བདག་གི་གཏམ་གླེང་།

09/08/2009 01:15

 ཐོལ་བརྒལ་གྱི་ཚོར་ཤེས་དང་བདག་གི་གཏམ་གླེང་།

འགྲོ་བ་མི་ཞིག་ཡིན་པའི་འདུག་ཤེས་ཀྱི་ངོས་ནས་གླེང་ན།  ང་ཚོ་གང་ལ་སོང་ཡང་ང་ཚོ་རེད་ལ། ང་ཚོ་གང་ནས་བསྡད་

ཀྱང་ང་ཚོ་རང་ཉིན་ཡིན། ང་ཚི་ནི་སུམ་ཉིས་ས་ཡི་དཀྱིལ་འཁོར་བཟུང་བར་གྲགས་པའི་གདོང་དམར་བོད་ཀྱི་རུས་རྒྱུས་

ཡིན་པས། རང་ཉིད་ལྟེ་ཁྲག་འཐོར་སའི་མཛེས་སྡུག་གི་ཕ་ཡུལ་དང་། རང་ཉིན་འཚར་ལོངས་འབྱུང་སའི་ལྷིང་འཇགས་

ཀྱི་རི་གྲོང་། རང་ཉིད་ཀྱི་བསམ་བློ་དང་ལྟ་སྤྱོད་ལ་ཤུགས་རྐྱེན་ཐེབས་སའི་ཞི་བདེའི་ཁོར་ཡུག་དེ་དག་དུས་ནམ་ཡང་

ཡིད་ལ་དྲན་དགོས་ཤིང་། ཅིས་ཀྱང་རང་ཉིད་ཀྱི་སྙིང་ཁར་སྦྱོར་འོས།

 

འཇིག་རྟེན་འཚོ་སྡོད་པ་ཞིག་གི་མི་ཚེའི་ཐད་ན་གླེང་ན། དམིགས་ཡུལ་དང་ལག་ལེན་གཉིས་ནི་རང་ཉིད་ཀྱི་མི་ཚེ་

རླབས་ཆེན་དུ་བསྒྱུར་བྱེད་ཀྱི་གལ་ཆེའི་མ་ལག་དེ་ཡིན་ལ། རང་ཉིད་ཀྱི་མི་ཚེ་ལ་ཁ་དོག་བསྐྲུན་གྱེད་ཀྱི་ཚོན་རྩི་ངོ་མ་

དེ་ཡིན་པས། དམིགས་ཡུལ་ངེས་ཅན་ཞིག་གི་ཐོག་ལ་ལག་ལེན་གནད་དུ་འཁེལ་བ་ཞིག་བསྟར་རྒྱུ་ཧ་ཅང་གལ་ཆེ་ལ།  ག་དུས་ཡིན་ཡང་དམིགས་ཡུལ་དང་ལག་ལེན་བར་གྱི་ཁ་ཐག་ཉེ་རུ་གཏོང་བར་ངེས་པར་དུ་འབད་བརྩོན་བྱེད་དགོས་

ཡིན།

 ཟང་ཟིང་གི་སྤྱི་ཚོགས་འདིའི་ཁྲོད་དུ་འཚོ་སྡོད་བྱེད་བཞིན་པའི་སྐྱེ་བོ་ཞིག་ལ་འཚོན་ན།    སོ་སོའི་ནམ་རྒྱུན་གྱི་སྐད་ཆ་

བཤད་སྟངས་དང་། རྣམ་འགྱུར་སྟོན་སྟངས། སྤྱོད་པ་འཁེལ་སྟངས་སོགས་ནི་རང་ཉིད་ཀྱི་ངོ་བོའི་རིན་ཐང་གསར་བཞེངས་

བྱེད་པའི་རྒྱུ་ཆ་གལ་ཆེན་དེ་ཡིན་པས། དུས་རྒྱུ་དུ་དོན་དག་དེ་རིགས་ལ་སྣང་ཆུང་མི་བྱེད་པར། མི་གཞན་གྱི་གདེང་འཇོག་

དང་གུས་བཀུར་ཐོབ་ཆེད་སྒོ་གསུམ་ཀྱི་བྱ་སྤྱོད་སྤེལ་སྟངས་ཅི་རིགས་ཕྱོགས་ཡོངས་ནས་བསྒྱུར་བཅོས་དང་གོང་འཕེལ་

གཏོང་དགོས།

 མི་ཚེ་རིན་ཐང་དེ་ངོ་མ་བརྗོད་དཀའ་བ་ཞིག་ཡིན་ཡང་། མི་ཚེའི་དུས་ཡུན་དེ་ཧ་ཆང་ཐུང་ཐུང་རེད། ང་ཚོ་ནི་ཚོང་

འདུས་ཀྱི་མགྲོན་པོ་ཇི་བཞིན་འཇིག་རྟེན་འདིར་དབུ་ཁྱུད་འབྲི་བཞིན་སླར་ཡང་འཇིག་རྟེན་འདིར་བཞི་ཤད་འགོད་

