ཐེའུ་རང་ལ་ཕུལ་

04/08/2009 21:07

ཐེའུ་རང་ལ་ཕུལ་བའི་སེམས་ཚོར།

རྩོམ་པ་པོ།  རྩེ་སྐར།        བོད་ཀྱི་དུས་བབ་ནས་འདིར་བཀོད།

 ཐེའུ་རང་། བོད་པ་ཚང་གི་བདེན་དོན་གྱི་ཆེད་དུ་སྟོེབས་ཀྱིས་འགྱིང་ཞིང་དུས་རབས་འདིའི་ཁ་དོག་གླེང་བའི་བུ་

རྒོད་པོ། ན་ནིང་ཁྲག་གིས་ཚོས་པའི་ལ་རྒྱའི་སྨྱུག་རྩེ་དགུང་ལ་བཏེགས་ཏེ་ཁ་ཆར་བུ་ཡུག་འཚུབ་པའི་སྒང་བ་ཚང་

གི་གཏམ་རྒྱུད་གླིང་ལ་བྲིས། མགོ་ཐོག་གི་དུས་ཚུགས་འདི་ནས་གླེང་དགོས་པ་དེ་སྙིང་གི་ཟབ་ས་ནས་གླེང་སྟེ་རང་

ཉིད་ཀྱི་སེམས་ཁྲག་ལ་འཁྱིལ་བའི་དུངས་ཀ་དང་ཤ་ཞེན་རུས་གསེང་ནས་ཕྱི་རུ་ཕུལ་བས། ང་དང་ང་ལྟ་བུའི་ན་ཟླ་

ཚོ་ཤ་ཞེན་གྱི་སྙིང་རྩ་འཕར་ནས་ཚོད་ཚོད་ལ་ངུ་རུ་བཅུག


 ཐེའུ་རང་། བོད་པ་ཚང་གི་བདེ་སྡུག་གི་ཆེད་དུ་ཤུགས་ཀྱིས་བཞུད་ཅིང་མི་རབས་འདིའི་ལ་རྒྱ་ཉར་བའི་བུ་རྒོད་པོ།

ད་ལོ་ཡང་ཁྱོད་ལ་ཡོད་པའི་ལ་རྒྱ་མེ་རི་བཞིན་ཤུགས་ཀྱིས་འབར་ནས་ཡོད་སྟབས་ཤ་ལ་དགའ་ཞིང་ཁྲག་ལ་རོལ་བའི་

དམ་སྲིའི་ཚོགས་གང་ཞིག་གི་བྱས་ཉེས་ཡིན་ནམ། ཁ་སང་རྒྱ་མཚོར་རྡོ་འཕང་བ་བཞིན་ཁྱེད་རང་གློ་བུར་གར་སོང་ཆ་

མེད་ཀྱིས་རི་ལུང་སྟོང་སེང་ངེར་ལྷག་པའི་གཏམ་ངན་མི་ཁ་རླུང་གིས་འཁུར་ནས་ཡོང་།  ང་དང་ང་ལྟ་བུའི་ཁྱོད་ཀྱི་

ན་ཟླ་ཚོ་ཕངས་སེམས་དང་ཞེ་འཁོན་གྱི་ཀློང་ནས་རང་དབང་མེད་པར་ངུ་ཁ་ཤོར་སོང་།

 

ཐེའུ་རང་། བུ་རྒོད་པོ། ཁྱོད་གང་དུ་སོང་བ་ལ་གཟི་བརྗིད་ཡོད། ཁྱོད་དང་ཁྱོད་ཀྱི་ཁྲག་ཡིག་གིས་བསྐྱེད་པའི་ན་ཟླ་

ཚོས་རྒྱ་མཚོའི་མཐའ་ལ་གཏུགས་ཏེ་ཁྱོད་རང་འཚོལ་འདོད་ཀྱི་སེམས་པ་ཧ་ཅང་བྲེལ་འཚུབ་འཚུབ་ཡོད

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།