བོད་མངའ་མཛད་དུས་

02/08/2009 01:20

གསུམ་པ། བོད་མངའ་མཛད་དུས་རིམ་གྱི་སྐོར་བཤད་པ།

བོད་མངའ་མཛད་དུས་རིམ་སོགས་ལོ་རྒྱུས་ཞིབ་ཕྲ་འཆད་པར་ངེས་བརྟན་བྱེད་གཞིའི་ལོ་ཚིགས་ཤིག་གཏན་ལ་ཕབ་

པ་དང༌། བོད་མངའ་མཛད་དུས་རིམ་གྱི་སྐོར་བཤད་པ་གཉིས།


དང་པོ། བོད་མངའ་མཛད་དུས་རིམ་གྱི་ཐོག་མ་ནས་ད་བར་རགས་བརྩིས་ལོ་གྲངས་དྲུག་སྟོང་ཡས་མས་ཙམ་སོང་བར་

བཤད་པ་ལས་གདེང་འཕེར་བའི་ལོ་གྲངས་རེ་རེའི་གནད་དོན་སྦྱར་བའི་སྲད་བུའི་རྒྱུན་ཐག་མེད་ལ།   ཡན་གར་བ་རེ་

གཉིས་ཡོད་པ་རྣམས་ཀྱང་བརྩི་གཞི་འཕེར་བའི་འཛམ་གླིང་སྤྱི་དང་རྒྱལ་ཁབ་བྱེ་བྲག་པ་སུ་ལའང་ལོ་ངོ་ཁྲི་ཕྲག་གི་

རླབས་ཕྲེང་དེད་མྱོང་ཡོད་པའི་ལོ་ཚིགས་རྩོད་མེད་གྲགས་ཅན་ཡིད་བརྟན་རུང་བ་ཞིག་བྱུང་མེད། འོན་ཀྱང༌། རང་

ལུགས་ལོ་རྒྱུས་སྨྲ་བར་འདི་ནས་བརྩི་གཞི་ལོ་ཚིགས་ཤིག་ངེས་པར་དུ་དགོས་ཤིང༌། ལོ་ཚིགས་དེའང་ཕུ་ཐག་རིང་ལ་

སེམས་ཐག་ཉེ་ཤོས་ཤིག་དགོས་གལ་ཆེ་བས།   བོད་ཀྱི་རྒྱལ་པོ་ཐོག་མ་གཉའ་ཁྲི་བཙན་པོ་མ་བྱོན་སྔོན་གྱི་ལོ་ཚིགས་

དགོས་ངེས་ཁག་སངས་རྒྱས་ཤཱཀྱ་ཐུབ་པའི་འདས་ལོ་ལ་གཞིར་བཟུང་ནས་འཆད་ན་གང་ལའང་འོས་འཚམ་ཆེ་ཤོས་

སུ་མཐོང་བ་དང༌།    གཉའ་ཁྲི་བཙན་པོ་བོད་རྗེར་བྱོན་པའི་ལོ་ནས་བོད་རྒྱལ་ལོ་གཙོ་བོ་བྱས་ཏེ་ཕྱི་ལོ་ཤན་སྦྱར་དང་

གལ་གནད་ཆེ་གྲས་ཁག་ཏུ་ཤཱཀྱ་ཐུབ་པའི་འདས་ལོ་དང་སུམ་སྦྱར་བྱེད་བཞིན་འཆད་པར་འདོད། གང་ལགས་ཤེ་ན།

བོད་རྒྱལ་ལོ་ནི་རང་མི་རིགས་ཀྱི་ལོ་རྒྱུས་དགའ་སྐྱོ་སྡང་གསུམ་གྱི་ཟུངས་ཁྲག་གི་རྦ་རླབས་དང་ལྷན་དུ་འབྲེལ་ཡོད་པས་