དགོས་པ་ཡིན། དེ་ནི་འཇིག་རྟེན་གྱི་ཆོས་ཉིད་ཡིན་པས་སུ་ལའང་དེ་ཉིད་བཟློག་པའི་བསྐལ་ལ་མ་མཆིས་མོད། འོང་

ཀྱང་ང་ཚོས་སྟངས་འཛིན་ཐུབ་པ་ནི་རང་ཉིད་འཚོ་བཞེས་སྐབས་ཀྱི་དུས་ཡུན་དེ་དག་རེད། དེར་བརྟེན། རང་ཉིད་ལ་

དབང་པའི་ཆུ་ཚོད་ཐུང་ཐུང་དེའི་ནང་དུ་ཅིས་ཀྱང་སོ་སོ་རང་ཉིད་ཀྱི་མི་ཚེ་རིན་ཐང་ཡོད་པ་ཞིག་དང་། དོན་སྙིང

ལྡན་པ་ཞིག་བཟོ་ཐུབ་པ་བྱེད་དགོས།

 མི་གཞན་གྱི་མདུན་ནས་རང་ཉིད་མཁས་མདོག་མདོག་བྱེད་པའང་རང་ན་ང་རྒྱལ་གྱི་རྣམ་འགྱུར་སྟོན་པ་ནི། རང་

ཉིད་ཀྱི་རིན་ཐང་ལ་རང་ཉིད་ཀྱིས་རྡོག་བརྫིས་གཏོང་བའི་ཅོལ་ཆུང་གི་བྱེད་སྟངས་ཤིག་ལས་ཅང་མིན། གལ་ཏེ་ཁྱོད་

ལ་གཞན་གྱི་དཀུར་བརྩི་དང་ཆེ་མཐོང་དགོས་ཚེ། ངེས་པར་དུ་ང་རྒྱལ་གྱི་གྲིབ་གཟུགས་ནག་པོ་དེ་དག་རྒྱང་དུ་གྱེས་

ཐུབ་པ་བྱེད་དགོས།

 ང་ཚོ་དང་འབྲེལ་འདྲིས་ཟལ་པའི་བརྩེ་དུང་ལ་མཚོན་ན། གང་ཟག་སོ་སོའི་ངེས་དོན་གྱི་མི་ཚེའི་བདེ་སྡུག་དང་ཐད་ཀར་

འབྲེལ་བ་ཆགས་ཡོད་པའི་ཆ་ནས། རང་ཉིད་ཀྱི་རླབས་ཆེ་བའི་མི་ཚེ་དང་།  རང་ཉིད་ཀྱི་རླབས་ཆེ་བའི་བྱ་གཞག་སོགས་ལ་

འདྲེ་ལོག་དང་རྨས་སྐྱོན་མི་འབྱུང་བའི་ཕྱིར་དུ། སོ་སོ་རང་ཉིད་ཀྱི་བརྩེ་དུང་དེ་ཡང་ཡང་དག་པའི་ལམ་ཁ་ཞིག་ཏུ་བསྒྱུར་

རྒྱུ་ནི་གལ་ཆེ་ནང་གི་དོན་ཆེན་རེད།

 བུད་མེད་ནི་གནམ་གྱི་ཕྱེད་ཀ་ཡིན་ཞེས་གསུངས་བ་བཞིན་གལ་ཏེ་ཁྱོད་རང་རླབས་ཆེན་གྱི་བྱ་གཞག་ལ་བརྩོན་མཁན་

ཞིག་ཡིན་ཚེ། བུད་མེད་ནི་ཁྱེད་ཀྱི་གཤོག་ཟུང་ཡ་གཅིག་ཡིན་པ་ནམ་ཡང་བརྗེད་མི་རུང་། ཡིན་ཡང་བུད་མེད་ཀྱི་སྐྱེ་གཟུཌ

ཆ་གཅིག་པའི་ཐད་ལ་ལུས་སེམས་ཤོར་བ་ཡིན་ན་དེ་ལས་ཁྱེད་ལ་ཆགས་སྒོ་ཆེན་པོ་ཞིག་དང་སེམས་སྡུག་ལྕི་མོ་ཞིག་ལས་

གང་ཡང་ཐོབ་མི་སྲིད་པས་རང་ཉིད་ཀྱི་མི་ཚེ་རིན་ཐང་དང་།   རང་ཉིད་འཚོ་སྡོད་ཀྱི་བདེ་སྐྱིད་སླད་དུ་མི་ཚེ་ཧྲིལ་པོར་

རང་ཉིད་ལ་བརྩེ་བ་སྤྲོད་མཁན་ཞིག་དང་ཡང་ན་ཁྱེད་ཕྱོགས་སུ་ལངས་ནས་ཁྱོད་ཀྱི་བྱ་གཞག་ལ་རྒྱབ་བསྐྱོར་དང་གཞོག་

འདེབས་བྱེད་ཐུབ་མཁན་ཞིག་འཚོལ་རྒྱུ་ནི་ནམ་ཡང་ནོིར་འཁྲུལ་འབྱུང་མི་རུང་བའི་ཁྱེད་ཀྱི་མི་ཚེ་ནང་གི་གདམས་བྱ་

