མི་ཤོང་པའི་རྫུན་གཏམ་

10/09/2009 12:15

      བོད་ཀྱི་ཞིང་བྲན་ལམ་ལུགས་སྟེ། ནམ་མཁར་མི་ཤོང་པའི་རྫུན་གཏམ་འདི་

                                    སུས་རྟོགས་བཟོ་བྱས་སམ།

ཁྲིན་ཕའོ་ཁོང་གིས་བརྩམས། འབྲོག་མྱིས་བསྒྱུར།

བོད་ལ་དབང་བསྒྱུར་བྱས་པར་ཁྲིམས་མཐུན་ཡིན་ལུགས་བདེན་དབང་བྱེད་རྒྱུའི་ཆེད་དུ་རྒྱ་ནག་དམར་ཤོག་ཚོགས་

པས་སྤྱི་ལོ་༡༩༥༩ལོའི་སྔོན་གྱི་བོད་ལ་༼བཀས་བཀོད་ཞིང་བྲན་ལམ་ལུགས་༽ཞེས་རང་བཞིན་གཏན་འབེབས་བྱས་ཡོད་

པ་མ་ཟད། ༼དུས་རབས་བར་མའི་ཡོ་རབ་ལས་ཀྱང་མུན་ནག་༽རེད་ཅེས་སྒྲོ་འདོགས་བྱས་ཡོད་མོད།  ཡང་ཕྱོགས་གཞན་

ཞིག་ནས་རྒྱ་ནག་གིས་བོད་ལ་བཙན་འཛུལ་དང་དབང་བསྒྱུར་བྱས་ཚུལ་དེ་༼ཞིང་བྲན་བཅིངས་འགྲོལ་༽བཏང་ལུགས་

འུད་སྒྲོག་གང་ཐུབ་བྱས་དང་བྱེད་མུས་རེད། དེ་བས། ད་ལོར་ཡང་༼ཞིང་བྲན་ས་ཡ་གཅིག་བཅིངས་འགྲོལ་བཏང་པའི་

དུས་དྲན་༽ཞེས་པ་ཞིག་དམིགས་བསལ་གཏན་འཁེལ་བྱས་ཏེ་ལོ་རྒྱུས་ཀྱི་དུམ་མཚམས་འདི་རྡོ་ལ་རི་མོ་བརྐོས་པ་ཇི་

བཞིན་རྒྱ་ནག་དམག་ཤོག་ཚོགས་པས་རང་སྣང་གང་ཤར་དུ་བཏགས་ཆོག་ཆོག་ཅིག་རེད་འདོད་ཡོད།

              དེའི་དབང་གིས་འབྲི་མཁན་ངས་བོད་དང་རྒྱ་ནག  དེ་མིན་རྒྱལ་ཁབ་གཞན་དག་གི་འབྲེལ་ཡོད་ལོ་རྒྱུས་

ཡིག་ཆ་འཚོལ་ཞིབ་བྱས་པ་མ་ཟད། ད་དུང་སྤྱི་ལོ་༡༩༥༩ལོའི་སྔོན་དུ་བོད་ནང་བཞུགས་སྡོད་བོད་མི་མང་དག་ཅིག་

ལ་བཅར་འདྲི་བྱས་མྱོང་པ་དང་།      དེའི་ནང་ད་ལྟ་དགུང་ལོ་བདུན་ཅུ་བརྒལ་པའི་བཙན་བྱོལ་བོད་གཞུང་བཀའ་

བློན་ཁྲི་བ་ཟམ་གདོང་རིན་པོ་ཆེ་མཆོག་ཀྱང་ཐེ་ཡོད། དེ་དག་ལས་ཤེས་རྟོགས་བྱུང་པ་ཞིག་ནི།   རྒྱ་ནག་དམར་ཤོག་

ཚོགས་པ་ཁོ་ནས་སྔོན་ཆད་ཀྱི་བོད་ལ་༼ཞིང་བྲན་ལམ་ལུགས་༽སུ་འབོད་ཀྱིན་ཡོད་པ་ལས།   ལོ་རྒྱུས་ཀྱི་ཡིག་ཆ་གཞན་

དག་ཚང་མ་དང་སྒོས་སུ་བོད་རིང་ཉིད་ཀྱི་འགྲེལ་བརྗོད་གཉིས་ལ་གནམ་ས་འཛོལ་པའི་ཁྱད་པར་འདུག

              སྤྱི་ལོ་༡༩༥༩ལོའི་སྔོན་གྱི་བོད་ཀྱི་མི་འབོར་གྱི་གྲུབ་སྟངས་དེར་ཕལ་ཆེར་དབྱེ་འབྱེད་འདི་ལྟ་བུ་ཞིག་བྱས་

ཆོག་པར་སྙམ། དེ་ནི་ཞིང་པ་དང་། འབྲོག་པ། ལག་ཤེས་པ་། དགེ་འདུན་པ། བཙུན་མ་བཅས་ཀྱིས་གྲུབ་ཡོད་པ་དང་།

