ངེད་ཀྱིས་སེམས་ཁྲལ་བྱེད་སའི་འཛམ་གླིང་ཡང་ཐོག་གི་བོད་ཀྱི་རང་བྱུང་གཏེར་མཛོད།

21/08/2008 14:48

 

ཕྱི་ལོ་༢༠༠༨ལོའི་ཟླ༦པའི་ཚེས་༡༧ཉིན་རྒྱ་གར་རྡ་ལམ་ས་ལར་བྲིས།


ངེད་རང་བོད་དུ་སྐྱེས་ཤིང་བོད་དུ་འཚར་ལོངས་བྱུང༌། ཁོམ་པ་ནམ་ཡོད་ལ་

རང་གི་ཕ་ཡུལ་གྱི་ཕྱོགས་སུ་བསམ་བློ་བཏང༌། ཕ་ཡུལ་གྱི་མཛེས་སྡུག་ལྡན་

པའི་རི་ལུང་དང་ནགས་ཚལ། ད་དུང་མེ་ཏོག་སྣ་བརྒྱ་བཞད་པའི་རྩ་ཐང༌། འབྲུ་དྲུག་སྙེ་མ་ལྡེམས་པའི་ཞིང་ཁ། ད་དུང་ཕ་ཡུལ་གྱི་མཛེས་སྡུག་ཡོད་ཚད།

ངས་འདི་ལྟར་ཕ་ཡུལ་གྱི་ཕྱོགས་སུ་བསམ་བློ་གཏོང་གིན་གཏོང་གིན། ཕ་ཡུལ་གྱི་རང་བྱུང་གཏེར་མཛོད་དང་དེའི་འཇིག་ཉེན་གྱི་ཕྱོགས་ལ་བསམ་བློ་བཏང༌།

དེ་ཡང་རང་གིས་བཀླགས་ཟིན་པའི་ཞིབ་འཇུག་གི་དཔེ་དེབ་ཁ་ཤས་ཤིག་གཞི་ལ་བཞག་ནས་ཕ་ཡུལ་གྱི་རང་བྱུང་གཏེར་མཛོད་སྐོར་ལ་རྩོམ་ཞིག་འབྲི་རྒྱུའི་

འགོ་བརྩམས། རྩོམ་འདི་ཡང་དུས་ཚོད་ཐུང་ངུ་ཞིག་གི་ནང་ལ་བྲིས། རྩོམ་འདི་ནི་ནམ་རྒྱུན་འབྲི་ཡན་དུ་སོང་བའི་རྩོམ་ཞིག་མིན། རྩོམ་འདི་དགོས་དབང་

ཆུང་ངུ་ཞིག་གི་རྐྱེན་བྱས་ཏེ་བྲིས་བ་ཡིན། རྩོམ་འདི་མ་བྲིས་བའི་སྔོན་ལ་ངེད་ཀྱི་སེམས་སུ་དྲན་ཚོར་འདི་འདྲ་ཞིག་འཁོར། བོད་ཀྱི་རྩོམ་འབྲི་བ་རྣམས་ལ་མཚོན་ན་ཡང༌།

བརྗོད་བྱ་སྣ་མང་གི་ཕྱོགས་ལ་དཔྱད་བརྗོད་དང་ཞིབ་འཇུག་བྱེད་དགོས་བ་གལ་ཆེར་མཐོང༌།

གཅིག
བོད་ཀྱི་ས་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ས་ཡ་གཉིས་དང་འབུམ་ལྔ་ལྷག་ཡོད་ལ་འཛམ་གླིང་སྤྱིའི་ས་ཁྲའི་དབང་དུ་བྱས་ན། རྒྱ་གར་དང་བལ་ཡུལ༌།

འབྲུག་ཡུལ་བཅས་ཀྱི་བྱང་དང་པ་ཀི་སི་ཐན་དང་ཨ་ཧཕི་རྒཱ་ནི་སི་ཐན་གྱི་ཤར།ཤར་ཏུར་ཀི་སི་ཐན་གྱི་ལྷོ། རྒྱ་ནག་གི་ནུབ་ཕྱོགས་སུ་གནས་ཤིང་རྒྱ་མཚོའི་ངོས་

ནས་མཐོ་ཚད་རྨིད་༤༠༠༠ཡོད་སར་གནས་སྡོད་བྱེད་ཀྱི་ཡོད་པས་འཛམ་གླིང་གི་ཡང་རྩེ་ཞེས་འབོད་ཀྱི་ཡོད། ཡོངས་གྲགས་སུ་བོད་ནི་ལྷོ་ཤར་ཨེ་ཤ་ཡའི་

ཡུལ་གྲུ་ཁག་གི་ཆུ་བོ་ཆེན་པོ་ཐམས་ཅད་ཀྱི་འབྱུང་ཁུངས་ཆགས་ཡོད་པ་མ་ཟད་ལོ་རེར་བོད་ནས་ཁྱོན་བསྡོམས་ཆུ་སྟོང་རྨིད་གྲུ་བཞི་མ་༦༢༧ལྷག་ཕྱི་ལོག་ལ

