བོད་དོན་ལ་ཕྱི་མིག

13/07/2009 10:34

ཉིས་སྟོང་བརྒྱད་ལོའི་བོད་དོན་ལ་ཕྱི་མིག

ཕྱི་ལོ་༢༠༠༨ ལོ་རྫོགས་སོང་བ་དང༌། ༢༠༠༩ ལོ་ང་ཚོའི་མིག་མདུན་དུ་སླེབས་པ་རེད། འདས་མ་ཐག་པའི་ལོ་འདིའི་

ནང་བོད་དོན་ཐད་ཛ་དྲག་གི་གནས་ཚུལ་མང་པོ་ཞིག་བྱུང་ཡོད་པ་རེད། གནས་སྟངས་འདི་ལ་བརྟེན་ནས་ལོ་འདིའི་

ནང་བོད་རྒྱའི་འཐབ་རྩོད་ཀྱི་རྒྱུན་རིང་དུ་བཏང་ཡོད་ལ། བུ་རབས་ཚ་བརྒྱུད་ལ་བརྗེད་མི་ཐུབ་པའི་ལོ་རྒྱུས་ཀྱི་རྨ་ཁ་

ཆེན་པོ་ཞིག་བོད་མི་རིགས་ཀྱི་སེམས་ནང་དུ་བཞག་ཡོད། ྋགོང་ས་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་

གིས་སྐུ་ཚབ་རྣམ་གཉིས་བརྒྱུད་རྒྱ་ནག་གཞུང་ལ་མེར་ཚིག་མེར་གཏུག་གིས་འབྲེལ་བ་བྱས་ཡོད་ཀྱང༌། རྒྱ་གཞུང་གིས་

ཨོ་ལིམ་པིག་རྩེད་འགྲན་ལམ་ལྷོང་ཡོང་ཐབས་ཙམ་ལས་བོད་ཀྱི་གནད་དོན་ཐག་གཅོད་ཡོང་བར་བསམ་བློ་གཏན་

ནས་བཏང་མེད་པས། ད་ཆ་སྐུ་ཚབ་ཐུག་འཕྲད་ལན་མང་བྱས་པ་དེར་གྲུབ་འབྲས་གང་ཡང་མེད་པར་གྱུར་ཡོད།

གནད་དོན་འདི་ནི་རྒྱ་ནག་གཞུང་གིས་བོད་དོན་ཐོག་བསམ་གཞིག་གཏན་ནས་མ་བྱས་པའི་གྲུབ་འབྲས་ཡིན་ལ།

བོད་པ་རང་ངོས་ནས་བཤད་ན་ཕྱི་ཟླ་༥ པའི་ཚེས་ཤར་ཙམ་ལ་སྟབས་བདེ་ནང་ལུགས་ཀྱི་འབྲེལ་མོལ་ཞེས་པ་དང༌།

སྐུ་ཚབ་ཐུག་འཕྲད་ཐེངས་བདུན་པ་གཉིས་བོད་རྒྱའི་གནད་དོན་གྲོས་མོལ་གྱི་ལམ་ནས་ཐག་གཅོད་ཡོང་ཐབས་ཀྱི་

འདོད་ཚུལ་ཡོད་པ་ཁ་ཞེ་གཉིས་མེད་ཡིན་པ་ཙམ་མཚོན་ཐུབ་སྲིད་ཀྱང༌།    དོན་དངོས་ཐུག་འཕྲད་དེ་གཉིས་ལ་

བརྟེན་ནས་བོད་ནང་གི་ཞི་རྒོལ་ཞི་འཇགས་སུ་གྱུར་པ་དང༌། རྒྱལ་སྤྱིའི་གནོན་ཤུགས་རང་ཡལ་དུ་གྱུར་ནས་ཨོ་ལིམ་

པིག་རྩེད་འགྲན་ལམ་ལྷོང་བྱུང་བ་སོགས་རྒྱ་ནག་གཞུང་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་ལས། བོད་དོན་ཐག་གཅོད་

ལ་ཕན་ཐོགས་བྱུང་མེད་པ་མ་ཟད། བོད་ནང་དུ་བཙོན་འཇུག་མནར་གཅོད་གཏོང་བཞིན་པའི་མི་གཅིག་ཙམ་ཡང་

གློད་གྲོལ་གཏོང་ཐུབ་པའི་ནུས་པ་ཐོན་མེད། འདི་ནི་ཆབ་སྲིད་ཀྱི་ཐོག་ནས་བཤད་ན་གྱོང་གུད་དང་ནོར་འཁྲུལ་ཆེན་

པོ་ཞིག་ཡིན་པར་ངོས་འཛིན་བྱེད་ཆོག
    སྐུ་ཚབ་ཐུག་འཕྲད་ཐེངས་༨ པ་ལ་མཚོན་ན་ད་ལྟའི་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་བོད་མི་རིགས་ཀྱི་དགོས་

མཁོ་མཐར་ཐུག་ཏུ་བརྗོད་པའི་མི་རིགས་ས་གནས་རང་སྐྱོང་གི་རགས་ཟིན་ཞིག་རྒྱ་ནག་གཞུང་ལ་ཕུལ་ཡོད་པ་དང༌།

དེའི་ནང་དུ་གཞི་རིམ་གྱི་ཁྲིམས་ལོགས་སུ་དགོས་པ་དང༌།  མང་གཙོ་དགོས་པའི་ཚིག་ཟུར་ཙམ་ཡང་འཁོད་མེད་པ་