དགོན་སྡེ་ཁག་ཏུ་སློབ་གཉེར་བྱེད་བཞིན་པའི་གྲྭ་བཙུན་ལས་གཞན་གྱི་བོད་མི་དཀྱུས་མའི་ཁྲོད་ཞིང་པས་༦༠ %ཟིན་

ཡོད་ཅིང་། འབྲོག་པས་༣༠%ཟིན་ཡོད་པ་དང་། ལག་ཤེས་པས་༡༠%ཟིན་ཡོད་འདུག   སྐབས་དེར་བོད་ཀྱི་ས་ཞིང་གི་

བདག་པོ་ནི་བོད་སྡེ་བ་གཞུང་དང་དགོན་པ། མི་སྒེར་སོགས་ལ་དབང་ཡོད་པ་དང་།   ས་ཞིང་མེད་པའི་བོགས་ལེན་

དུད་ཚང་ཚོས་ས་ཞིང་བོགས་མ་བླངས་ནས་འདེབས་ཀྱིན་ཡོད་པས་དེ་ལ་བོགས་མའི་ས་ཞིང་ཟེར་ཞིང་དུད་ཆུང་ཚོའི་

འཚོ་རྟེན་ཡང་དེ་ཡིན། བོད་ཀྱི་ས་ཞིང་གི་བདག་པོར་མངའ་བདག་དང་ཡང་ན་ས་བདག་གང་ཞིག་བཏགས་ཀྱང་།

བོགས་ལེན་དུད་ཚང་ཚོས་གཞུང་གཞིས་ནས་བོགས་མ་བླངས་ན་ཡང་འདྲ། ཆོས་གཞིས་ནས་བོགས་མ་བླངས་ནའང་

ཆོག       དེ་མིན་སྒེར་གཞིས་ལས་བོགས་མ་བླངས་ན་ཡང་འགྲིག     གང་ལྟར་ས་བོགས་འབྲེལ་བ་དེ་སྐབས་དེ་དུས་

ཀྱི་རྒྱལ་ཁབ་གཞན་དག་གི་གནས་སྟངས་དང་མ་འདྲ་བ་ཅི་ཡང་མེད།དོན་དངོས་སུ། དུས་རབས་ཉི་ཤུའི་དཀྱིལ་དུ་

འཚོ་སྡོད་བོད་ཀྱི་ཞིང་པ་དང་འབྲོག་པ་རྣམས་དང་སྐབས་དེའི་དུས་མཉམ་གྱི་རྒྱ་ནག་གི་ཞིང་པའི་གནས་བབ་དང་

ཕན་ཚུན་བསྡུར་ཚེ།   གོ་གནས་འདྲ་མཉམ་ཡིན་ཡང་བོད་ཀྱི་ཞིང་པ་དང་འབྲོག་པ་ཚོས་ལོངས་སུ་སྤྱོད་བཞིན་པའི་

འཚོ་བའི་ཆ་རྐྱེན་དང་རང་དབང་གི་ཚད་གཞི་དེ་རྒྱ་ནག་གི་ཞིང་པ་ལས་མཐོ་པ་དང་། དེའི་རྒྱུ་མཚན་ནི་སྐབས་དེ་

དུས་རྒྱ་ནག་དེ་འཐབ་འཁྲུག་ནང་ལྷག་ཡོད་པས་རྒྱ་ནག་ཞིང་པའི་འགན་ཁུར་ཤིན་ཏུ་ལྕི་པ་དང་དངོས་གནས་ཞོཌ་

ཇ་ཡོད་ན་དགོང་ཆས་མེད་པའི་གནས་སུ་སླེབས་ཡོད།       ཡིན་ཡང་བོད་ནང་དུ་དུས་བདེ་གནས་འཇམ་དང་༼བོད་

གཞུང་དབུ་མའི་ལམ་ལ་སྤྱོད་ནས་འཛམ་གླིང་འཁྲུག་ཆེན་དང་མཐའ་འཁོར་གྱི་དམག་འཁྲུག་ནང་ཞུགས་མེད།༽མི་

དམངས་ཀྱང་ཞི་ཞིང་བདེ་པའིི་དཔལ་ལ་རོལ་ནས་གནས་ཡོད་པས་བོད་ཁམས་ཡོངས་སུ་གནས་བརྟན་བཅའ་བདེའི་

རྣམ་པ་ཞིག་ཤར་ཡོད། བོགས་ལེན་དུད་ཚང་ཚོས་བོགས་མའི་བདག་པོར་འབྲུ་ཁྲལ་དང་དཔྱ་ཁྲལ་སོགས་འཇལ་འཕྲོ་

ན་ལོ་དེའི་ཟ་འཐུང་ལ་སེམས་ཁུར་མི་དགོས།  ཁྲལ་ཡོངས་རྫོགས་ཀྱིས་ལོ་དེའི་སྟོན་འབྲས་ཀྱི་༢%ནས་༤% ཙམ་མ་