་བཞུར་གྱི་ཡོད་ཅིང་དེ་ནི་ཨེ་ཤ་ཡ་ཧྲིལ་བོའི་ལོ་རེའི་ཆུའི་ཐོན་འབབ་ཀྱི་བརྒྱ་ཆ་༦དང་གཏན་འཇགས་ཆུ་བོའི་རྒྱུགས་ཚད་ཀྱི་བརྒྱ་ཆ་༡༡ནས་༡༤བར་དང༌།

རྒྱ་གར་རྒྱལ་ཁབ་ཀྱི་ཆུའི་ཐོན་ཁུངས་ཀྱི་བརྒྱ་ཆ་༣༤ཟིན་གྱི་ཡོད་ལ་ལྷག་པར་དུ་རྒྱ་ནག་གི་ཆུ་གློག་ནུས་པའི་གསུམ་ཆ་གཉིས་ཙམ་བོད་ཀྱི་གཙང་པོ་ཁག་ལ་

བརྟེན་དགོས་ཆགས་ཀྱི་ཡོད།སྟོད་མངའ་རིས་ཕྱོགས་ཀྱི་གངས་རིན་པོ་ཆེ་ནས་འབབ་པའི་རྟ་མཆོག་ཁ་འབབ་ནི་རྒྱ་གར་ཤར་ཕྱོགས་ས་ཁུལ་གྱིཨཱ་སཱམ་བརྒྱུད་

རྦཱང་ལཱ་རྡེའ་ཞིའ་ནང་ལ་འབབ་ཀྱི་ཡོད་ཅིང་དེ་རུ་མི་མང་ས་ཡ་༡༢༨ལྷག་གི་ཞིང་ལས་འདེབས་འཛུགས་ཀྱི་དགོས་མཁོ་བསྐོང་ཐུབ་ཀྱི་ཡོད༌།རྨ་བྱ་ཁ་འབབ་ནི་

སྤུ་ཧྲེང་བརྒྱུད་བལ་ཡུལ་དང་རྒྱ་གར་གྱི་མངའ་སྡེ་(uttar pradesh)བརྒྱུད་རྒྱ་གར་རྒྱ་མཚོར་འབབ་ཀྱི་ཡོད་ཅིང་དེ་ལ་ཕྱི་རོལ་བ་དང་ནང་པ་གཉིས་ཀས་

རྩ་ཆེར་བརྩི་ཡི་ཡོད་པ་མ་ཟད་རྒྱ་གར་རྒྱལ་ཁབ་ཀྱི་དཔལ་ཡོན་རིག་གནས་ཐད་གོ་གནས་གལ་ཆེན་བཟུང་ཡོད།གླང་ཆེན་ཁ་འབབ་ནི་རྒྱ་གར་བྱང་ཕྱོགས་ཀྱི་

པན་ཇིབ་མངའ་སྡེ་བརྒྱུད་པ་ཀི་སི་ཐན་ནང་ལ་བཞུར་གྱི་ཡོད་ཅིང་དེ་ནི་པ་ཀི་སི་ཐན་གྱི་ཆུའི་འབྱུང་ཁུངས་གཙོ་བོ་ཆགས་ཀྱི་ཡོད།སེང་གེ་ཁ་འབབ་ནི་རྒྱ་གར་

བྱང་ཕྱོགས་ཀྱི་ས་ཁུལ་ལ་དྭགས་ནས་ཀ་སྨིར་དང་པ་ཀི་སི་ཐན་བརྒྱུད་ཨ་རབ་རྒྱ་མཚོར་འབབ་ཀྱི་ཡོད།རྫ་ཆུ་དང་ངོམ་ཆུ་གཉིས་རྒྱ་ནག་བརྒྱུད་ཐའེ་ལན་ཀྲི་དང་

ཁཱམ་པོ་སྒྲིས་ཡ།ལོའོ།ལྦེས་ཀྲི་ནམ་བཅས་ཀྱི་ནང་ལ་རྒྱུགས་ཀྱི་ཡོད་ཅིང་རྒྱལ་མོ་རྔུལ་ཆུ་ནི་མ་ཡན་མར་རྒྱལ་ཁབ་ཀྱི་ལྷོ་ནུབ་ཕྱོགས་སུ་རྒྱུགས་ཀྱི་ཡོད་ཅིང་དེ་ནི་

རྒྱལ་ཁབ་དེའི་ཆུའི་འབྱུང་ཁུངས་གཙོ་བོ་ཆགས་ཀྱི་ཡོད།རིང་ཚད་ལ་སྟོང་རྨིད་༤༧༠༠ཡོད་པའི་རྨ་ཆུ་དང་སྟོང་རྨིད་༦༣༠༠ཡོད་པའི་འབྲི་ཆུ་གཉིས་ནི་རྒྱ་ནག་གི་