རྩམ་ཟས་ཀུན་གྱི་སེམས་ཁོང་ནང་འདྲིས་ཆ་ངེས་པར་དུ་ཡོད་དགོས་ངེས་ཡིན་པས་རེད།

༈ སངས་རྒྱས་ཤཱཀྱ་ཐུབ་པའི་འདས་ལོ་ལའང་བརྩི་ཚུལ་མི་འདྲ་བ་མང་དག་ཅིག་ཡོད་ཀྱང༌། མཁས་དབང་དགེ་འདུན་

ཆོས་འཕེལ་གྱིས། སངས་རྒྱས་འདས་ལོའི་སྐོར་དགག་སྒྲུབ་ཀྱི་མཐའ་འབྲས་མཇུག་སྡོམ་ལ་འདི་བཞིན་གསུངས་ཏེ། དེས་

ན་སྒོ་དུ་མ་ནས་བསམ་ཚེ་གནས་བརྟན་པའི་བསྟན་རྩིས་དེ་ཁོ་ན་ཁུངས་བཙན་པར་མཐོང་ནས། ཁོ་བོས་ཀྱང་འདིར་རྒྱལ་

རབས་ཀྱི་གཞི་རྣམས་དེ་ལ་བརྟེན་ཏེ་བརྩིས་སོ། །དེ་ཡང་བརྩི་ཚུལ་འདིའི་དབང་དུ་བྱས་ཚེ།   ད་ལྟའི་རབ་བྱུང་བཅུ་དྲུག་

པའི་མེ་ཁྱི་འདི་སངས་རྒྱས་འདས་ནས་ཉིས་སྟོང་དང་བཞི་བརྒྱ་དགུ་བཅུ་པ་ཡིན་ཞེས་གསུངས་པས། སངས་རྒྱས་འདས་

ལོ་༢༤༩༠པའི་ལོར། བོད་རྒྱལ་ལོ་༢༠༧༣དང༌། ཕྱི་ལོ་༡༩༤༦ལོར་འཁེལ་ཡོད།

༈རབ་བྱུང་བཅུ་དྲུག་པའི་མེ་སྤྲེལ་ལོར་རྒྱ་གར་བྱང་ཆུབ་ཆེན་པོའི་ཆོས་ཚོགས་ཀྱིས་སངས་རྒྱ་ཤཱཀྱ་ཐུབ་པ་སྐུ་མྱང་འདས་

ཀྱི་ལོ་༢༥༠༠འཁོར་བའི་དྲན་གསོའི་དུས་ཆེན་སར་བོད་ཀྱི་རྒྱལ་པཎ་རྣམ་གཉིས་ཆེད་དུ་མགྲོན་འབོད་གནང་ཡོད་

ཅིང༌།སྐབས་དེར་བོད་རྒྱལ་ལོ་༢༠༨༣དང༌། ཕྱི་ལོ་༡༩༥༦ལ་ཁེལ། འདི་ལོའི་རབ་བྱུང་བཅུ་བདུན་པའི་ས་བྱི་སངས་རྒྱས་

འདས་ལོ་༢༥༥༢དང༌། བོད་རྒྱལ་ལོ་༢༡༣༥། ཕྱི་ལོ་༢༠༠༨ཡིན།

༈ སྔ་ཕྱི་ལོ་རྒྱུས་ཀྱི་ལོ་ཚིགས་ཁ་གསལ་བརྗོད་དགོས་འབྱུང་ཚེ་བརྩི་གཞི་ལོ་ཚིགས་གོང་གསལ་དེ་དག་ལས་མི་འགོང་

བར་ཚད་འཛིན་ཆག་འཇོག་བྱ་རྒྱུ་དང༌། འདི་ནས་གཤམ་དུ་སངས་རྒྱས་ཤཱཀྱ་ཐུབ་པའི་འདས་ལོ་ལ་འདས་ལོ།དང༌།

བོད་རྒྱལ་ལོ་ལ་བོད་ལོ།བཅས་བསྡུས་མིང་བརྗོད་ཀྱི་ཡིན། གཉིས་པ། བོད་མངའ་མཛད་དབང་མཛད་ཀྱང་སྣང༌། དུས་

