མ་འོངས་བཀའ་བློན།

12/05/2009 15:04

བཙན་བྱོལ་བོད་གཞུང་གི་འབྱུང་འགྱུར་གྱི་བཀའ་བློན་ཁྲི་པའི་

       འོས་འབབ་ལ་ཇི་དགོས་ཀྱི་ཁྱད་ཆོས་སྐོར་གླེང་བ།

༄༅།  །དེ་རིང་བོད་ཀྱི་དུས་བབ་བསམ་ཚུལ་ལེ་ཚན་ནང་སྐུ་ངོ་མདོ་སྔགས་བསྟན་འཛིན་ལགས་ཀྱིས་ཐུགས་

འཁུར་ཆེན་པོའི་་ངང་ནས་མ་འོངས་བཀའ་བློན་ཁྲི་པ་དང་བཀའ་བློན་ཕྱག་རོགས་གི་འོས་དམིགས་སྟོན་

འདུག་པས་དེ་ལ་དཔྱད་པ་མིན་ཡང་ང་རང་བོད་པ་ཞིག་ཡིན་པའི་ཆ་ནས་བསམ་ཚུལ་ཞིག་བཀོད་འདོད་

བྱུང་།  འབྱུང་འགྱུར་བཀའ་བློན་ཁྲི་པ་ཞེས་པའི་མིང་དེ་ཡང་བསྒྱུར་བཅོས་གཏོང་དགོས་པ་མཐོང་གིས་འདུག   དེ་ཡང་བཀའ་བློན་ཞེས་པ་ནི་བཀའ་གནང་མཁན་གྱི་རྒྱལ་པོ་ཞིག་ཁོང་གི་གོང་ན་ཡོད་དགོས་པ་ཡིན་དུས་

༸གོང་ས་མཆོག་ནས་དམངས་གཙོ་གནང་བ་ལ་དམངས་གཙོ་ཚད་ལྡན་ཞིག་ཡོང་ཡ་མི་འདུག    གང་ཡིན་

ཞེ་ན།  དེ་ནི་རྒྱལ་པོའི་རིང་ལུགས་ཡིན།  དེ་བཞིན་བཙན་བྱོལ་གཞུང་ལ་དགའ་ལྡན་ཕོ་བྲང་ཞེས་པའི་མིང་

དེ་ཡང་གཟུ་བོར་གནས་པའི་དྲང་བདེན་དཔང་པོའི་བློ་ཡིས་དཔྱད་ན་རང་རེ་བོད་པའི་གཞུང་དེ་ལ་འཇུག་

པ་ཆེས་ཤིན་ཏུ་དཀའ་བ་ཡིན།   གང་ཡིན་ཞེ་ན།  དགའ་ལྡན་ཕོ་བྲང་ཞེས་པ་ནི་༸གོང་ས་ལྔ་པའི་སྐུ་རིང་ལ་

བཏགས་པའི་རྒྱལ་པོའི་རིང་ལུགས་ཀྱི་གཞུང་ཡིན་དུས་དེ་ལ་འཇུག་པ་ཡིན།    དེང་སྐབས་སྤྱིར་འཛམ་གླིང་

འཕོ་འགྱུར་དང་ཡང་སྒོས་བོད་གངས་ཅན་གྱི་ལྷ་སྐལ་༸གོང་ས་མཆོག་གིས་མ་འོངས་པའི་བོད་གཞུང་མང་

གཉིས་ཀྱི་ཕུགས་རྒྱང་གནས་སྟངས་ལ་བླ་ན་མེད་པའི་དགོངས་པ་ཐུགས་འཁུར་ཆེར་བཞེས་ལ་བརྟེན་ནས་

དམངས་གཙོ་ལམ་ལུགས་སྲོལ་བཟང་གསར་བཏོད་གནང་བ་ཡིན་དུས།  མང་ཚོགས་ལམ་ལུགས་དེ་ཚད་

ལྡན་ཞིག་དགོས་པ་ནི་བོད་མི་རྒན་གཞོན་བྱིས་གསུམ་ཡོངས་རྫོགས་ཀྱི་བསམ་པ་གཅིག་མཐུན་དགོས་པ་མ་