དཔལ་ཡོན་ཡར་རྒྱས་ཀྱི་འབྱུང་ཁུངས་ཡིན་པ་མ་ཟད་ལྷག་པར་དུ་རྨ་ཆུ་ལ་མཚོན་ལ་རྒྱ་ནག་བྱང་རྒྱུད་ཀྱི་མི་མང་ས་ཡ་༥༥༠དང་ཞིང་ལས་ཀྱི་གསུམ་ཆ་གཉིས་ཀྱི་

བརྟེན་ས་ཆགས་ཀྱི་ཡོད་པ་མ་ཟད་གྲོང་ཁྱེར་ཆེ་ཁག་༥༠ལྷག་ལ་ཆུ་ཡི་དགོས་མཁོ་བསྐོང་ཐུབ་ཀྱི་ཡོད།འབྲི་ཆུར་མཚོན་ན་རྒྱ་ནག་ལྷོ་རྒྱུད་ཀྱི་ཞིང་སའི་གསུམ་ཆ་

གཅིག་དང་མི་མང་ས་ཡ་༧༠༠ལྷག་གི་འཚོ་རྟེན་ཆགས་ཀྱི་ཡོད།ཤར་གྱི་རྨ་ཆུ་ནས་ནུབ་ཀྱི་སེང་གེ་ཁ་འབབ་བར་གྱི་ཆུ་བོ་ཁག་གིས་འཛམ་གླིང་མི་འབོར་གྱི་བརྒྱ་ཆ་

༤༦ཙམ་ལ་སོ་ནམ་ཞིང་ལས་དང་མི་ཕྱུགས་འཐུང་ཆུ།འཕྲོད་བསྟེན།ཆུ་གློག་བཟོ་གྲྭ༌།རྩི་ཤིང་འདེབས་ལས་སོགས་ཀྱི་ལས་དོན་གལ་ཆེའི་ནང་མཐུན་རྐྱེན་བསྐྲུན་གྱི་ཡོད

འདེབས་ལས་སོགས་ཀྱི་ལས་དོན་གལ་ཆེའི་ནང་མཐུན་རྐྱེན་བསྐྲུན་གྱི་ཡོད།  ལྷག་པར་དུ་བོད་ཀྱི་གཏེར་ཁ་གཙོ་བོ་ཚྭ་འདམ་གཞོང་ས་ནས་ལོ་རེར་མ་བཅོས་

རྒྱུ་ཆ་ཀྲོན་འབུམ་གསུམ་ལྷག་མཁོ་འདོན་བྱེད་ཀྱི་ཡོད་པ་མ་ཟད་དེ་ནས་ཐོན་སྐྱེད་བྱས་བའི་རྡོ་སྣུམ་བྱ་བལ་མ་རྣམས་རྒྱལ་ནག་ནང་ཁུལ་ལ་འོར་འདྲེན་བྱེད་ཀྱི་ཡོད་

པ་མ་ཟད་ཀོ་རི་ཡ་དང་ཉི་ཧོང༌།ཤར་ལྷོ་ཨེ་ཤ་ཡ།ཡོ་རོབ་རྒྱལ་ཁབ་ཁག་ལ་ཕྱིར་ཡང་འཚོང་བྱེད་ཀྱི་ཡོད།


གཉིས།
བོད་ཀྱི་ནགས་ཚལ་ཕལ་ཆེ་བ་ས་བབ་དམའ་བའི་ལྷོ་ཤར་མཐའ་མཚམས་ཁུལ་དང་གཙང་པོའི་གཡས་གཡོན་གྱི་རི་འདབས་སུ་ཆགས་ཡོད་པ་དང༌། དེ་དག་མང་

ཆེ་བ་ནི་ལོ་ཉིས་བརྒྱའི་སྔོན་ནས་སྐྱེས་བའི་རྩི་ཤིང་ཤ་སྟག་ཡིན་ལ།དེའི་ཁྲོད་ཀྱི་ཤིང་རིགས་གཙོ་བོ་ནི་གསོམ་ཤིང་དང་སྒྲོན་ཤིང༌།ཐང་ཤིང༌། ཤུག་པ་སོགས་སྣ་ཚོགས་

ཡོད།ཕྱི་ལོ་༡༩༥༩ལོར་བོད་ཀྱི་གདོད་མའི་ནགས་ཚལ་གྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་༢༢༡༤༠༠ཙམ་ཡོད་པ་དང་ད་ཆ་དེའི་ཕྱེད་ཀ་ཙམ་ཡང་ལྷག་མེད།  བོད་ཀྱི་ས་ཁྱོན་གྱི་