གཏོགས་མི་ཟིན་པ་མ་ཟད་གལ་ཏེ་ལོ་ངན་ཐན་པ་དང་ཕྲད་ན་ཁྲལ་རིགས་མེད་པར་བཟོ་རྒྱུའི་སྲོལ་ཡང་ཆགས་ཡོད་

འདུག    

                    སྤྱི་ལོ་༡༩༥༩ལོའི་སྔོན་དུ། བོད་ནང་མུ་གེ་བྱུང་མྱོང་མེད་པ་དང་། འབངས་མི་མུ་གེ་ལྟོག་སྐོམ་གྱིས་ཤི་

བའི་ལོ་རྒྱུས་དེ་བས་ཀྱང་མེད། རྒྱ་ནག་དམར་ཤོག་ཚོགས་པས་བོད་ལ་དབང་བསྒྱུར་བྱས་རྗེས། ཁྲག་དྲི་བྲོ་པའི་ས་ཞིང་

བཅོས་བསྒྱུར་དང་། ཀོང་ཧྲེ་ཞེས་པའི་ཐུན་མོང་མཉམ་ལས་ཅན། མཆོངས་སྐྱོད་ཆེན་མོ། རིག་གནས་གསར་བརྗེ་སོགས་

ཀྱང་བོད་ཡུལ་དུ་ཚ་ཚ་འུར་འུར་དུ་སྤེལ་པ་མ་ཟད།      ད་དུང་བོད་ནང་འབྲུ་རིགས་ཡོད་ཚད་རྒྱ་ནག་ནང་ཁུལ་དུ་

དབོར་ནས་ཚབས་ཆེ་པའི་སྐབས་སུ་བོན་ཡང་ལྷག་མེད་པའི་གནས་སྟངས་བྱུང་ཡོད་ཅིང་།     དུས་རབས་ཉི་ཤུའི་ལོ་

རབས་ལྔ་བཅུའི་མཇུག་དང་དྲུག་ཅུའི་མགོ་རུ་བོད་ནང་དུ་མུ་གེ་རྒྱ་ཁྱབ་ཏུ་བྱུང་ཡོད་པ་དང་། འདི་ནི་བོད་ཀྱི་ལོ་

རྒྱུས་ནང་གི་མུ་གེ་བྱུང་པའི་ལོ་རྒྱུས་དང་པོ་དེ་རེད།

དེ་སྔོན་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཨུ་ཡོན་ཀྲང་གཞོན་པའི་གོ་གནས་བཞེས་མྱོང་མཁན་པན་

ཆེན་རིན་པོ་ཆེ་མཆོག་བོད་ས་གང་སར་གཟིགས་སྐོར་དུ་ཆིབས་བསྒྱུར་བསྐྱངས་སྐབས། བོད་མི་མང་ཚོགས་ཀྱིས་

དད་པའི་གུས་ཕྱག་མཉམ་དུ་༼མི་དམངས་ཀྱི་ལྟོག་སྐོམ་སེལ་བར་མཁྱེན། ནང་པའི་ཆོས་འདི་སྐྱོབ་རོགས་གནོངས་༽ཞེས་

སྨྲེ་སྔགས་བར་མེད་དུ་བསྒྲགས་པས། པན་ཆེན་རིན་པོ་ཆེ་མཆོག་གིས་རྒྱ་ནག་གི་སྐབས་དེའི་སྲིད་བློན་ཀྲིག་ཨེན་ལེ་ལ་

ཡིག་འབྲི་ཁྲི་བདུན་ཅན་གྱི་སྙན་ཞུ་ཞེས་པ་ཕུལ་ཡོད་པ་དང་། སྙན་ཞུ་དེའི་ནང་དུ་༼སྔོན་ཆད་ཀྱི་བོད་ཡུལ་

ཁམས་སུ་ནང་པའི་ཆོས་ལུགས་གང་སར་དར་སྲོལ་ཤིན་ཏུ་ཆེ་སྟབས། མཆོག་དམན་དབུལ་ཕྱུག་སུ་ཡིན་ཡང་དབུལ་

སྐྱོབ་སྦྱིན་གཏོང་གི་གོམས་སྲོལ་ཡག་པོ་དེ་ཡོད་ཕྱིར་བཟའ་བཏུང་སློང་ནས་བསྡད་ཀྱང་འཚོ་བ་རོལ་ཐུབ་ཀྱིན་ཡོད།

མུ་གེས་ཤི་རྒྱུའི་གནས་ཚུལ་རིགས་བྱུང་མི་སྲིད། ------དེ་རིང་། འབངས་མི་སྐོར་དང་སྐོར་བྱས་ནས་མུ་གེས་ཤི་བཞིན་

ཡོད་པ་དེ་དག་ནི་ཟ་འཐུང་མེད་པར་ལྟོག་ཤི་བརྒྱབ་པ་རྐྱང་རྐྱང་རེད། ཡིད་སྐྱོ་བ་ཞིག་ནི་ཁྱིམ་ཚང་གཅིག་གི་ནང་མི་