དང་པོ་དེ་ཡིན།

 ངོ་ཚོ་ཚང་མ་སྤྱི་མཐུན་གྱིས་བགྲོད་དགོས་པའིོ་བརྩེ་དུང་གི་ལམ་ཁ་དེ་ནི་གཡང་གཟར་ཆེ་ཞིང་ཁོད་སྙོམས་མེད་པས།

བགྲོད་མ་ཤེས་ན་མུན་ནག་གི་ཁ་བ་འབབ་སའི་རི་གྲོང་ཞིག་ལ་སླེབས་ངེས་ཀྱང་། གལ་ཏེ་ལེགས་བགྲོད་ཐུབ་ཚེ་མཛེས་

སྡུག་གི་མེ་ཏོག་འཕུར་བའི་ལྷིང་འཇགས་ཀྱི་མཚོ་ཁུག་ཅིག་ལ་སླེབས་ཐུབ།   འོན་ཀྱང་སྙན་ངག་པའི་སྨྱུག་རྩེར་བཞུར་

བའི་ལྷད་མེད་དྭངས་གཙང་གི་བརྩེ་དུངས་ཤིག་འཇིག་རྟེན་འདིར་གཏན་ནས་མེད་ཅེས་པའི་གནས་ལུགས་ཟབ་མོ་

དེ་ཧ་མ་གོ་བའི་ཐོིག་ནས། སྟོང་བསམ་དང་རྨི་ལམ་རྐྱང་རྐྱང་གྲོགས་སུ་བཀུག་ཏེ། རང་ཉིད་ཀྱི་མི་ཚེ་དོན་མེད་འཕྲོ་

བརླག་ཏུ་གཏོང་མི་རུང་།

 

དཔལ་འབྱོར་གྱི་འགྲན་རྩོད་ཆེས་ཆེར་དར་བའི་དེང་སང་གི་སྤྱི་ཚོགས་འདིའི་ཁྲོད་དུ། སྐྱེ་ཕོ་མོ་མང་པོ་ཞིག་གིས་མི་

ཚེའི་གལ་ཆེའི་རང་བཞིན་དང་། བརྩེ་དུང་གི་དྭངས་གཙང་རང་བཞིན་ཧ་མ་གོ་བའི་ཐོག་ནས་རང་ཉིད་ཀྱི་མི་ཚེའི་

རིན་ཐང་དང་། རང་ཉིད་ཀྱི་བརྩེ་དུངས་ཀྱི་རིན་ཐང་རྡོག་བརྫིས་གཏོང་བཞིན། ཨུ་ཚུགས་ཀྱིས་ཀློང་ནས་དཔལ་ཀྱི་

རྗེས་སུ་འདར་རྒྱུག་བྱེད་བཞིན་ཡོད་པ་རེད།   གལ་ཏེ་ཁྱེད་རང་མི་ཚེ་དང་བརྩེ་དུང་གི་རིན་ཐང་ལ་གདེང་འཇོག་

བྱེད་མཁན་ཞིག་ཡིན་ཚེ། སྐུགས་པའི་ཨུ་ཚུགས་ཀྱི་སྤྱོད་ཚུལ་འདི་་དང་དུས་ནམ་ཡང་ཁ་ཐག་རིང་གཏོང་དགོས།

 

གལ་ཏེ་ཁྱེད་རང་ངེས་དོན་གྱི་ཤེས་ཡོན་པ་ཞིག་ཡིན་ཚེ། རང་ཉིད་རང་གི་ངོས་འཛིན་ཟིན་ཐུབ་རྒྱུ་གལ་ཆེ་ལ།

རང་ཉིད་ཀྱི་རིན་ཐང་ལ་རང་ཉིད་ཀྱི་གདེང་འཇོག་བྱེད་རྒྱུ་དེ་བས་ཀྱང་གལ་ཆེ། དེ་བཞིན་གཞན་དབང་གི་བསྒྱུར་

བཅོས་དང་བཀོལ་སྤྱོད་འོག་མ་ཚུད་པའི་ཚུགས་ཐུབ་རང་བཞིན་གྱི་བསམ་བློ་ཞིག་དགོས་རྒྱུ་ནི་རང་ཉིད་ཤེས་ཡོན་

པ་ཞིག་ཡིན་པའི་སྒྲུབ་བྱེད་ངོ་མ་དེ་ཡིན་པ་ངེས་པར་དུ་སེམས་སུ་བཟུང་དགོས།

འདི་ནི་བདག་གི་ཆེས་ཐོག་མའི་མི་ཚེའི་མྱོང་སྣང་གསར་པ་ཡིན་ལ། ཁྱེད་ཚོས་ཕུལ་བའི་ཐ་སྙད་རིན་མེད་ཀྱི་ལག་

རྟགས་ཤིག་ཀྱང་ཡིན།

སྤྱི་ལོ་༢༠༠༩ སྤྱི་ཟླ་༨ ཚེས་༩ ཉིན་བྲིས།།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།