ཉིན་ཟླ་སྐར་3

29/10/2009 20:20

              བཀྲ་ཤིས་པའི་ཉིན་ཟླ་སྐར་གསུམ།།

 

དཀོན་མཆོག་བོད་རང་བཙན་དྲ་ཚིགས།

            ལེན་མཁན།                                                བློ་བཟང་།

              ༡༽

གངས་ཅན་བོད་ཀྱི་རྒྱལ་ལོ། །

རྒྱལ་བ་བསྟན་འཛིན་རྒྱལ་མཚོ། །

གངས་རི་ལྗོངས་ལ་བྱོན་ནས། །

ཞབས་པད་བརྟན་པའི་བཀྲ་ཤིས། །

               ༢༽

གདོང་དམར་བོད་ཀྱི་དེད་དཔོན། །

པཎ་ཆེན་སྣང་བར་མཐའ་ཡས། །

གདོང་དམར་བོད་ལ་བྱོན་ནས། །

དར་ཞིང་རྒྱས་པའི་བཀྲ་ཤིས། །

            ༣༽

འདི་ཕྱིའི་གཏན་གྱི་སྐྱབས་གནས། །

སྐྱབས་རྗེ་ཀརྨ་རིན་ཆེན། །

ཁ་བའི་ལྗོངས་ལ་བྱོན་ནས། །

ཞབས་པད་བརྟན་པའི་བཀྲ་ཤིས། །

 

                 ༈

བསིལ་ལྡན་ཁ་བའི་ལྗོངས་ལ། །

སྐྱབས་རྗེ་ཉི་ཟླ་སྐར་གསུམ། །

གངས་རི་ལྗོངས་ལ་བྱོན་ནས། །

བོད་མིའི་རླུང་རྟ་དར་སོང་། །

 

          


[]
Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།