ཡོད་ཚད་མུ་གེས་ཤི་པའི་གནས་སྟངས་ཀྱང་བྱུང་ཡོད་༽ཅེས་དང་། ཡང་པན་ཆེན་རིན་པོ་ཆེ་མཆོག་ཐུགས་འཁྲོས་པས་

ངང་༼སྔོན་ཆད་ཀྱི་བོད་ཀྱི་སློང་མོ་བ་ཚོར་སློང་བྱེད་ཕོར་བུ་ཞིག་ཡོད་ལ་དེ་རིང་གི་སློང་མོ་བ་ཚོ་ཐ་ན་སློང་བྱེད་ཀྱི་ཕོར་

བུ་ཞིག་ཀྱང་མེད་༽ཅེས་ནན་གྱིས་བརྗོད་ཡོད། སྙན་ཞུ་དེ་ཕུལ་པར་རྐྱེན་བྱས་ནས་བོད་མས་དགོང་ན་ཉི་ཟླ་ཟུང་གཅིག་

ས་ན་རྒྱལ་བ་པན་ཆེན་ཞེས་འབོད་པའི་པན་ཆེན་རིན་པོ་ཆེ་མཆོག་རྒྱ་ནག་གཞུང་གིས་བཙོན་དུ་བཅུག་ནས་ལོ་ངོ་

བཅུར་བཞག

                      སྔོན་ཆད་གྱི་བོད་གཞུང་གི་རྩ་ཁྲིམས་ལྟར་ན། བོགས་མའི་བདག་པོས་གང་བྱུང་དུ་བོགས་ལེན་དུད་

ཚང་བདའ་མི་ཆོག་པ་མ་ཟད་བོགས་ལེན་པར་ཉེས་རྡུང་སོགས་དེ་བས་ཀྱང་བཏང་མི་ཆོག འབངས་མིས་ཁྲིམས་

འགལ་གྱི་བྱ་བ་བྱས་ཡོད་ཀྱང་མངའ་བདག་གམ་ཞིང་བདག་ལ་ཉེས་ཆད་གཅོད་རྒྱུའི་ཐོབ་ཐང་མེད་པ་དང་། ཉེས་

ཅན་དག་ངེས་པར་དུ་སྲིད་གཞུང་ལ་རྩིས་སྤྲོད་ཀྱིས་ཁྲིམས་ལུགས་བྱ་རིམ་ལྟར་ཐག་གཅོད་བྱེད་དགོས། ༡༩༥༩ལོའི་

སྔོན་དུ། བོད་གཞུང་གི་བཙོན་ཁང་ཁག་གི་ནང་དུ་བཙོན་མའི་གྲངས་ཀ་བརྒྱ་ལའང་མི་ལོང་པ་དང་། དེ་ལས་ལྡོག་

སྟེ་རྒྱ་ནག་དམར་ཤོག་ཚོགས་པས་བོད་ལ་དབང་བསྒྱུར་བྱས་རྗེས་བོད་ས་གང་སར་བཙོན་ཁང་དང་ངལ་རྩོལ་བསྒྱུར་

བཅོས་ར་བ་གསར་འཛུགས་བྱས་ཏེ་བཙོན་མ་སྟོང་ཕྲག་མང་པོ་བཙན་ཁང་དང་ངལ་རྩོལ་བསྒྱུར་བཅོས་ར་བ་དེ་དག་

གི་ནང་བཅུགས་ཡོད་ཅིང་། ལྷག་པར་དུ་ཆབ་སྲིད་བཙོན་མ་མང་དག་ཅིག་བཀག་ཉར་བྱས་ཡོད། བཙོན་མ་དེ་དག་

ལས་མང་ཆེ་བའང་སོ་སོའི་ཆོས་དད་མ་བརླག་རྒྱུན་བསྐྱངས་པར་རྐྱེན་བྱས་ཏེ་བཙོན་མར་གྱུར་བ་རེད་ལ། དེ་སྔོན་གྱི་

བོད་ཀྱི་སྤྱི་ཚོགས་ལྟ་བུ་རུ་འདི་ནི་བློ་ཡུལ་དུ་དཔོག་དཀའ་པའི་གནས་ལུགས་ཤིག་རེད།  རྒྱ་ནག་དམར་ཤོག་ཚོགས་

པས་བོད་དབང་བསྒྱུར་མ་བྱས་པའི་སྔོན་གྱི་བོད་གཞུང་བཀའ་ཤག་གི་གྲུབ་སྟངས་ནི། ཕྱེད་ཀ་སེར་མོ་དང་ཕྱེད་ཀ་སྐྱ་

བོས་གྲུབ་ཡོད་ཅིང་། སྐྱ་བོའི་བཀའ་བློན་རྣམས་ནི་རྒྱུད་འཛིན་ལམ་ལུགས་དང་། དེ་ནི་སྔོན་ཆད་ཀྱི་རྒྱ་ནག་སོགས་

