དྲ་རྒྱ་ཀློག་མཁན་ས་ཡ་གསུམ

14/12/2011 17:00

 

བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ཀློག་མཁན་ས་ཡ་གསུམ་ཡོད།

བོད་ཀྱི་བང་ཆེན།

དེ་རིང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲ་རྒྱ་བསྐྱར་བཟོ་ལེགས་འགྲུབ་ཀྱི་དབུ་འབྱེད་མཛད་སྒོ་ཞིག་འཚོགས་ཡོད་པ་དང་། དྲ་རྒྱ་དེ་ཀློག་མཁན་དུས་རྒྱུན་ཟླ་བ་རེའི་ནང་ས་ཡ་༣ དང་འབུམ་༥ ཡས་མས་ཡོད་སྐོར་འབྲེལ་བརྗོད་བྱས་སོང་།

tiebet.net1དེ་ཡང་ཟླ་འདིའི་ཚེས་༡༤ ཉིན་གྱི་སྔ་དྲོ་གངས་སྐྱིད་ལྷག་པ་ཚེ་རིང་ཚོགས་ཁང་དུ་དྲ་རྒྱ་དབུ་འབྱེད་ཀྱི་མཛད་སྒོ་འཚོགས་པ་དང་། བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་དབུ་འབྱེད་གནང་བ་དང་། དེ་དང་འབྲེལ་བའི་གསུང་བཤད་གནང་སྐབས། དེང་སྐབས་སྤྱི་ཚོགས་ནང་དྲ་རྒྱའི་ཐོག་ནས་གནས་ཚུལ་རྒྱུས་ལོན་དང་། ཕན་ཚུན་འབྲེལ་བ་ཤུགས་ཆེན་བྱེད་ཀྱི་ཡོད་པས་གལ་ཆེན་པོ་རེད་ལ། དང་ཐོག་ཁས་ལེན་བྱས་པ་བཞིན་ཡར་རྒྱས་གང་འཚམས་བཏང་ཡོད། དྲ་རྒྱ་དེ་ཀློག་མཁན་རྒྱལ་ཁབ་༡༤༥ ཡོད་པའི་ནང་ནས་མང་ཤོས་ཉི་ཤུ་རྩ་ལྔའི་ནང་རྒྱ་ནག་ཚུད་ཀྱི་ཡོད་པས། བོད་ནང་གི་བོད་མི་ཚོས་གཟིགས་ཀྱི་ཡོད་པ་རེད། ཟླ་བ་རེའི་ནང་ཀློག་མཁན་ས་ཡ་༣ དང་འབུམ་༥ ཡས་མས་ཡོད་པ་དང། རིམ་པས་ཟླ་བ་རེའི་ནང་ས་ཡ་དྲུག་བྱུང་བ་ཡིན་ན། བོད་མི་ས་ཡ་དྲུག་རེད། དྲ་རྒྱ་ལྟ་མཁན་ཡང་ས་ཡ་དྲུག་སླེབས་རྒྱུར་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་པ་དང་འབྲེལ། དྲ་རྒྱ་བསྐྱར་བཟོ་བྱེད་མཁན་གྱི་ལས་བྱེད་རྣམས་ལ་ཐུགས་རྗེ་ཆེ་ཞེས་གསུང་བཤད་གནང་ཡོད་པ་རེད།།

https://tibet.net/ ཐོག་ཏུ་ད་ལྟ་ངོ་དེབ། ཟིན་བྲིས། ཡོའུ་ཊོབ། པར་མཛོད་སོགས་སྤྱི་ཚོགས་འབྲེལ་མཐུད་ཀྱི་བརྒྱུད་ལམ་ཁག་ཀྱང་གསར་སྣོན་བྱས་ཡོད་པ་རེད།།

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།