གཏོགས་གཅིག་མཐུན་མ་བྱུང་ན་དམངས་ཚོགས་ཞེས་པའི་མིང་ཙམ་མ་གཏོགས་དོན་ངོ་མ་གོང་ས་མཆོག་

གི་དགོངས་གཞི་ངོ་མའི་སྟེང་དུ་སླེབས་མི་ཐུབ།  དེ་འདྲ་སོང་ཙང་།  བཀའ་བློན་ཁྲི་པ་ནི་སྤྱིར་རྒྱལ་སྤྱིའི་རིང་

ལུགས་ལ་ཐུགས་མངའ་ཡོད་པ་ཞིག་དགོས་ཀྱང་།  སྐབས་བབས་བཀའ་བློན་ཁྲི་པ་ནི་བཙན་བྱོལ་གྱི་སྤྱི་ཚོགས་

ནང་ཉམས་མྱོང་ཅན་དང་ནང་པའི་ཆོས་ལ་ཡིད་ཆེས་ཅན་ཞིག་དགོས་པ་ནི་ཤིན་ཏུ་གལ་ཆེ།    དེར་བརྟེན་

གུས་པས་མཐོང་སྣང་ལ་བཀའ་བློན་འོས་འབབ་ནི།

   དེ་སྔོན་བཀའ་བློན་ཁྲི་པ་རང་ལོ་ངོ་བཅུ་ལྷག་གནང་མཁན་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ།

   དེང་དུས་ཤེས་ཡོན་ཅན་མཁས་དབང་བློ་བཟང་སེང་གེ།

  བཙན་བྱོལ་གཞུང་གི་ཕྱག་ལས་ལ་ཉམས་མྱོང་ཅན་ཨ་རིའི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས།

   བོད་ཕྱི་ནང་གཉིས་ཀྱི་སྙིང་ལ་བཅང་བའི་རང་བཙན་རྩོད་ལེན་པ་དབུས་གཞོན་ནུའི་ཚོགས་གཙོ་

ཚེ་དབང་རིག་འཛིན།

  བཙན་བྱོལ་གཞུང་གི་ལས་རིམ་མཐར་ཕྱིན་པ་དང་ནང་ཆོས་ལ་དད་ཞེན་ཅན་པདྨ་འབྱུང་གནས་

ལགས་བཅས་འོས་པ་གུས་པའི་མཐོང་གིས་འདུག

རེ་བསྐུལ་ཞིག་ལ་ལུས་ལ་ན་བཟའ་སྣུམ་ཞག་ཅན་གྱི་ངུག་སྨྲིག་ལེགས་པར་འཆང་བ་ངག་ནས་སྡེ་སྣོད་གསུམ་

གྱི་ཆོས་སྨྲ་བ་རློམ་མཁན་ཐུགས་ལ་བསླབ་གསུམ་གྱི་ནོར་གྱི་དབུལ་བའི་དགེ་འདུན་པ་ཞིག་བཀའ་བློན་ཁྲི་པ་

དུས་ནམ་ཡང་འོས་དམིགས་ལ་འཇུག་མི་རུང་བ་ནི་འདས་ལ་ཉེ་བའི་ལོ་ངོ་བཅུ་ཕྲག་གཅིག་རིང་གི་རང་རེའི་

བཙན་བྱོལ་གྱི་གནས་སྟངས་རྒན་གཞོན་ཀུན་གྱིས་མིག་གི་མདུན་ལམ་དུ་རྗེན་པར་མཐོང་ཆོས་སུ་གྱུར་པ་འདི་

ཡིན་ནོ།

 

                                               སྤྱི་ལོ་༢༠༠༩ སྤྱི་ཟླ་༥ ཚེས་༡༢ ཉིན་དྲྭ་བདག་ནས།།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།