རྒྱལ་ཁབ་གཞན་དག་དང་གཅིག་འདྲ་རེད། སེར་མོ་བའི་དཔོན་རིགས་ནི་ཁྱིམ་རྒྱུད་གྱི་རྒྱབ་ལྗོངས་ལ་མི་ལྟ་བར་མང་

ཆེ་ཤོས་ཁྱིམ་ཚང་དཀྱུས་མ་ནས་ཡོང་བ་ཤར་རྟགས་ཡིན། བོད་ལ་ཁ་དཔེ་ཞིག་ཡོད་པ་ནི་ཨ་མའི་བུ་ལ་ཡོན་ཏན་ཡོད་

ན། དགའ་ལྡན་ཁྲི་ལ་བདག་པོ་མེད་ཅེས་ཟེར་སྲོལ་ཡོད་པ་དེ་བཞིན་རེད། བོད་ཀྱིས་ལག་ལེན་དུ་བསྟར་བའི་ལམ་ལུཌ་

ནི་༼ཆོས་སྲིད་གོང་བུ་གཅིག་གྱུར་༽(རྒྱ་ནག་གིས་བོད་གྱི་ཆབ་སྲིད་ལམ་ལུགས་ལ་གནའ་ནས་ད་བར་དུ་ཆོས་སྲིད་གོང་བུ་

གཅིག་གྱུར་ཟེར་པ་ལས་ཆོས་སྲིད་ཟུང་འབྲེལ་ཟེར་གྱིན་མེད།   བསྒྱུར་མཁན་གྱི་མཆན།)མིན་ལ་༼ཆོས་སྲིད་ཟུང་འབྲེལ་༽

རེད།  འདི་ནི་བོད་དེ་ནང་པ་སངས་རྒྱས་པའི་རྒྱལ་ཁབ་ཅིག་ཡིན་པའི་དམིགས་བསལ་ཁྱད་ཆོས་ཡིན། རྒྱལ་ཁབ་ཀྱང་

སངས་རྒྱས་ཆོས་ལུགས་ཀྱི་རྨང་གཞིའི་སྟེང་ཆགས་པའི་རྒྱུ་མཚན་དེའི་དབང་གིས། བོད་གཞུང་དམངས་གཉིས་ཀས་

བྱམས་སེམས་དང་། སྙིང་རྗེ། དྲང་བདེན། དབུལ་པོའི་གཞོགས་སྐྱོར་དང་ཉམ་ཆུང་གི་རྒྱབ་རྩ་སོགས་འཇམ་གཉེན་རང་

བཞིན་ཅན་གྱི་རིན་ཐང་ལ་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། དེ་ལས་ལྡོག་སྟེ་བཤུ་གཞོག་རིམ་བརྕེགས། སྡུངསྦྱོང་

མནར་གཅོད། མགོ་གཡོག་མགོ་སྐོར། ཆེར་རློམ་ཆུང་གནོན་སོགས་དྲག་རྩུབ་རང་བཞིན་ཅན་གྱི་ཆབ་སྲིད་དང་གཏན་

ནས་མི་མཐུན། རྒྱ་ནག་དམར་ཤོག་ཚོགས་པས་༼ཞིང་བྲན་བདག་པོ༽། ༼ཞིང་བྲན་༽སོགས་མིང་ཚིག་ཁུངས་མེད་རང་བཟོ་

བྱས་ཡོད་མ་ཟད། ད་དུང་༼མིའི་པགས་པ་བཤུ་བ་༽། ༼མིའི་མིག་འབྲས་ལེན་པ་༽སོགས་ཀྱི་སྒྲུང་གཏམ་རྟོགས་བཟོ་བྱས་ནས་

ཐོས་པ་ཙམ་གྱིས་སྐྱི་གཡའ་བའི་སྣང་ཚུལ་སྐྲུན་ཐབས་བྱས་ཡོད་ཀྱང་དོན་དངོས་སུ་བོད་ཀྱི་གནས་སྟངས་ངོ་མ་དང་

རྟ་མགོ་ལུག་སྦྱོར་ལྟ་བུ་ཁ་ཁ་རེད། བདེན་ཐོག་དངོས་འཚོལ་གྱིས་བཤད་ན་རྒྱ་ནག་དམག་ཤོག་ཚོགས་པ་རང་ཉིད་

ཀྱི་སྡུག་སྦྱོང་མནར་གཅོད་གཏོང་སྟངས་དེ་འཛམ་བུ་གླིང་ན་དོ་ཟླ་མེད་པར་གྱུར་ཡོད་པ་དཔེར་ན། ཀྲང་ཀྲི་ཞིན་

(张志新)གྱི་མིད་བ་བཅད། ཀྲོང་ཧེ་ཡོན་(钟海源)གྱི་དོན་ལྔ་སྣོད་དྲུག་སོགས་དབང་བོ་བླངས། ལེ་

ཅིག་ལེན་(李九莲)གྱི་མ་ནེ་འོག་ནས་སྨྱུག་མ་བརྡབས་ནས་ལྕེ་དང་མ་ཁ་གཉིས་ལྷན་དུ་སྦྱར། གའོ་ཀྲི་ཧྲིན་