བརྒྱ་ཆ་བདུན་ཅུ་ཙམ་རྩྭ་ཐང་ཡིན་ཞིང་དེའི་ཐོག་ལ་སྒོ་ཕྱུགས་སེམས་ཅན་ས་ཡ་བདུན་ཅུ་ཙམ་དང་འབྲོག་པ་མང་ཚོགས་ས་ཡ་གཅིག་ཙམ་འཚོ་རྟེན་བྱེད་ཀྱི་ཡོད་

མོད།རྒྱ་ནག་གཞུང་གིས་བོད་ཀྱི་གཏེར་ཁ་བསྔོགས་འདོན་དང་འོར་འདྲེན་གྱི་རྐྱེན་པས་བོད་ཡོངས་ཀྱི་ས་ཁྱོན་གྱི་གསུམ་ཆ་གཅིག་ལྷག་གི་སྐྱེད་ནུས་ཤོར་འདུག་ལ་དེའི་

ནང་གི་བརྒྱ་ཆ་༡༠བྱེ་ས་ངོ་མ་ཆགས་འདུགལྷག་པར་དུ་མཚོ་སྔོན་ཁུལ་གྱི་ས་ཁྱོན་སྤྱི་ཆིང་༧༣༣གྱི་སྐྱེད་ནུས་ཤོར་བ་དང་བྱེ་ཐང་ལ་འགྱུར་འདུགབོད་ནང་དུ་གཏེར་

ཁའི་རིགས་༡༢༥ཙམ་ཡོད་པ་ནས་མང་ཆེ་བ་རྒྱལ་ནང་གི་བཟོ་གྲྭ་ཁག་གི་དགོས་མཁོར་དབོར་འདྲེན་བྱེད་ཀྱི་ཡོད་ཅིང་སྨན་རྩའི་རིགས་ལ་མཚོན་ན་ཡང་གླ་རྩི་དང་དོམ་

འཁྲིས།མེ་ཏོག་གངསལྷ།གོ་ཤ།མགོ་རམ་སོགས་ཀྱང་འོར་འདྲེན་དང་ཕྱིར་འཚོང་བྱེད་ཀྱི་ཡོད་པ་རེད།ད་དུང་བོད་ནང་དུ་ཉའི་རིགས་༤༤ལྷགསྐམ་ཆུ་གཉིས་འཚོའི་རིགས་

༤༤ལྷགགོག་བགྲོད་རིགས༥༡ལྷགབྱ་རིགས་༤༨ལྷགནུ་འཐུང་རིགས༡༡༨ལྷག་བཅས་ཡོད་པའི་ནང་ནས་དོམ་ཁྲ་དང་ཁྲུང་ཁྲུང་སྐེ་ནགའབྲོང༌།རྐྱང༌།

གངས་གཟིགགཙོད།གཉེན།བ་མེན་སོགས་རྩ་མེད་དུ་འགྲོ་བཞིན་ཡོད་པ་རེད།བོད་ཁུལ་དུ་བཞུར་ཡུལ་སྤྱི་ལེ་གྲུ་བཞི་མ་༡༠༠༠༠ལས་བརྒལ་བའི་ཆུ་ཀླུང་༢༠ལྷག་དང་

བཞུར་ཡུལ་སྤྱི་ལེ་གྲུ་བཞི་མ་༢༠༠༠ལས་བརྒལ་བའི་ཆུ་བོ་༢༠༠ཙམ་ཡོད་ལ་ལོ་རེའི་གཙང་ཆུའི་འབབ་ཚད་ནི་cubic meter༡༠༤༥༠༠ཡིན་ལ་དེ་ནི་འཛམ་གླིང་

གི་ཨཱསི་ལན་ཀྲི་དང་ནུའུ་ཛི་ལན་ཀྲིགཞན་ཁ་ན་སྒྲ་བཅས་བརྩིས་བའི་ཨང་བཞི་བར་སླེབས་ཀྱི་ཡོད་པ་རེད།  ད་དུང་རང་བྱུང་གི་མཚོ་དང་མཚོའུ་༢༠༠༠ལྷག་དང་

དེ་དག་གིས་ས་ཁྱོན་སྤྱི་ལེ་གྲུུ་བཞི་མ་༣༥༠༠༠ལྷག་ཟིན་གྱི་ཡོད་མོད།རྒྱ་ནག་གིས་བོད་ཀྱི་ཆུ་ཀླུང་ཁག་གི་ཁ་ཕྱོགས་བསྒྱུར་བ་དང་མཚོ་དང་མཚོའུ་རྣམས་ཀྱི་སྒང་ལ་

ཆུ་མཛོད་བརྒྱབ་པར་བརྟེན་ཆུའི་ནང་དུ་འཚོ་སྡོད་བྱེད་པའི་རྩ་ཆའི་སྲོག་ཆགས་རིགས་མང་པོ་ཞིག་རྩ་མེད་དུ་འགྲོ་བ་དང་གནམ་གཤིས་ལ་འགྱུར་ལྡོག་བྱུང་བ།

