བློ་ཕམ།

20/11/2009 11:03

རྒྱ་ནག་གཞུང་དང་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་མཁན་གྱི་བློ་ཕམ། ཨ་མི་རི་ཀའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་ནས་རྒྱ་ནག་ཏུ་རྒྱལ་དོན་འཚམས་གཟིགས་སྐབས་འགྲོ་བ་མིའི་ཐོབ་

ཐང་གི་གནད་དོན་སྐོར་གླེང་སློང་གནང་ཕྱོགས་ཐད་ནས་རྒྱ་ནག་གཞུང་དང་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་པའི་མི་

སྣ་ཚོར་བློ་ཕམ་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག

ཨ་རིའི་སྲིད་འཛིན་མཆོག་ནས་ད་རེས་ཀྱི་འཚམས་གཟིགས་འདིའི་སྐབས་རྒྱ་ནག་གི་ཧྲང་ཧད་གྲོང་ཁྱེར་རུ་རྒྱ་རིགས་

སློབ་ཕྲུག་དང་འདྲི་བ་དྲིས་ལན་གྱི་མཛད་རིམ་དང་དེ་བཞིན་རྒྱ་ནག་གི་སྲིད་འཛིན་ལྷན་དང་ཟུང་འབྲེལ་གྱི་གསར་

འགོད་ལྷན་ཚོགས་སྐབས་འགྲོ་བ་མིའི་ཀུན་ཁྱབ་ཀྱི་ཐོབ་ཐང་གལ་འགངས་ཤིན་ཏུ་ཆེ་བའི་སྐོར་དགོངས་ཚུལ་གསལ་

འདོན་གནང་ཡོད་པ་རེད། རྒྱ་ནག་ནང་གཞུང་ཕྱོགས་དང་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་པའི་མི་སྣ་ཚོས་ཨ་རིའི་སྲིད་

འཛིན་མཆོག་ནས་འགྲོ་བ་མིའི་ཐོབ་ཐང་གི་དོན་གནད་སྐོར་བློ་ཁ་ཚིམ་པའི་བཀའ་མོལ་གནང་མེད་པར་གཟིགས་

ཀྱི་ཡོད་པ་རེད། རྒྱ་ནག་ནང་བཅའ་བཞུགས་བོད་དང་ཤིན་ཅང་ཡུ་གུར་མི་རིགས་ཚོའི་འགྲོ་བ་མིའི་ཐོབ་ཐང་སྐོར་

བཀའ་མོལ་གནང་རྒྱུར་ངས་རེ་བ་ཆེན་པོ་བྱས་པ་ཡིན་ ཡིན་ཡང་སྲིད་འཛིན་ཨོ་སྦ་མས་གནད་དོན་དེ་དག་ཁྱུག་ཙམ་

གླེང་སློང་བྱས་པ་ཙམ་མ་གཏོགས་དོན་དམ་གྱི་གནོན་ཤུགས་གང་ཡང་སྤྲད་མ་སོང་ཞེས་བློ་ཕམ་གྱི་དགོངས་ཚུལ་

གསུངས་ཡོད་པ་རེད།

ཡང་རྒྱ་ནག་གི་དམངས་གཙོ་དོན་གཉེར་ཅན་རྒྱ་རིགས་སྒྱུ་རྩལ་མི་སྣ་ཨའེ་ལྦེ་ལྦེ་གིས་རྒྱ་ནག་ནང་གཞོན་སྐྱེས་ཚོས་

རྒྱ་ནག་གི་སྤྱི་ཚོགས་དེ་བཞིན་དྲང་བདེན་དང་ཕྱི་གསལ་ནང་གསལ་གྱི་སྤྱི་ཚོགས་ཞིག་ཏུ་བསྐྲུན་རྒྱུའི་རེ་སྒུག་བྱེད་

བཞིན་ཡོད་པ་དང་དེར་ཕྱིའི་རྒྱལ་ཁབ་ཀྱི་དབུ་འཁྲིད་ཚོས་རྒྱབ་སྐྱོར་གནད་འགག་ཆེ་བ་རེད་ རྒྱ་ནག་ནང་གཞུང་

ཕྱོགས་ནས་ཁྲིམས་ལུགས་དང་འགྲོ་བ་མིའི་ཐོབ་ཐང་སོགས་ལ་བརྩི་མེད་རྡོག་རོལ་གཏོང་བ་དང་དེ་བཞིན་མང་

ཚོགས་ཀྱི་སྨྲ་བརྗོད་ཀྱི་རང་དབང་ལོངས་སུ་སྤྱོད་རྒྱུ་མེད་པའི་གནས་སྟངས་འདི་རྒྱ་ནག་གི་བརྟན་ལྷིང་ལ་ཉེན་

ཚབས་ཆེ་བ་མ་ཟད་འཛམ་གླིང་སྤྱི་ཡོངས་ལ་ཉེན་ཚབས་བཟོ་གཞི་ཡིན་པ་དེ་ཨ་རིའི་སྲིད་འཛིན་མཆོག་ནས་མཁྱེན་

རྟོགས་དགོས་པ་ཞིག་རེད་

གལ་ཏེ་གནད་འགག་འདི་སྲིད་འཛིན་ཨོ་སྦ་མས་མཁྱེན་རྟོགས་མེད་ཚེ་ད་རེས་ཁོང་གི་རྒྱ་ནག་ནང་རྒྱལ་དོན་འཚམས་

གཟིགས་དེ་གྲུབ་འབྲས་མ་སོན་པ་དང་ཁྱད་མེད་ཡིན་ ད་ལྟ་ཕན་སྲིད་ཨ་རིའི་སྲིད་འཛིན་མཆོག་གི་གཟིགས་སྐོར་འདིའི་

ནང་ངས་གྲུབ་འབྲས་ལྡན་པའི་རྟགས་ཚན་གང་ཡང་མཐོང་མ་བྱུང་ཞེས་འགྲེལ་བརྗོད་གནང་འདུག།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།