(高智晟)ལ་ཐབས་ངན་གང་སྡུག་གི་མནར་གཅོད་བཏང་པ་སོགས་རེད།   རྒྱ་ནག་དམར་ཤོག་ཚོགས་པས་རྒྱ་ནག་གི་ལོ་རྒྱུས་༼དཔེར་ན་ཉི་ཧོང་འགོག་རྒོལ་དམག་འཁྲུག་གི་ལོ་རྒྱུས་ལྟ་བུ།༽ཀྱང་

རྫུན་བཟོ་དང་གཡོ་བརྗོད་བྱས་ཡོད་པར་གཞིགས་ན། ཁོང་ཚོས་བོད་ཀྱི་ལོ་རྒྱུས་རྫུན་བཟོ་དང་གཡོ་བརྗོད་བྱས་པར་

ཡ་ང་མི་དགོས་པའི་སྲོལ་འདྲ་བོ་ཆགས་ཡོད། ཧྭ་གོ་ཧྥིན་དང་ཏིན་ཞོ་ཕེན་སོགས་ཀྱིས་མའོ་ཙེ་ཏུང་གི་བཟོས་པའི་༼

ཡ་ལ་གྱོད་དོན་༽དཀར་ས་བཏོན་ཡོད་ནའང་དམར་ཤོག་ཚོགས་པའི་ནང་ཁུལ་ཁོ་ནར་ཚད་བཀག་བྱས་ཡོད། ༼ཟིང་

བཅོས་ཡོ་བསྲང་༽དང་༼གཞི་སྒྱུར་རྩ་སྒྱུར་༽ཟེར་པ་དེའང་ལོ་རྒྱུས་ཀྱི་ཐད་ནས་བཤད་ན་དམར་ཤོག་ཚོགས་པའི་འགོ་

ཁྲིད་ཚོགས་ཁག་ནང་ཁུལ་གྱི་ཕན་ཚུན་བར་གྱི་ངན་སྨྲས་བཅོས་སྒྲིག་བྱས་པ་ཙམ་ལས་གཞན་རྒྱལ་ཁབ་དང་། མི་

རིགས། མི་དམངས་སོགས་ལོ་རྒྱུས་ཀྱི་གལ་ཆེའི་ཁག་ལ་འགྱུར་བ་སྤུ་ཙམ་ཡང་བཏང་མེད་པས། བཤད་སྟངས་གཞན་

པ་ཞིག་གིས་བཤད་ན། རྒྱ་ནག་དམར་ཤོག་ཚོགས་པས་དེ་རིང་ད་རུང་མའོ་ཙེ་ཏུང་སྐབས་ཀྱི་རྫུན་གཏམ་རྨང་གཞི་

བྱས་ཡོད།

                        མི་དཀྱུས་མ་ཚོར་ཚད་ཡོད་ཀྱི་དུས་ཚོད་ཅིག་ལས་མེད་པ་དང་བློ་ངོར་འགོས་པའི་ཤེས་བྱ་ཡོན་

ཏན་དེ་ལའང་ཚད་ངེས་ཅན་ཞིག་ཡོད།  མི་དཀྱུས་མ་ཞིག་གིས་གཏུང་མཐའ་བྲལ་པའི་ལོ་རྒྱུས་ཀྱི་ཡིག་ཆ་རེ་རེ་

བཞིན་ལྟ་ཀློག་དང་དཔྱད་བསྡུར་སོགས་བྱེད་རྒྱུ་དེ་བས་ཀྱང་དཀའ། གཡོ་སྒྱུར་ཅན་གྱི་སྲིད་དབང་སྒེར་གཅོད་པ་

ཚོས་ཞན་ཆ་འདི་བཟུང་ནས་མི་མང་གིས་ཁོང་ཚོའི་སྣ་ལམ་དུ་ཐེངས་མ་ཁྲི་ཁྲི་འབུམ་འབུམ་དུ་བསྒྲགས་པའི་མཇུག་

སྡོམ་དང་ཁ་གཡང་དེ་དག་ཁོ་ན་མ་གཏོགས་བློ་ཡིད་དུ་ཉར་མི་ཆོག་པ་བཟོས་ཏེ། ལོ་ཟླའི་འགྱུར་ལྡོག་དང་མཉམ་

དུ་རང་བཞིན་ངང་གོམས་གཤིས་སུ་ཆགས་འགྲོ རྒྱ་ནག་དམར་ཤོག་ཚོགས་པ་རྨོངས་ཤིང་དད་ས་ཉག་གཅིག་ནི་༼

རྫུན་གཏམ་ཞིག་ཐེངས་བརྒྱར་བཤད་ན་བདེན་དོན་དུ་གྱུར་འགྲོ་༽ཞེས་པའི་ནཱ་ཚས་རང་བཞིན་ཅན་གྱི་གཞུང་ལུགས་