མཚོ་སྐམ་པ།ཆུ་ཞེང་ཆུང་དུ་སོང་བ།སའི་འོག་གི་ཆུ་སྐམ་པ།རང་བྱུང་ཁམས་ཀྱི་སྐྱེ་ཁམས་སྙོམས་སྒྲིག་གི་ནུས་བ་ཉམས་པ་སོགས་བོད་ཀྱི་རང་བྱུང་ཁོར་ཡུག་གི་

གནས་བབས་ཉེན་ཚབས་ཅན་ཏུ་གྱུརཡོད།


གསུམ།
བོད་མིའི་འཚོ་བ་དང་དཔལ་འབྱོར་གྱི་གཞི་རྟེན་གཙོ་བོ་ནི་ཞིང་ལས་དང་འབྲོག་ལས་གཉིས་ཆགས་ཀྱི་ཡོད་ཅིང་ཞིང་ལས་དང་ཕྱུགས་ལས་གཉིས་འཕེལ་རྒྱས་

འགྲོ་བར་བོད་ཀྱི་ཆུ་ཀླུང་དང་རྩྭ་ཐང༌།ནགས་ཚལ༌།ཕུན་སུམ་ཚོགས་པའི་གཏེར་ཁའི་རིགས་ནི་མེད་དུ་མི་རུང་བ་ཆགས་ཀྱི་ཡོད།འོན་ཀྱང༌།རྒྱ་ནག་གིས་རྒྱལ་ནང་

གི་བཟོ་ལས་ཐོན་སྐྱེད་ཀྱི་དགོས་མཁོ་དང་དཔལ་འབྱོར་གྱི་ཁེ་ཕན་སླད་བོད་ཀྱི་གཙང་པོ་ཆེན་པོ་དག་གི་ཁ་ཕྱོགས་བསྒྱུར་བ་དང་དེ་དག་གི་སྒང་ལ་ཆུ་གློག་

འཛུགས་བསྐྲུན་བྱེད་པ།ཤིང་ནགས་གཅོད་བྲེགསབྱས་བ།གཏེར་ཁའི་རིགས་བསྔོགས་འདོན་བྱས་བ་བཅས་ལ་བརྟེན་བོད་ཀྱི་ཞིང་ལས་དང་ཕྱུགས་ལས་འཕེལ་

རྒྱས་ཀྱི་ཕྱོགས་ལ་གྱོང་གུད་ཚབས་ཆེན་ཕོག་གི་ཡོད་པ་མ་ཟད་ཆར་ཆུ་དུས་ཐོག་ཏུ་མི་འབབ་པ།ཆུ་ལོག་བྱུང་བ།ཐན་སྐྱོནབྱུང་བ།གངས་སྐྱོན་ཐེབས་པ།

རྩྭ་ཐང་ཁྱོན་ཆེ་བྱེ་ཐང་ལ་འགྱུར་ཡ་གི་ཉེན་ཚབས་སླེབས་པ།གནམ་གཤིས་ལ་འགྱུར་ལྡོག་སླེབས་པ་སོགས་བོད་མིའི་འཚོ་སྡོད་འཕེལ་རྒྱས་ལ་འགོག་རྐྱེན་

རྒྱ་ཆེར་ཐེབས་ཀྱི་ཡོད།ཆར་ཆུ་དུས་ཐོག་ལ་མི་འབབ་པ་དང་ཐན་སྐྱོན་ཚབས་ཆེན་བྱུང་བ་ལ་བརྟེན་ནས་བོད་ཀྱི་ཞིང་པ་ཚོའི་ལོ་རེའི་ཞིང་ལས་ཐོན་སྐྱེད་

ཀྱི་ཡོང་འབབ་ལ་གྱོང་གུད་རེག་གི་ཡོད་ཅིང་རྩྭ་ཐང་བྱེ་མར་འགྱུར་བ་དང་གངས་སྐྱོན་ཐེབས་པ་བརྟེན་ནས་བོད་ཀྱི་འབྲོག་པ་ཚོའི་ལོ་རེའི་ཕྱུགས་ལས་ཐོན་

སྐྱེད་ཀྱི་ཡོང་འབབ་ལ་གྱོང་གུད་ཐེབས་ཀྱི་ཡོད།  ད་དུང་བོད་ཀྱི་གཏེར་ཁ་དང་ཤིང་ནགས།སྨན་རྩྭ་སོགས་འགྲོ་གྲོན་ཆུང་ལ་ལས་སླ་བོའི་ཐོག་ནས་རྒྱ་ནག་

ལ་འོར་འདྲེན་བྱེད་པ་དང་རྒྱ་ནག་ནས་མྀ་འབོར་དང་བཟོ་གྲྭའི་ཐོན་སྐྱེད་རྒྱུ་ཆ་བོད་དུ་ལས་སླ་བོར་འོར་འདྲེན་ཐུབ་པ་ཡིན་གཤིས།དེས་བོད་ཀྱི་འཚོ་སྡོད་

