བོད་ནང་བརྒྱད་ལམ་བཀག་སྡོམ

04/05/2012 23:11

 

བོད་ནང་བརྒྱུད་ལམ་ཁག་བཀག་སྡོམ།

ཟླ་འདིའི་ཕྱི་ཚེས་ ༡ ནས་བཟུང་བོད་རང་སྐྱོང་ལྗོངས་ནང་གནས་འཕྲིན་དྲ་རྒྱ་དང་བརྒྱུད་ལམ་ཁག་བཀག་སྡོམ་གྱི་སྒྲིག་གཞི་གསར་པ་ཞིག་ལག་བསྟར་བྱས་འདུག

ཉེ་ཆར་བོད་རང་སྐྱོང་ལྗོངས་ས་གནས་སྲིད་གཞུང་གིས་༼བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མིའི་རྒྱུན་ལས་ཚོགས་འདུ་བརྒྱུད་ཁ་པར་དང་གནས་འཕྲིན་དྲ་རྒྱ་སྤྱོད་མཁན་རྣམས་ཀྱིས་ཐོབ་ཐང་ལག་ཁྱེར་ངོ་མ་གསལ་འདོན་དགོས་པའི་གཏན་འབེབས༽ ཞེས་པའི་དོན་ཚན་ ༡༦ ཅན་གྱི་སྒྲིག་གཞི་ཞིག་གཏན་འབེབས་བྱས་ཏེ། ཟླ་འདིའི་ཕྱི་ཚེས་ ༡ ཉིན་ནས་བཟུང་བོད་རང་སྐྱོང་ལྗོངས་ཀྱི་ཁོངས་སུ། གནས་འཕྲིན་དྲ་རྒྱ་དང་ལག་ཁྱེར་ཁ་པར་སོགས་བརྒྱུད་ཁག་སྣ་ཚོགས་ལ་ཞིབ་བཤེར་བཀག་སྡོམ་གྱི་ལས་གཞི་གསར་བ་ཞིག་མགོ་བརྩམས་ཡོད་འདུག 

དམ་བསྒྲགས་སྒྲིག་གཞི་དེའི་ནང་བོད་རང་སྐྱོང་ལྗོངས་ཀྱི་ཁོངས་སུ་ཡོད་པའི་གནས་འཕྲིན་དྲ་རྒྱའི་འབྲེལ་མཐུད་ཞབས་ཞུ་སྡེ་ཁག་དང་། དྲ་ཁང་། གསོལ་མགྲོན་ཁང་། ཆང་ཁང་། གནམ་ཐང་གི་སྒུག་སྡོད་ཁང་སོགས་ཀྱིས་མང་ཚོགས་དྲ་རྒྱར་ཞུགས་སྐབས་ངེས་པར་དུ་མི་རེ་རེའི་ཐོབ་ཐང་ལག་ཁྱེར་ཐོ་འགོད་བྱས་ཏེ། དྲ་རྒྱ་འཛུལ་སྐབས་ཀྱི་མིང་རྟགས་དང་། དྲ་རྒྱར་ཞུགས་པའི་དུས་ཡུན། དྲ་གནས་བརྒྱུད་ལམ། དྲ་རྒྱ་ཞབས་ཞུ་ཁང་གི་སྒོ་བྱང་བཅས་ཉིན་ལྟར་བསྡུ་སྒྲིག་གནང་སྟེ། ཉིན་ ༦༠ ནང་ཚུད་དུ་ས་གནས་རྒྱ་གཞུང་གི་དྲ་རྒྱ་དོ་དམ་ཁང་དང་། ཉེན་རྟོག་ཁང་བཅས་སུ་སྙན་ཐོ་རེ་འབུལ་དགོས་པའི་སྐོར་བཀོད་འདུག

གཞན་ཡང། བོད་རང་སྐྱོང་ལྗོངས་ནང་དེབ་སྐྱེལ་བྱས་ཡོད་པའི་གནས་འཕྲིན་དྲ་རྒྱའི་གླེང་སྟེགས་དང་། ཟིན་བྲིས། ཝེ་པའོ། འཚོལ་བཤེར་དྲ་བ། ལག་ཁྱེར་ཁ་པར་གྱི་དྲ་ལམ་ཞབས་ཞུ་སྡེ་ཁག་བཅས་ཀྱིས་ཀྱང་། བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ལས་ཁུངས་ནང་ཐོ་འགོད་བྱས་ཏེ། གནས་འཕྲིན་དྲ་རྒྱའི་དོ་དམ་ལག་རྩལ་དང་ཞིབ་བཤེར་སྒྲིག་གཞི་ཁག་ལག་བསྟར་བྱ་དགོས་པ་བསྒྲགས་འདུག

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།