དེ་རེད།

                         1959སྔོན་གྱི་བོད་ལའང་རྗེས་ལུས་གྱི་རྣམ་པ་མང་པོ་ཞིག་ཡོད་པ་དེའང་བདེན་པ་ཡིན། རྣམ་པ་

དེ་རྒྱལ་ཁབ་དང་མི་རིགས་གཞན་དག་ཚང་མ་དང་གཅིག་མཚུངས་ཡིན་ཞིང་། བོད་དེའང་ལེགས་བཅོས་དང་འཕེལ་

རྒྱས་གཏོང་རན་ལ་ཐུག་ཡོད། དོན་དངོས་སུ་ལོ་རབས་སྔོན་མའི་མགོ་ཙམ་སྟེ་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་མཆོག་

ནས་བཟུང་བོད་ཀྱི་ཆབ་སྲིད་བཅོས་བསྒྱུར་གྱི་བྱ་བཞག་དེ་གྲོས་རིམ་ཉིན་ཐོའི་ནང་བཀོད་ཡོད་མ་ཟད། དེའི་ཁ་ཕྱོགས་

ཀྱང་འཛམ་གླིང་སྟེང་རྒྱུགས་ཆེ་བའི་ཁྲིམས་སྲིད་ལམ་ལུགས་རེད། སྤྱི་ལོ་

 ༡༩༦༡ལོ་སྟེ་བཙན་བྱོལ་དུ་ཕེབས་ནས་ལོ་གཉིས་མ་གཏོགས་ཕྱིན་མེད་པའི་དགོངས་ལོ་ཤིན་ཏུ་གཞོན་པའི་ཏཱ་ལའི་

བླ་མ་སྐུ་ཕྲེང་བཅུ་བཞི་བ་མཆོག་གིས་༼བོད་ཀྱི་མ་འོང་དམངས་གཙོའི་རྩ་ཁྲིམས་འཆར་ཟིན་༽འཆར་འགོད་གཏན་

འབེབས་བྱེད་མགོ་བཙུགས་ཡོད་ཅིང་། རྩ་ཁྲིམས་འཆར་ཟིན་ནང་འདི་ལྟ་བུའི་དོན་ཚན་ཞིག་ཀྱང་ཡོད་པ་ནི། ༼གྲོས་

ཚོགས་ཀྱི་སུམ་ཆའི་གཉིས་མུས་མཐུན་བྱུང་པ་དང་ཆེའི་མཐོའི་ཁྲིམས་ཁང་གིས་གོ་བསྡུར་རྗེས་སུ་ཏཱ་ལའི་བླ་མའི་

འགན་དབང་མེད་པར་བཟོས་ཆོག་པ་དང་། སྲིད་སྐྱོང་ལྷན་ཚོགས་ཀྱིས་འགན་བབ་དབང་ཆ་སྤྱོད་དགོས་༽ཞེས་བཀོད་

ཡོད།

                           དེའི་རྗེས་དམངས་གཙོའི་འཕེལ་རིམ་དེ་བོད་མིའི་བཙན་བྱོལ་སྤྱི་ཚོགས་ཁྲོད་རིམ་གྱིས་དར་

ཁྱབ་ཏུ་ཕྱིན་ནས། གྲོས་ཚོགས་འཐུས་མི་མི་དམངས་ཀྱིས་ཐད་གར་འོས་འདེམས་ལས་ཐོན་ཡོད་པ་དང་། ༡༩༩༠ལོ་

ནས་བཟུང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དེ་བས་ཀྱང་ཟབ་བརླིང་ངང་དམངས་གཙོའི་འཕེལ་རིམ་འཕེལ་

རྒྱས་དང་བརྟན་ཚུགས་ཆེ་རུ་བཏང་ནས་བཀའ་བློན་རྣམས་༧གོང་ས་མཆོག་གིས་འདེམས་བསྐོ་བྱ་མཚམས་བཞག་

ནས་གྲོས་ཚོགས་འཐུས་མིས་འོས་འདེམས་བྱ་རྒྱུར་གཏན་འབེབས་བྱས། དེ་ནས་༢༠༠༡ལོ་ནས་བཟུང་བཀའ་བློན་ཁྲི་

བ་བཙན་བྱོལ་མི་དམངས་ཀྱིས་ཐད་གར་འོས་འདེམས་བྱ་རྒྱུར་གཏན་འབེབས་བྱས་ཡོད།   དུས་དེ་ནས་བཟུང་བོད་

མི་ཚོས་བཙན་བྱོལ་ཁྲོད་ཆབ་སྲིད་བཅོས་བསྒྱུར་གྱི་བྱ་བཞག་དེར་ཡོངས་འགྲུབ་བྱུང་སྟེ་ལྟོས་བཅས་ཀྱི་འཐུས་སྒོ་ཚང་

