དྲང་བདེན་གྱི་གླེང་སྟེགས

05/12/2009 20:40

འཛམ་གླིང་དྲང་བདེན་གྱི་གླེང་སྟེགས་དང་ཨེ་ཤི་ཡའི་གཞོན་ནུའི་དབུ་

                  ཁྲིད་ཀྱི་ཚོགས་ཆེན།

 སྤྱི་ལོ་༢༠༠༩ཟླ་༡༢ཚེས་༤ཉིན་མཱ་ལེ་ཤིས་ཡའི་རྒྱལ་ས་ཀུའུ་ལ་ལམ་པུར་ནས་གནས་ཚུལ་སྤེལ་གསལ་ལྟར་ན།

ཨ་རིའི་ཧ་ཝལ་ཌ་ཁྲིམས་ལུགས་སློབ་གྲྭ་ཆེན་མོའི་ནང་དམིགས་གསལ་སློབ་གཉེར་བ་མཁས་དབང་བློ་བཟང་

སེང་གེ་ལགས། སྤྱི་ཟླ་༡༡པའི་ཚེས་༢༠ནས་༢༢བར་འཛམ་གླིང་དྲང་བདེན་གྱི་གླེང་སྟེགས་ཐེངས་གཉིས་པ་དང༌།

ཨེ་ཤི་ཡའི་ཆེས་མཐོའི་གཞོན་སྐྱེས་དབུ་ཁྲིད་༢༡གི་ཁོངས་སུ་ཡོད་པའི་ལྷན་ཚོགས་དེར་ཚོགས་ཞུགས་གནང་

ཡོད་འདུག

དཀོན་མཆོག་བོད་རང་བཙན་དྲ་ཚིགས

ལོ་འཁོར་གྱི་ཚོགས་ཆེན་ཐེངས་བཞི་པ་དེར་མཱ་ལི་ཤི་ཡའི་རྒྱལ་ས་ཀུའེ་ལ་ལམ་པུར་དུ་ཚོགས་ཡོད་ཅིང༌། ཚོགས་

ཆེན་དེར་ཨེ་ཤི་ཡའི་མཐུན་གྲོགས་རྒྱལ་ཁབ་༣༠ཙམ་ནས་ཁྱོན་ཚོགས་ཞུགས་པ་མི་གྲངས་༡༥༠ལྷག་ཙམ་ཡོད་

འདུག  ཨེ་ཤི་ཡའི་གཞོན་སྐྱེས་དབུ་ཁྲིད་༢༡གི་ལྷན་ཚོགས་འདི་ནི་ས་ཁུལ་ཁག་གི་དབུ་ཁྲིད་རྣམས་ཀྱིས་རང་

འགུལ་གྱི་ནུས་པ་གསར་གཏོད་བྱེད་པའི་འཆར་གཞི་དང་ཐབས་ལམ་སོགས་ཀྱི་སྐོར་ཕན་ཚུན་ཉམས་མྱོངས་

སྤེལ་རེས་དང༌། གཞི་རྩའི་མ་འོངས་མི་རབས་གསར་པའི་གཞོན་སྐྱེས་དབུ་ཁྲིད་རྣམས་ལ་སློབ་སྦྱོང་སྤྲད་ཕྱོགས་

སོགས་ཀྱི་ཐད་མཉམ་ལས་ཀྱི་ལས་འགུལ་ཞིག་ཡིན་ཚུལ་ཨེ་ཤི་ཡའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་རྗལ་

མིད་མི་ཊི་རྫལ་ལགས་ཀྱིས་འགྲེལ་བརྗོད་གནང་ཡོད་འདུག ཁོང་ནི་ལས་རིམ་དེའི་གཙོ་སྐྱོང་བ་ཞིག་ཀྱང་ཡིན་

འདུག

ཡང་ཁོང་གིས་བློ་བཟང་སེང་གེ་ལགས་ནི་དེ་སྔོན་སྤྱི་ལོ་༢༠༠༦ལོར་ཨེ་ཤི་ཡའི་གཞོན་སྐྱེས་དབུ་ཁྲིད་༢༤ཡི་ཁོངས་

སུ་ཡོད་པའི་ང་ཚོའི་མཉམ་འབྲེལ་ནང་འཛུལ་ཞུགས་བྱས་པ་ཞིག་རེད་ཅེས་དང་། ལྷན་ཚོགས་འདི་རྩ་འཛུགས་