གནས་བབས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད།རྒྱ་ནག་གི་མཁས་པ་ཁག་གཅིག་གིས་བརྗོད་སྲོལ་ལྟར་ན།རྒྱ་ནག་ནུབ་རྒྱུད་ས་ཁུལ་ནང་གི་རང་བྱུང་

ཐོན་སྐྱེད་ཤར་ཁུལ་དུ་འོར་འདྲེན་དང་ཤར་རྒྱུད་ནས་བཟོ་ལས་ཐོན་སྐྱེད་ཀྱི་ལས་སྣོན་བྱས་ཏེ་ནུབ་ཁུལ་ཏུ་ཚོར་བསྒྱུར་བྱེད་ཀྱི་ཡོད་པར་བརྟེན༌།

ནུབ་ཁུལ་ལ་གྱོང་གཉིས་ཐེབས་ཀྱི་ཡོད་པ་སྟེ།དང་པོ་རང་གི་རང་བྱུང་ཐོན་རྫས་ཕྱིར་གཏོང་དགོས་པ་དང་གཉིས་པ་ཤར་རྒྱུད་ནས་ལས་སྣོན་བྱས་བའི་

ཅ་དངོས་ནུབ་ཁུལ་ནས་ཉོ་དགོས་པ་དེ་ཡིན།དེ་ལྟ་བུའི་གནས་སྟངས་འོག་ནུབ་རྒྱུད་ས་ཁུལ་གྱི་མི་མང་ལ་རང་གི་ནུས་པ་བཏོན་ཏེ་དཔལ་འབྱོར་གོང་

འཕེལ་གཏོང་རྒྱུའི་གོ་སྐབས་ཐོབ་ཀྱི་མེད་ཅེས་བརྗོད་ཡོད།དེར་བརྟེན།བོད་མི་ཚོའི་ཞིང་ལས་དང་ཕྱུགས་ལསཀྱི་ཡོངས་འབབ་ཉུང་དུ་འགྲོ་གི་ཡོད་

ཅིང་ཡོང་འབབ་ཉུང་དུ་ཕྱིན་པ་ལ་བརྟེན་ནས་དཔལ་འབྱོར་གྱི་ཐོན་ཁུངས་སྐྱོ་རུ་འགྲོ་གི་ཡོད་པ་རེད།དེ་དང་ཕྱོགས་མཚུངས་པར་གཞན་དབང་དུ་

གྱུར་བའི་བོད་ཀྱི་རང་བྱུང་གཏེར་མཛོད་ཀྱིས་བོད་མིའི་འཚོ་སྡོད་ཀྱི་དགོས་མཁོ་བསྐོང་མ་ཐུབ་པའི་གནས་སྟངས་ཛ་དྲག་ཆགས་འདུག


བཞི།
རྒྱ་ནག་གིས་བོད་ཀྱི་གཙང་པོ་ཆེ་ཁག་དང་མཚོ་དང་མཚོའུ་ཁག་ལ་དབང་བསྒྱུར་གྱི་ལམ་ནས་ཆུ་གློག་འཛུགས་བསྐྲུན་དང་ཆུ་མཛོད་གསར་རྒྱག་

གི་རྐྱེན་པས་བོད་ནང་གི་ཆུ་བོ་ཆེན་པོ་ཁག་གི་བཞུར་རྒྱུན་ཆད་ཀྱི་ཡོད་པ་དང་རྨ་ཆུའི་སྟོད་སྨད་གཉིས་ཀར་མཚོན་ན་ཡང་ཐེངས་ཉི་ཤུ་ལྷག་ལ་

བཞུར་རྒྱུན་ཆད་འདུགདེར་བརྟེན།ད་ལྟའི་ཆར་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་༦༦༨ལ་ཆུ་མ་འདང་བའི་དཀའ་ངལ་འཕྲད་ཀྱི་ཡོད་ཅིང་དཀའ་ངལ་

དེའི་རྐྱེན་པས་ཕྱི་ལོ་༡༩༩༥ནས་༢༠༠༣ནང་ཚུད་ལ་ཆར་ཆུ་འབབ་ཡ་གི་ཆེད་དུ་ཨ་སྒོར་ས་ཡ་༢༦༦ལྷག་འགྲོ་སོང་ཕྱིན་ཡོད་པ་དང་ད་དུང་བོད་

ཡུལ་གྱི་གཏེར་ཁ་བསྔོགས་འདོན་དང་ཤིང་ནགས་གཅོད་བྲེགས་ཀྱི་རྐྱེན་པས་རྒྱ་ནག་གི་གཙང་པོའི་བཞི་ཆ་གསུམ་བཙོག་པོ་ཆགས་ཡོད་

པ་དང་རྒྱ་ནག་མི་མང་ས་ཡ་༧༠༠ལྷག་གིས་བཙོག་ཆུ་འཐུང་དགོས་ཆགས་ཀྱི་ཡོད་པ་རེད།བཙོག་ཆུའི་རྐྱེན་པས་རྒྱ་ནག་གིས་ལོ་རེར་འཕྲོད་