རེད།      རགས་ཟིན་དེའི་ནང་དོན་ཐད་ད་ལྟ་རྒྱ་ནག་གཞུང་གི་བཙན་དབང་འོག་ཏུ་ཡོད་པ་དང་ཅུང་མི་འདྲ་བ་

དེ་བོད་རིགས་ཡོངས་རྫོགས་གཅིག་གྱུར་དགོས་པ་དེ་ཙམ་ཡིན་པ་དང༌། གཞན་བཙན་བྱོལ་བོད་གཞུང་གི་སྔོན་མའི་

དགོས་འདུན་དེ་དག་གྲི་ཟད་བརྡར་ཟད་ཅེས་པའི་དཔེ་ལྟར་རིམ་པས་ཆུང་ནས་ཆུང་དུ་སོང་ཡོད།   སྔོན་མ་ཞིག་ལ་

འདོར་ཐབས་མེད་པའི་ཆ་ཤས་གལ་ཆེ་ཤོས་གཉིས་ཡོད་པ་དེ།  མང་གཙོའི་ལམ་ལུགས་དང༌།  བོད་ཆོལ་ཁ་གསུམ་

གཅིག་གྱུར་དེ་ཡིན་མོད། ད་ཆ་མང་གཙོའི་ལམ་ལུགས་དེ་ཕྱིར་འཐེན་བྱས་ཡོད་པ་མ་ཟད། འཛིན་སྐྱོང་གཅིག་གྱུར་

ཞིག་བྱུང་ན་ད་ལྟ་རྒྱ་ནག་གི་དབང་བསྒྱུར་བྱེད་བཞིན་པ་འདི་རང་གིས་འགྲིག་འདུག་ཅེས་བརྗོད་པ་དང་ཁྱད་པར་

གང་ཡང་མེད་པ་ལྟ་བུ་ཆགས་ཡོད།        རྒྱ་ནག་གིས་འབྲེལ་བ་ཡོད་ཙམ་མེད་ཙམ་བྱས་ནས་མུ་མཐུད་སྐུ་ཚབ་མུ་

མཐུད་སྐད་བཏང་ན་ང་ཚོའི་དགོས་འདུན་ད་དུང་ཆུང་དུ་འགྲོ་སྲིད་པ་འདས་པའི་ལོ་ཁ་ཤས་ཀྱི་གནས་སྟངས་ལ་

བལྟས་ན་གསལ་པོ་ཤེས་ཐུབ། རྒྱ་ནག་གཞུང་གིས་ཁ་ཙམ་ནས་ཏཱ་ལས་རང་བཙན་དོར་མེད་ཚུལ་དང༌། རྒྱལ་ཁབ་

ཁ་བྲལ་གཏོང་བཞིན་ཡོད་ཚུལ་སོགས་ཆབ་སྲིད་དགོས་དབང་གིས་སྐྱོན་བརྗོད་འདྲ་མིན་བྱེད་བཞིན་ཡོད་ཀྱང༌།

དོན་དམ་དུ་སྔོན་ནས་མཁྲེགས་འཛིན་བྱས་པའི་འབྲས་བུར་བོད་པའི་གནད་དོན་དེ་སྤོ་ཐོ་རྦབ་ཏུ་བསྒྲིལ་བ་བཞིན་

ཆུང་ནས་ཆུང་དུ་འགྲོ་བཞིན་པས། རིམ་པས་གཏན་ཡལ་དུ་འགྲོ་རྒྱུའི་རེ་བ་ཞིག་མཐོང་བཞིན་ཡོད་པ་རེད།  དོན་

དངོས་ཐོག་ད་ལྟའི་དགོས་འདུན་དེ་གྲོས་མཐུན་དོན་ཚན་བཅུ་བདུན་དང་བསྡུར་ནའང་ཕྱོགས་མང་པོ་ནས་ད་

ལྟའི་འདི་ཚད་དམའ་བ་ཆགས་ཡོད་པ་དང༌། དོན་ཚན་བཅུ་བདུན་ནང་ས་མཚམས་ཀྱི་དབྱེ་བ་གང་ཡང་འཁོད་

མེད་ཀྱང༌།      ད་ལྟའི་དགོས་འདུན་འདིའི་ནང་དུ་བོད་རིགས་ཡོངས་རྫོགས་གཅིག་གྱུར་དགོས་པ་དེ་དོན་ཚན་

བཅུ་བདུན་དང་མི་འདྲ་བ་ཆེ་ཤོས་དེ་ཡིན་པར་འགྲེལ་བརྗོད་བྱེད་མཁན་འདུག་ལ། དོན་དངོས་ཀྱང་དེ་ལྟར་གྱུར་

ཡོད། ད་ནི་བཙན་བྱོལ་བོད་རིགས་ཡོངས་རྫོགས་ཆ་རྐྱེན་གང་ཡང་མེད་པར་མེས་རྒྱལ་གྱི་བང་དུ་ལོག་ཤོག་ཅེས་རྒྱ་

གཞུང་གིས་བརྗོད་པའི་དབང་དུ་བཏང་ན། ལོག་ན་དགའ་འམ། མ་ལོག་ན་དགའ་ཞེས་པ་འདི་དྲི་རྟགས་ཆེན་པོ་

ཞིག་ཏུ་གྱུར་འདུག།

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།