བོད་མི་ཚོ་ཕྱིར་འབུད།

24/09/2008 19:23

 

བལ་ཡུལ་གཞུང་གིས་ཁྲིམས་འགལ་གྱིས་སྡོད་མཁན་བོད་མི་རྣམས་ཞིབ་བཤེར་དང་བཅས་ཕྱིར་འབུད་བྱེད་རྒྱུ་ཡིན་ལུགས་བརྗོད་ཡོད་པའི་སྐོར་བལ་ཡུལ་གྱི་གསར་ཤོག་ཀན་ཊི་པུར་ཞེས་པས་གནས་ཚུལ་སྤེལ་ཡོད་པ་རེད།

བལ་
ཡུལ་མའོ་སྲིད་གཞུང་གིས་རྒྱ་རྒོལ་གྱི་ལས་འགུལ་སྤེལ་མཁན་བོད་མི་རྣམས་ཀྱི་གནས་སྟངས་ལ་ཞིབ་བཤེར་བྱས་ཏེ། ཡུལ་དེར་ཁྲིམས་འགལ་གྱིས་སྡོད་མཁན་རྣམས་ཕྱིར་འབུད་བྱེད་རྒྱུ་ཡིན་ཚུལ་བརྗོད་ཡོད་པ་རེད། ཉེན་རྟོག་པ་དང་ཡུལ་མི་གནས་སྤོར་སྡེ་ཚན་གྱིས་བོད་མི་རྣམས་ལ་ཡུལ་དེར་གནས་སྡོད་ཆོག་མཆན་གྱི་ཡི་གེ་ཡོད་མེད་ཞིབ་བཤེར་བྱེད་མགོ་བཙུགས་ཡོད་འདུག བོད་མི་ ༢༠༠༠༠ ལྷག་བལ་ཡུལ་དུ་སྐྱབས་བཅོལ་བའི་ངོ་བོར་སྡོད་ཆོག་པའི་གཞུང་འབྲེལ་ངོས་ལེན་ཡོད་པ་རེད། ཡིན་ནའང་ ༡༩༨༩ ལོའི་རྗེས་ནས་འབྱོར་བའི་བོད་མི་མང་བོ་ཞིག་ལ་བལ་ཡུལ་གཞུང་གིས་གནས་སྡོད་ཆོག་མཆན་གྱི་ཡི་གེ་མ་སྤྲད་པར་ཁྲིམས་འགལ་གྱི་ཐོག་བསྡད་ཡོད་པ་རེད།

ཕྱི་
ཚེས་ ༩ དང་བཅུ་གཉིས་ལ་ཉེན་རྟོག་པས་བོད་མི་ངོ་རྒོལ་བྱེད་མཁན་བརྒྱ་ལྷག་འཇུས་ཏེ་ཡུལ་མི་གནས་སྤོར་སྡེ་ཚན་ལ་རྩིས་སྤྲོད་བྱས་ཡོད་འདུག

གཞུང་
འབྲེལ་གྱི་མི་སྣ་དག་གིས་ཁྲིམས་འགལ་ཐོག་སྡོད་པའི་བོད་མི་རྣམས་ཡུལ་གང་ཞིག་ལ་ཕྱིར་འབུད་བྱེད་ཀྱི་ཡིན་མིན་ཐད་ཅི་ཡང་བརྗོད་གི་མེད། བལ་ཡུལ་ནང་སྲིད་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་དག་གིས་བརྗོད་དོན། རྒྱ་རྒོལ་གྱི་ལས་འགུལ་འདིའི་རིགས་ཀྱིས་བལ་ཡུལ་གྱི་ཕྱི་འབྲེལ་ལ་གནོད་གི་འདུག་ཟེར།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།