བསྟེན་གྱི་ཕྱོགས་སུ་ཨ་སྒོར་དུང་ཕྱུར་3.9ལྷག་གཏོང་དགོས་ཐུག་གི་ཡོད་པ་རེད།  རྒྱ་གར་གྱི་བར་སྣང་བརྟག་དཔྱད་སྲུང་སྐར་ས་

ཚིགས་ཀྱིས་བརྗོད་སྲོལ་ལྟར་ན་རྒྱ་གར་གྱི་མངའ་སྡེ་ཨཱ་རོའུ་ན་ཅལ་ནང་ལ་ཆུ་ལོག་རྒྱུགས་ནས་མི་གྲངས་༡༣༠ལྷག་གི་ཚེ་སྲོག་ཤོར་བ་དང་

རྒྱུ་དངོས་ཨ་སྒོར་ས་ཡ་༢༠ལྷག་ལ་གཏོར་སྐྱོན་ཐེབས་པ།ཕྱི་ལོ་༢༠༠༠ལོར་ཧི་མ་ཅལ་མངའ་སྡེའི་ནང་དུ་ཡང་ཆུ་ལོག་རྒྱུགས་ནས་མི་༡༠༠ཡི་

ཚེ་སྲོག་ཤོར་བ་དང་ཟམ་པ་༡༠༠ལ་གཏོར་སྐྱོན་ཐེབས་པ༌།ད་དུང་ཆུ་བོ་གླང་ཆེན་ཁ་འབབ་ཡི་སྒང་ལ་འཛུགས་བསྐྲུན་བྱས་བའི་་ཆུ་གློག

mw༡༥༠༠ཅན་ཞིག་ལ་གཏོར་སྐྱོན་ཐེབས་པ་སོགས་ཀྱི་འབྱུང་རྩ་གཙོ་བོ་ནི་རྒྱ་ནག་གིས་བོད་ཀྱི་གཙང་པོ་དང་མཚོ་དང་མཚོའུ་སོགས་ལ་

སྟངས་འཛིན་དང་བེད་སྤྱོད་ལོག་པར་བཏང་བའི་རྐྱེན་གྱིས་རེད་ཟེར།ལྷག་པར་དུ་རྒྱ་ནག་གིས་ཐའེ་ལན་ཀྲི་དང་ཁཱམ་པོ་སྒྲིས་ཡ།ལོའོ།ལྦེས་ཀྲི་

ནམ་བཅས་ཀྱི་ནང་ལ་རྒྱུགས་པའི་རྫ་ཆུ་དང༌།རྒྱ་གར་དང་པ་ཀི་སི་ཐན།མཡན་མར་བཅས་ཀྱི་ནང་ལ་རྒྱུགས་པའི་རྟ་མཆོག་ཁ་འབབ་དང་

སེང་གེ་ཁ་འབབ།གླང་ཆེན་ཁ་འབབ་བཅས་ཀྱི་ཁ་ཕྱོགས་བསྒྱུར་བ་དང་དེ་དག་གི་སྒང་ལ་ཆུ་གློག་འཛུགས་བསྐྲུན་བྱས་བ་དེས་རྒྱལ་ཁབ་

ཕན་ཚུན་བར་གྱི་དཔལ་འབྱོར་དང་ཆབ་སྲིད་བཅས་ཀྱི་འབྲེལ་ལམ་ལ་དོ་ཕོག་བྱུང་ནས་འབྲེལ་ལམ་སྡུག་ཏུ་འགྲོ་བ་དང་རྒྱལ་ཁབ་སོ་སོའི་

མི་མང་གི་འཚོ་སྡོད་ཀྱི་གནས་བབས་ལ་དཀའ་ངལ་འཕྲད་པ།མི་མང་གི་་བསམ་བློའི་གནས་བབས་སོགས་ལ་འགྱུར་བ་ཕྱིན་ཏེ་ཕན་ཚུན་དགྲར་

འཛིན་གྱི་ལྟ་བ་དང་འཁོན་འཛིན་གྱི་ལྟ་བ་ཤུགས་ཆེ་རུ་འགྲོ་བ་མ་ཟད།ད་དུང་ཆབ་སྲིད་དང་དཔལ་འབྱོར་གྱི་འགལ་ཟླའི་ཁྲོད་ནས་དམག་འཁྲུག་

འབྱུང་རྒྱུར་ཡང་ཉེན་ཁ་ཡོད།  དེང་སྐབས་ཞིང་ལས་ཐོན་སྐྱེད་ཐད་རྒྱ་ནག་གིས་བོད་ཚུད་པའི་རྒྱལ་ཡོངས་ཀྱི་ཆུ་ཡི་བརྒྱ་ཆ་བདུན་ཅུ་ཙམ་བཀོལ་

