་འགྲོ་བ་མིའི་རིགས་ཀྱི་ཚེ་སྲོག་ལ་རིན་ཐང་ག་ཚོད་སྤྲད་བཞིན་ཡོད་མེད་

ཐད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེས་ཀྱང་སྐད་ངན་ཤོར་དགོས་བྱུང་ཡོད་པ་རེད།


    གྲངས་ཉུང་མི་རིགས་ཀྱི་ངོས་ནས་རྒྱ་གཞུང་གི་མེ་མདའི་དྲག་གནོན་ལ་ཞེད་ནས་མུ་མཐུད་རང་དབང་རྩོད་ལེན་

བྱེད་རྒྱུ་མཚམས་འཇོག་སྲིད་དམ།  ཡང་ན་ཚེ་སྲོག་འབེན་དུ་བཙུགས་ནས་རང་དབང་རྩོད་ལེན་མུ་མཐུད་ནས་བྱེད་

སྲིད་ཅེས་པའི་དྲི་བ་འདི་ལ་ཁ་ཚོན་ཆོད་པའི་ལན་འདེབས་ཤིག་བྱེད་དཀའ་ཡང།   དུས་རྒྱུན་རང་དབང་དང་འདྲ་

མཉམ་མེད་པའི་གནས་བབས་ཤིག་གི་འོག་ཏུ་གནས་ཡོད་པ་དང། ད་ལྟའི་དུས་འདིར་ཡང་རང་རིགས་མི་མང་སྡེབ་

གསོད་ཀྱི་དོན་རྐྱེན་འདི་ལྟར་བོད་པ་དང། ཤིན་ཅང་ཁ་ཆེའི་ཆོས་དད་པ་དག་གི་ཐོག་ལྷགས་བཞིན་ཡོད་པས། དཀའ་

ངལ་རྙིང་པ་ཇི་སྙེད་ཅིག་ཡོད་པའི་ཐོག ཤ་འཁོན་གསར་པ་འདི་ལྟ་བུ་མང་པོ་ཞིག་རིམ་བཞིན་བྱུང་ཡོད་པས། ལས་སླ་

པོར་རང་དབང་རྩོད་ལེན་གྱི་ལས་འགུལ་འདི་དག་མཚམས་འཇོག་བྱེད་མི་སྲིད་པ་ལྟ་བུར་གྱུར་ཡོད། དོན་དངོས་ཐོག་

དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུ་པའི་ནང་དང་མི་འདྲ་བར། ད་ལྟའི་དུས་འདིར་གོ་ལ་གཅིག་གྱུར་གྱི་དུས་རབས་

ཞེས་འབོད་བཞིན་པ་ལྟར། ཁ་སང་ཤིན་ཅང་མི་མང་གི་དམར་གསོད་ཆེན་མོ། དེ་རིང་འཛམ་གླིང་མི་མང་གི་ཤེས་ཐུབ་

པས། རྒྱ་ནག་ཀྱང་འཛམ་གླིང་གི་རྒྱལ་ཁབ་ཁག་དང་ལྷན་དུ་དཔུང་པ་མཉམ་གཤིབས་བྱས་ནས་འགྲོ་བཞིན་པའི་སྐབས་

འདིར་བྱེད་སྟངས་འདི་རིགས་ངོ་ཚ་ཁ་སྐྱེངས་དགོས་པའི་གནད་དོན་ཞིག་ཏུ་གྱུར་ཡོད་པ་དངོས་ཡོད་གནས་ཚུལ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་ཁག་ཅིག་ལ་སྤྱན་གྱིས་གཟིགས་པ་དང།

ཁག་ཅིག་ལ་མིག་གིས་བལྟ་བ་ལྟ་བུ་མ་ཡིན་པར་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པ་མ་ཟད། ཡུ་རོབ་མཉམ་འབྲེལ་

དང། ཨ་རི་སོགས་ཀྱིས་ཀྱང་རྒྱ་ནག་གིས་བཙན་བཟུང་བྱས་པའི་གྲངས་ཉུང་མི་རིགས་དག་གི་ཚེ་སྲོག་དང་རང་དབང་

གི་ཆེད་དུ་བདེན་པའི་རྒྱབ་སྐྱོར་གནང་རྒྱུའི་དུས་ལ་བབ་ཡོད། གྲངས་ཉུང་མི་རིགས་ཚོའི་ངོས་ནས་བཤད་ན་གནད་

དོན་འདི་སྟོབས་ཆེ་ཆུང་དང་གྲངས་མང་ཉུང། དབང་ཆེ་ཆུང་བཅས་ལ་མ་ལྟོས་པར། རྒྱ་གཞུང་གིས་རྒྱུད་སྐུལ་འོག་མི་

རིགས་ཀྱི་འགལ་ཟླར་གྱུར་ཡོད་པས་འཐབ་རྩོད་ཀྱི་ངོ་བོ་རྒྱ་མཚོ་ལྟར་གཏིང་ཟབ་པ་དང།

རི་བོ་ལྟར་དཔང་མཐོན་པོར་གྱུར་ཡོད་པས་གྲངས་ཉུང་མི་རིགས་རྣམས་རྡོག་རྩ་ཆིག་སྒྲིལ་གྱི་ཐོག་ནས་རང་དབང་རྩོད་

ལེན་མཚམས་བྱེད་མི་འོས་པ་ལྟ་བུར་གྱུར་ཡོད་པ་རེད།།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།