གནང་མཁན་ནི་ཨེ་ཤི་ཡའི་མཐུན་ཚོགས་དང༌། རྒྱབ་སྐྱོར་གནང་མཁན་སྦྱིན་བདག་གཙོ་བོ་རྒྱལ་སྤྱི་དང་ལྷག་

པར་ཨ་རིའི་དངུལ་ཁང་མི་རལ་ལིན་ཆིན་ཞེས་པ་དེ་ཡིན་འདུག

ཐེངས་འདིའི་ལྷན་ཚོགས་དེར་ཨེ་ཤ་ཡའི་གཞོན་སྐྱེས་ནུས་པ་ཅན་གྱི་གནས་ཡོད་མི་སྣ་ཁྱོན་༥༠༠ཙམ་ཡོད་པའི་

ནང་ནས། ཚོང་ལས་པ་དང༌། གློག་བརྙན་བཟོ་སྐྲུན་པ།  ཁོར་ཡུག་ལས་འགུལ་བ།  འགྲོ་བ་མིའི་ཐོབ་ཐང་གི་

ཁྲིམས་རྩོད་པ། གྲོས་ཚོགས་ཀྱི་འཐུས་མི། དམག་དོན་ཆེད་ལས་མི་སྣ། སྒྱུར་རྩལ་གྱི་འཁྲབ་སྟོན་པ་སོགས་ཡོད་

འདུག ཨེ་ཤ་ཡའི་གཞོན་ནུ་དབུ་ཁྲིད་ཀྱི་ཚོགས་ཆེན་དེའི་སྔོན་དུ་སྤྱི་ཟླ་༡༡པའི་ཚེས་༡༠ཉིན། མཁས་དབང་བློ་

བཟང་སེང་གེ་ལགས་ཀྱིས་ཨ་རིའི་གྲོང་ཁྱེར་བྷ་སི་ཊོན་དུ་ཡོད་པའི་སུའུ་པོལ་ཁི་མཐོ་རིམ་སློབ་གཉེར་ཁང་

གཏམ་བཤད་དང༌། དེ་རྗེས་སྤྱི་ཟླ་༡༡པའི་ཚེས་༡༢ནས་༡༤བར་ཨོ་སི་ཊི་རའ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ཝི་ནཱ་

དུ། འཛམ་གླིང་གི་རྒྱལ་ཁབ་ཁག་༩༠ཙམ་ནས་ཁྲིམས་དཔོན་དང༌། ཁྲིམས་རྩོད་པ། མཁས་དབང་བཅས་ཁྱོན་

མི་གྲངས་༣༦༠ཙམ་ལྷན་འཛོམས་བྱས་ཡོད་པའི་འཛམ་གླིང་དྲང་བདེན་གྱི་གླེང་སྟེགས་ཐེངས་གཉིས་པའི་ཐོག་

ཚོགས་ཞུགས་གནང་ཡོད་འདུག དེའི་སྐབས་སུ་ཁོང་གི་བརྗོད་གཞི་དང་མཐུན་པའི་འགྲོ་བ་མིའི་ཐོབ་ཐང་དང་

བོད་ཀྱི་གནད་དོན་སོགས་གཏམ་བཤད་བྱས་ཡོད་འདུག

གཞན་ཡང་མཁས་དབང་བློ་བཟང་སེང་གེ་ལགས་སྤྱི་ཟླ་༡༡པའི་ཚེས་༡༦ནས་༡༧བར་ཉིན་གཉིས་རིང༌། ཨི་ཊ་ལིའི་

ལྷོ་ཊི་རོལ་གཞུང་གིས་གོ་སྒྲིག་ཞུས་པའི་༼རང་སྐྱོང་སྲིད་གཞུང་གི་ལག་ལེན་ཡག་ཤོས༽ཞེས་པའི་བརྗོད་གཞི་

དེའི་ཐོག་ཚོགས་ཞུགས་བྱས་ཡོད་འདུག་པ་དང༌། མཱ་ལེ་ཤི་ཡའི་ལྷན་ཚོགས་དེའི་རྗེས་སུ་སྤྱི་ཚེས་༢༣ཉིན་མཁས་

དབང་བློ་བཟང་སེང་གེ་ལགས་ཀྱིས། ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་མཐོ་རིམ་སློབ་གྲྭ་ཆེན་མོའི་ནང་བོད་པའི་རང་

དབང་གཙང་མའི་བདག་དབང་དང་འགྲོ་བ་མིའི་ཐོབ་ཐང་སྐོར་གཏམ་བཤད་ཡང་བྱས་ཡོད་འདུག

  རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བའི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་ཞུས།། 

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།