པའི་དམངས་གཙོ་དང་སྲིད་ཁྲིམས་མ་ལག་གསར་ཏུ་བཙུགས།

                              རྒྱ་ནག་དམར་ཤོག་ཚོགས་པས་དབང་བསྒྱུར་འོག་གི་གཞིས་སྡོད་བོད་མིའི་གནས་སྟངས་ལ་

ཕྱི་མིག་ཅིག་བལྟས་ན། ཁྲག་དྲི་བྲོ་བའི་ས་ཞིང་བཅོས་བསྒྱུར་དང༌། མཉམ་ལས་ཅན། མཆོངས་སྐྱོད་ཆེན་མོ། རིག་གནས་

གསར་བརྗེ་སོགས་ཆེས་འཇིགས་སྐུལ་དང་ཆེས་མུན་ནག་གི་དུས་སྐབས་    (དུས་རབས་དཀྱུས་མའི་ཡོ་རབ་ལས་ལྡབ་

འགྱུར་གྱིས་འཇིགས་སྐུལ་དང་མུན་དག་ཡིན་པ་སྨྲས་མི་དགོས། ) དེ་དག་ཡོད་པ་མ་ཟད།ད་དུང་༡༩༨༩ལོདང་༢༠༠༨

ལོར་བོད་མིའི་སྔ་གཞིག་ཐེངས་གཉིས་ལ་ཞི་བདེའི་རེ་འདུན་བཏོན་པར་རྒྱ་ནག་དམར་ཤོག་ཚོགས་པས་གདུག་རྩུབ་

ངང་རྒྱལ་ཁབ་གྱི་དམག་དཔུང་བཀོལ་ནས་དྲག་གནོན་བྱས་ཏེ་གནམ་ས་འགུལ་པའི་ཁྲག་གྱོད་བཟོས་ཡོད་པས། དམངས་གཙོ་ཅན་ཞེས་པ་མི་ངོམས་པའི་དབྱིངས་སུ་ལྷུང་ནས་ད་ལྟ་བཤད་དཀའ་པའི་གནས་སྟངས་ཆགས་ཡོད།

                             ཆོས་ལུགས་ལ་མི་དད་ཆོས་མིན་ལ་དད། ཁྲིམས་ལུགས་ལ་མི་བསྟུན་སྲིད་ཇུས་ལ་བསྟུན། བཟང་

སྤྱོད་མི་སྤེལ་རྩུབ་སྤྱོད་སྤེལ་པའི་སྲིད་དབང་སྒེར་གཅོད་རིང་ལུགས་དང་རིགས་རྒྱུད་རིང་ལུགས་ལག་ལེན་དུ་བསྟར་

པའི་རྒྱ་ནག་དམར་ཤོག་ཚོགས་ཁག་གིས་རང་ཉིད་ཀྱི་མགོ་ན་རི་ལྟར་སྤུངས་པའི་བྱ་སྤྱོད་ཐ་ཤལ་དང་ཕམ་ཁས་

འཛམ་གླིང་ཡོངས་ལ་འུད་ཀྱིས་སྒྲོག་བཞིན་པ་ནི། རྒྱ་ནག་དམར་ཤོག་ཚོགས་པའི་དུས་རབས་ཕྱེད་ཀའི་རིང་བཙན་

ཁྲིད་བྱས་པའི་བོད་ནི་དོན་དམ་པའི༼ཞིང་བྲན་ལམ་ལུགས་༽དང་། ༼ཞིང་བྲན་ལམ་ལུགས་༽ཕྱེད། ཡང་ན་རྣམ་པ་འགྱུར་

པའི་༼ཞིང་བྲན་ལམ་ལུགས་༽རེད། 

སྐུ་ཞབས་ཁྲིན་ཕའོ་ཁོང་གི་ངོ་སྤྲོད་མདོར་བསྡུས། ཁྲིན་ཕའོ་ཁོང་ནི་སྤྱི་ལོ་༡༩༦༣ལོའི་ཟླ་༡༢པའི་ནང་རྒྱ་ནག་སི་ཁྲོན་

དུ་སྐྱེས། ད་ལྟ་ཨ་རིར་ཞུགས་པ་དང་། བརྩམས་ཆས་དུ་མ་ཡོད་པའི་རྩོམ་པ་པོ་སྐད་གྲགས་ཅན་ཡིན་པ་མ་ཟད། ཁོང་ནི་ཨེ་

ཤེ་ཡ་རང་དབང་རླུང་ཁང་གི་རྒྱ་སྐད་སྡེ་ཚན་གྱི་སྐབས་དོན་དཔྱད་བརྗོད་པ་དང་། ནོར་སྲིད་དང་དཔལ་འབྱོར་དཔྱད་

བརྗོད་པའང་ཡིན། གཞན་རྒྱ་ནག་དམངས་གཙོ་དོན་གཉེར་དཔུང་ཁག་ཁྲོད་ཀྱི་མི་སྣ་གྲགས་ཅན་ཞིག་ཀྱང་ཡིན།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།