སྤྱོད་བྱེད་ཀྱི་ཡོད་ན་ཡང་དེ་ལ་བབས་པའི་ལག་ཡོང་ཉུང་ཙམ་ལས་མེད་པ་ཆགས་ཀྱི་ཡོད།དཔེར་ན།རྒྱ་ནག་ནང་ཆུ་སྤྱི་རྒྱ་གཅིག་སྟོང་གིས་གྲོ་སྤྱི་རྒྱ་

གཅིག་སྟེ་ཨ་སྒོར་ཉིས་བརྒྱ་ཡི་རིན་འབབ་ཙམ་འདོན་ཐུབ་ཀྱི་ཡོད་པ་རེད།གལ་ཏེ་མང་ཉུང་དེ་མཚུངས་ཀྱི་ཆུ་དེ་བཟོ་ལས་ཐོན་སྐྱེད་ཐད་བཀོལ་སྤྱོད་

བྱས་ཚེ་དེ་ཡིས་ཨ་སྒོར་སྟོང་ཕྲག་བཅུ་བཞིའི་རིན་འབབ་འདོན་ཐུབ་ཀྱི་ཡོད།དཔལ་འབྱོར་འཕེལ་རྒྱས་དང་ལས་རིགས་སྣ་ཚོག་ས་ཐད་འཕྲད་པའི་

རྒྱ་ནག་གི་གྱོང་གུད་གསབ་ཆེད་རྒྱལ་སྤྱིའི་ཁྲོམ་རྭ་ནས་ཨ་སྒོར་དུང་ཕྱུར་དྲུག་བརྒྱ་ལྷག་གིས་ཟ་འབྲུ་ཉོ་དགོས་ཐུག་གི་ཡོད་པ་རེད།ཨ་སྒོར་དུང་

ཕྱུར་དྲུག་བརྒྱ་ལྷག་གིས་ཟ་འབྲུ་ཉོས་པ་ཡིན་ན་རྒྱལ་སྤྱིའི་ཁྲོམ་རྭའི་ཟ་འབྲུའི་གོང་ཚད་འཕར་སྣོན་ཡོང་རྒྱུར་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་རེད།

ཟ་འབྲུའི་གོང་ཚད་འཕར་སྣོན་བྱུང་བ་ཡིན་ན།རྒྱལ་ཁབ་མང་པོ་ཞིག་གི་ལོ་རེའི་ཡོང་འབབ་གཏན་འཇགས་ཡིན་པ་གང་ཞིག་ལ་འགྲོ་སོང་འཕར་

སྣོན་བྱུང་བ་ཡིན་ཙང༌།རྒྱལ་སྤྱིའི་ཁྲོམ་རྭའི་དཔལ་འབྱོར་ལ་ཤུགས་རྐྱེན་ཐེབས་ཏེ་རྒྱལ་ཁབ་མང་པོའི་དཔལ་འབྱོར་ལམ་ལུགས་ལ་འགྱུར་བ་འགྲོ་

འགྲོ་ཚུགས་ཀྱི་ཡོད་པ་མ་ཟད་འཚོ་སྡོད་གནས་བབས་ལ་དཀའ་ངལ་དང་ཉེན་ཁ་འཕྲད་དེ་སྤྱི་ཚོགས་ཀྱི་སྒྲོམ་གཞི་དང་་འཚོ་བའི་སྒྲོམ་གཞི་ཁ་

འཐོར་དང་ཉམས་རྒུད་དུ་ཕྱིན་ཏེ་ཕྱོགས་ཡོངས་ནས་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད།འདི་ལྟར་དཀའ་ངལ་འཕྲད་པ་ཡིན་ན་རྒྱལ་སྤྱིའི་ཐོག་

ཆབ་སྲིད་ཀྱི་རྙོག་ཟིང་དང་དཔལ་འབྱོར་གྱི་འགྲན་རྩོད།སྤྱི་ཚོགས་ཀྱི་དཀའ་རྙོག་རིགས་ཇེ་མང་ཏུ་འགྲོ་གི་རེད།  བོད་ཀྱི་ཁོར་ཡུག་གི་གནས་སྟངས་

མདོར་ཙམ་ཞིག་ངེད་ཀྱིས་གླེང་ཚར་བ་ཡིན།འོན་ཀྱང༌།ངེད་ཀྱི་སེམས་ཁྲལ་ནི་བོད་ཀྱི་ཁོར་ཡུག་འདི་ཉིད་རྒྱ་ནག་ད་ལྟའི་དབང་བསྒྱུར་འོག་

ཇི་ལྟར་སྲུང་སྐྱོབ་བྱེད་དགོས་མིན་དང་ཇི་ལྟར་སྲུང་སྐྱོབ་བྱེད་ཐུབ་མིན་དེ་རེད།འདིའི་ཐད་ལ་བོད་ཕྱི་ནང་གི་བོད་མི་སྒེར་བ་རེ་རེར་འོས་འགན་ཡོད།། །།

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།