གླང་ཀོག་བཟི་བོས་མི་བསད་པ།

03/11/2008 03:45

 

ཕྱི་ཚེས་ ༣༠ ཉིན་གྱི་ཞོགས་པར་གླང་ཀོག་ར་བཟི་བ་ཞིག་གིས་རྒས་འཁོགས་ལོ་བདུན་ཅུ་ཅན་ཞིག་ལ་བརྡུངས་ཏེ་བཀྲོངས་པ་དང༌། གྲྭ་པ་ཞིག་ལ་ཚབས་ཆེའི་རྨས་སྐྱོན་བཟོས་ཏེ་སྨན་ཁང་དུ་བསྐྱལ་ཡོད་འདུག

 ཁ་པར་བརྒྱུད་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ལྷོ་ཕྱོགས་འབྲས་སྤུངས་དགོན་དུ་རྒྱ་གར་གྱི་གླང་ཀོག་ར་བཟི་བ་ཞིག་གིས་མོན་གྷོ་གཞིས་གྲོང་བདུན་པའི་རྒས་འཁོགས་ལོ་ ༧༠ བརྒལ་བ་ཞིག་བཀྲོངས་པ་དང༌། གྲྭ་པ་ཞིག་ལ་ཚབས་ཆེའི་རྨས་སྐྱོན་བཟོས་ཏེ་ད་ལྟ་ཧོབ་ལིའི་སྨན་ཁང་ཞིག་ཏུ་མྱུར་སྐྱོབ་བྱེད་དུ་ཕེབས་དགོས་བྱུང་ཡོད་འདུག གླང་ཀོག་དེ་ཉེ་འཁོར་གྱི་རྒྱ་གར་ཡུལ་མི་འགས་ཁྲིད་ཡོང་ཡོད་པ་དང༌། དེ་ནི་རྒྱ་གར་གྱི་ལོ་གསར་ལུགས་སྲོལ་ལྟར་གླང་ཀོག་གི་སྐེར་རྒྱན་གོས་དང་དངུལ་དངོས་སོགས་འདོགས་སྲོལ་ཡོད་ཅིང༌། གླང་ཀོག་ཁྲིད་དེ་གཞན་དུ་དངུལ་སློང་བར་འགྲོ་སྲོལ་ཡང་ཡོད་པ་ལྟར་འབྲས་སྤུངས་བླ་སྤྱིའི་ཆོས་རའི་ནང་དུ་སློང་རྒྱག་ཏུ་ཁྲིད་ཡོང་ནས་ཆོས་རའི་ནང་གི་ཤིང་སྡོང་ཞིག་ཏུ་བཏགས་ཡོད་ཅིང༌། གླང་ཀོག་ལ་ཆང་བླུད་དེ་བཟི་རུ་བཅུག་ཡོད་འདུག ཆང་ལྡུད་པ་ནི་གླང་ཀོག་དེའི་སྐེ་རུ་བཏགས་པའི་རྒྱན་གོས་དང་དངུལ་དངོས་རྣམས་ཡུལ་མི་སུས་ལེན་ཐུབ་ཀྱང་ལེན་ཆོག་པ་དང༌། སུ་ལེན་ཐུབ་ན་དེས་ཁྱེར་འགྲོ་ཆོག་པ་ཞིག་ཡིན་སྟབས་གླང་ཀོག་བཟུ་རུ་བཅུག་ཡོད་འདུག

 ཡིན་ནའང༌། སྟབས་མ་ལེགས་པ་ཞིག་ལ་གླང་ཀོག་དེ་བཏགས་ས་ནས་ཤོར་ཡོད་འདུག་ལ། སྐབས་དེར་ཆོས་གྲྭ་ཚོགས་སྐབས་སུ་འཁེལ་ཡོད་སྟབས་སྲང་བར་གྱི་གྲྭ་མང་ཁྲོད་བརྒྱུགས་ཏེ། གྲྭ་པ་ཞིག་ལ་བརྡུངས་ནས་རྨས་སྐྱོན་བཟོས་རྗེས། རྒྱ་ལམ་དུ་བརྒྱུགས་ནས་སྒོ་མང་གྲྭ་ཚང་གི་ཟ་ཁང་ཉེ་འགྲམ་དུ་རྒས་འཁོགས་ལོ་ན་བདུན་ཅུ་ཅན་དེར་བརྡུངས་ཏེ་བཀྲོངས་པ་དང༌། གྲྭ་པ་གཞན་ཁག་ཅིག་ལའང་བརྡུངས་ཡོད་ཀྱང་ཚབས་ཆེའི་རྨས་སྐྱོན་གང་ཡང་བཟོས་ཡོད་མི་འདུག

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།