རིམ་གྱི་སྐོར་རྒྱལ་པོའི་བཀའ་ཐང་ལས། བོད་ཡུལ་གངས་རི་རྩེ་དགུའི་ལྗོངས་འདི་རུ། །སྤུར་རྒྱལ་གོང་དུ་མངའ་མཛད་

དྲུག་ཏུ་བྱུང༌། །༡དང་པོ་གནོད་སྦྱིན་ནག་པོས་དབང་བྱས་ཏེ། །ཡུལ་མིང་བདུད་ཡུལ་ཁ་རག་མགོ་དགུར་བཏགས། །༢དེ་

ནས་བདུད་དང་སྲིན་མོས་དབང་བྱས་ཏེ།   །མིང་ཡང་ལྷ་སྲིན་གཉིས་ཀྱི་ཡུལ་དུ་བཏགས།  །སྔ་རྟགས་ཤ་ཟ་གདོང་པ་

དམར་བ་བྱུང༌། །༣དེ་ནས་ཀླུ་དང་བཙན་གྱིས་དབང་བྱས་ཏེ།  །ཡུལ་གྱི་མིང་ལ་བོད་ཁམས་གླིང་དགུར་བཏགས།  །སྔ་

རྟགས་དཀར་བུ་ཆུ་Read more...ལ་སྤྱོད་པ་བྱུང༌། །༤དེ་ནས་མ་སངས་སྤུན་དགུས་དབང་བྱས་ཏེ། །ཡུལ་མིང་བོད་

ཁམས་གཡའ་དྲུག་བྱ་བར་བཏགས། །སྔ་རྟགས་མདའ་མདུང་མཚོན་ཆ་དེ་ནས་བྱུང༌། །༥དེ་ནས་ཟ་རམས་སྐྱེས་དྲུག་

དབང་བྱས་ཏེ། །ཡུལ་མིང་སྟོང་སྡེ་བཅོ་བརྒྱད་བྱ་བར་བཏགས། །སྔ་རྟགས་རྟ་ཞོན་རྣ་ཆ་འདོགས་པ་བྱུང༌། །༦དེ་ནས་

རྒྱལ་ཕྲན་བཅུ་གཉིས་དབང་བྱས་ཏེ། །ཡུལ་གྱི་མིང་ནི་སྭ་ཁ་བརྒྱད་དུ་བཏགས། །སྔ་རྟགས་ཕྱག་དང་ཞེ་ས་དེ་ནས་བྱུང༌།

།ཞེས་སྣང་ཞིང༌། ལྷོ་བྲག་ཆོས་འབྱུང་ལས། དང་པོར་མི་མ་ཡིན་གྱི་ཡུལ་དུ་གྱུར། །གནོད་སྦྱིན་ལ་སོགས་བཅུ་ཡིས་དབང་

བྱས་སྐད། །ཡུལ་གྱི་མིང་ཡང་བཟང་ཡུལ་རྒྱན་མེད་ཟེར། །མཚོན་ཆ་མདའ་གཞུ་དེ་ཡི་དུས་སུ་བྱུང༌། །དེ་ནས་རེ་ཏེ་མགོ་

གཡག་བདུད་ཀྱིས་བྱས། །མིང་ཡང་བདུད་ཡུལ་ཁ་རག་རོང་དགུར་བཏགས། །སྟ་རེ་དགྲ་སྟ་དེ་ཡི་དུས་སུ་བྱུང༌། །དེ་ནས་

སྲིན་པོ་གཉའ་རེངས་ཁྲག་མིག་བྱས། །ཡུལ་མིང་སྲིན་པོ་ནག་པོ་དགུ་ཡུལ་ཟེར། །སྲིན་མོ་རྐང་དང་རྒྱགས་གཉིས་ལག་

