ངའི་བསམ་ཚུལ་འགའ

12/08/2009 12:37

སྤྱི་ལོ་ཞེས་པ་དེ་འདིར་ཕྱི་ལོ་ཞེས་འབྲི་སྲོལ་འདུག་པ་དེ་ནི་ཕལ་ཆེར་སྔོན་ཆད་དབྱིན་ཇིར་ཕྱི་གླིང་པ་ཞེས་འབོད་པ་དེ་ནས་

རྒྱུ་མཚན་དྲངས་པ་མིན་ནམ་སྙམ། ངས་རྨོངས་ཚོད་ཞུས་ན། སྤྱི་ལོ་དེ་དེང་སྐབས་འཛམ་གླིང་སྤྱི་ཡོངས་ཀྱི་བེད་སྤྱོད་བྱེད་པ་

ཞིག་ཡིན་པས་དེར་སྤྱི་ལོ་ཞེས་ཟེར་བ་དེ་ནི་ཡོངས་ཁྱབ་ཀྱི་ནང་དོན་མཚོན་པ་ཞིག་ཏུ་གསལ་པར་གོ   ཕྱི་ལོ་ཞེས་ཟེར་ན་

དུས་སང་གི་ལོ་དེར་ཕྱི་ལོ་ཞེས་ཟེར་བ་དང་ནོར་ཉེན་ཡོད་པ་དཔེར་ན་ཕྱི་ལོ་༡༩༨༩ ལོ་ཞེས་པ་ལྟ་བུ་བརྗོད་མི་ཡང་ཡོད་

པར་མངོན།

 མི་དམངས་ཞེས་པ་དེ་འདིར་མིང་མང་ཞེས་འབྲི་སྲོལ་འགའ་ཤས་འདུག་པ་དེ་ནི་ཕལ་ཆེར་དམངས་ཞེས་པ་དེ་དཔོན་

འབངས་ཀྱི་དབྱེ་བ་ལྟ་བུ་ཡོད་པར་དགོངས་པ་མིན་ནམ་སྙམ།  ངས་བལྟས་ན། དེ་ནི་སྤྱི་དང་བྱེ་བྲག་གི་ཁྱད་པར་ཙམ་ལས་

དཔོན་འབངས་ཁོ་ནར་གོ་བ་ཨེ་ཡིན་སྙམ།  དམངས་ཞེས་པ་ནི་སྲིད་གཞུང་མ་ཡིན་པའི་རྒྱལ་ཁོང་མི་སྣ་ཡོངས་ལ་ཁྱབ་པ་

ཞིག་ཡིན་པ་ལས་དཔོན་དང་གཡོག་ལྟ་བུར་མི་གོ   ད་དུང་། དམངས་གཙོ་ལ་མང་གཙོ་ཟེར་བ། ཆུ་ཚོད་ལ་དུས་ཚོད་ཟེར་

བ་འདིལྟ་བུའི་མིང་ཚིག་རྣམས་ཚིག་མཛོད་གང་དུའང་རྙེད་རྒྱུ་མེད་པ་རེད་འདུག

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།