མཇལ་རེ་བྱེད་མཁན་བཀག་ཉར།

21/11/2009 15:10

ཨ་རིའི་སྲིད་འཛིན་ཟུར་མཇལ་ཡོང་རེ་བྱེད་མཁན་བཀག་ཉར།  རྒྱ་མི་རིགས་དམངས་གཙོའི་ལས་འགུལ་སྤེལ་མཁན་གཉིས་ཀྱིས་ཉེ་ཆར་ཨ་མི་རི་ཀའི་སྲིད་འཛིན་ཨོ་སྦ་མ་མཆོག་

རྒྱ་ནག་ཏུ་འཚམས་འདྲི་གནང་བའི་རིང་ཟུར་དུ་མཇལ་འཕྲད་ཅིག་ཡོང་ཐབས་འབད་བརྩོན་བྱས་པར་བརྟེན་ནས་

རྒྱ་ནག་ཉེན་རྟོག་པས་ཁོང་གཉིས་ཁྱུག་ཙམ་རིང་དོ་དམ་བཀག་ཉར་བྱས་པའི་གནས་ཚུལ་བཤད་ཡོད་པ་རེད།

དེ་ཡང་རེས་གཟའ་ལྷག་པའི་ཕྱི་དྲོ་ཨ་མི་རི་ཀའི་སྲིད་འཛིན་སྐུ་ཞབས་ཨོ་སྦ་མ་མཆོག་རྒྱ་ནག་གི་རྒྱལ་ས་པེ་ཅིང་

ནང་གི་འཚམས་འདྲི་གྲུབ་ཏེ་ལྷོ་ཀོ་རི་ཡར་འཚམས་འདྲིར་ཕེབས་ཐོན་མ་གནང་བའི་གོང་དེར་རྒྱ་ནག་གཞུང་གིས་

འགྲོ་བ་མིའི་ཐོབ་ཐང་ཐོག་དམ་བསྒྲགས་དང་དྲག་གནོན་བྱེད་པའི་བྱ་སྤྱོད་ཐོག་སྐྱོན་བརྗོད་བྱེད་མཁན་དམངས་

གཙོ་དོན་གཉེར་བ་ཁག་ཅིག་རྒྱལ་ས་པེ་ཅིང་ནང་ཡོད་པའི་ཨ་མི་རི་ཀའི་གཞུང་ཚབ་ཁང་གི་ཉེ་འཁྲིས་སུ་འདུ་

འཛོམས་བྱས་ཏེ་སྲིད་འཛིན་ཨོ་སྦ་མ་མཇལ་འཕྲད་ཞིག་ཡོང་བའི་འབད་བརྩོན་བྱེད་མཁན་གྱི་གྲས་སུ་ཅཱང་ཐན་

བྱོང་དང་ཕཱན་ཡ་ཕེང་གཉིས་ཀྱང་ཡོད་པ་རེད།

ཡིན་ནའང་དེར་འཛོམས་པའི་མི་མང་ཆེ་བས་སྲིད་འཛིན་ཨོ་སྦ་མ་དང་མཇལ་འཕྲད་ཡོང་རྒྱུའི་རེ་བ་ཟད་དེ་སོ་

སོའི་གནས་ལ་ཕྱིར་ལོག་བྱས་ཡོད་ཅིང། འོན་ཅཱང་ཐན་དབྱོང་དང་ཕཱན་ཡ་ཕེང་གཉིས་ཀྱིས་མུ་མཐུད་རེ་བ་བྱས་ཏེ་

ངང་སྒུག་བྱས་པའི་སྐབས་དྲག་ཆས་མ་སྤྲད་པའི་ཉེན་རྟོག་དམག་མི་ཡོང་སྟེ་བཙན་ཁྲིད་བྱས་ཏེ་དེ་ཉིན་གྱི་མཚན་

མོ་བར་འདྲི་རྩད་ཆེད་དུ་དོ་དམ་བཀག་ཉར་བྱས་ཡོད་པ་རེད། ཁོང་གཉིས་ཀྱིས་དེ་རིང་གསུངས་པར། ང་ཚོ་སྲིད་

འཛིན་ཨོ་སྦ་མ་གྱི་ལྷན་དུ་རྒྱ་ནག་གཞུང་གིས་ཆོས་དད་རང་དབང་ཐོག་ལ་དམ་བསྒྲགས་གི་བྱ་སྤྱོད་ཇེ་སྡུག་ཏུ་གཏོང་

བ་དང། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་ཐོག་ལ་རྡུང་རྡེག་གཏོང་བའི་བྱ་སྤྱོད་ཇེ་སྡུག་གཏོང་བའི་སྐོར་ལ་

བཀའ་མོལ་ཞུ་རྒྱུའི་རེ་བ་བཅངས་པ་ཡིན་ཞེས་དང།

ཕཱན་ཡ་ཕེང་ནི་རྒྱ་ནག་གཞུང་གིས་ཆོས་དད་རང་དབང་ཐོག་རྡུང་རྡེག་གཏོང་བའི་བྱ་སྤྱོད་ལ་གདོང་ལེན་བྱེད་མཁན་

ཞིག་ཡིན་པ་དང་ཅཱང་ནི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཐོག་ལ་ལས་འགུལ་སྤེལ་མཁན་ཞིག་དང། ལྷག་

པར་དུ་༢༠༠༨ལོར་བོད་ཆོལ་ཁ་གསུམ་ནང་གི་བོད་མི་ཚོིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་རྔམ་སྟོན་ལས་འགུལ་སྤེལ་བའི་

སྐབས་འཛིན་བཟུང་བྱས་པའི་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་མཐུན་གྱི་སྒོ་ནས་རྩོད་ལེན་བྱ་རྒྱུར་དང་བླངས་

ཀྱིས་རོགས་རམ་གནང་མཁན་ཞིག་ཡིན་པ་མ་ཟད། ཕྱི་ལོ་༢༠༠༩ལོར་རྒྱ་ནག་གཞུང་གིས་རྒྱ་མི་རིགས་ཁྲིམས་རྩོད་པ་བཅུ་

ཕྲག་གཉིས་ཙམ་ལ་ཁྲིམས་རྩོད་པའི་ལས་ཀ་བྱེད་རྒྱུའི་ལག་འཁྱེར་བཀའ་ཁྲོལ་མ་སྤྲོད་པའི་གྲས་ཤིག་ཁོང་ཡིན་པ་རེད

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།