ཆར་བྱུང༌། །བཞི་པ་དམར་འཇམ་ལྷ་ཡིས་དབང་བྱས་སྟེ། །ལྷ་ཡུལ་གུང་ཐང་ལག་ཆར་ཆུ་གྲི་བྱུང༌། །ལྔ་པར་རྨུ་རྒྱལ་ཁོ་

རྗེ་ཞེས་བྱས་བཟུང༌། །ད་འཕྲང་ཅང་འཕྲང་ལག་ཆར་ཞགས་པ་འཕེན། །དྲུག་པར་ཀྲོག་ཀྲོག་འདྲེ་ཡིས་དབང་བྱས་སྟེ།

ལང་ཏང་ལིང་ཏང་བར་ཁ་འུར་རྡོ་འཕེན། །བདུན་པ་མ་སངས་རུས་དགུས་དབང་བྱས་སྟེ། །ཡུལ་གྱི་མིང་ནི་བོད་ཁ་ཉ་

དྲུག་ཟེར། །ལག་ཆར་དོང་རལ་གོ་ཆ་ཕུབ་ཆུང་བྱུང༌། །བརྒྱད་པ་ཀླུས་བཟུང་བོད་ཁམས་གླིང་དགུ་བཏགས། །དགུ་པ་

རྒྱལ་པོས་དབང་བྱས་ངམ་པོ་ཅེ།  །བཅུ་པ་འགོང་པོ་དབུན་དགུས་དབང་བྱས་སྟེ།  །ཡུལ་གྱི་མིང་ཡང་སྟོང་སྡེ་བཅོ་བརྒྱད་

ཟེར། །༡༡དེ་ཚེ་རྒྱལ་ཕྲན་སིལ་མ་བཅུ་གཉིས་དང༌། །༡༢མཐའ་མར་རྒྱལ་ཕྲན་བཞི་བཅུས་མངའ་དབང་བྱས། །ཞེས་

འཁོད་ཅིང༌། བཀའ་ཐང་དང་ཁྱད་པར་ཡོད། ལྷོ་བྲག་ཆོས་འབྱུང་ལས།

བོད་ཀྱི་ཡབ་མེས་ཕ་སྤྲེལ་རྒན་བྱང་ཆུབ་སེམས་དཔའ་དང་མ་བྲག་སྲིན་མོ་གཉིས་མངའ་མཛད་བཅུ་པ་དང་བཅུ་གཅིག་

གཉིས་ཀྱི་བར་ན་བྱུང་ཚུལ་ལྟ་བུར་གསུངས་ན་འཐད་པར་མ་མཐོང་སྟེ། དེ་གཉིས་བོད་ཀྱི་ཐོག་མའི་ཡབ་མེས་ཡིན་པ་

དང༌། ཚན་རིག་ལྟར་ནའང༌། མིའི་འབྱུང་ཁུངས་ལོ་དུང་ཕྱུར་རིམ་པའི་གོང་ན་ཡིན། ཁ་ཅིག་གིས། ལྷོ་བྲག་ཆོས་འབྱུང་

སོགས་ལས་རྒྱལ་ཕྲན་བཞི་བཅུ་དང༌། རྒྱལ་ཕྲན་ཉེར་ལྔ་བཅས་བཤད་ཀྱང༌། ལུང་ཁུངས་མ་གསལ་བས་ངག་རྒྱུན་ཙམ་

ཡིན་སྲིད་པས་ཡིད་ལྟོས་བྱེད་རེ་བྲལ་ཞེས་དང༌། རྒྱལ་ཕྲན་བཅུ་གཉིས་ཀྱང་བཙན་པོའི་དུས་རབས་སྔོན་ལ་སུམ་བྷའི་

ཡུལ་ནས་བྱུང་བ་འདྲ་སོགས་དོགས་སློང་ཡང་སྣང་བས་དཔྱད་གཞིར་ཆེ།


                                                                                          ས་རཱ་མཐོ་སློབ། ངག་དབང་བྱམས་པས།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།