གོང་ས་མཆོག་གི་ཆིབས་བསྒྱུར

19/12/2009 19:59

གོང་ས་མཆོག་གི་ཆིབས་བསྒྱུར།

བང་ཆེན།

ཟླ་འདིའི་ཚེས་༡༧ ཉིན་ྋགོང་ས་མཆོག་རྒྱ་གར་གྱི་མངའ་སྡེ་ལག་ནོ་ལ་འབྱོར་བ་དང༌། གསར་འགོད་པ་དག་ལ་བོད་

ཀྱི་གནད་དོན་མདེན་མཐའ་གསལ་ཐབས་སུ་རྒྱ་དཀར་ནག་གཉིས་ཀྱི་མཐུན་ལམ་དང་བརྟན་ལྷིང་གལ་ཆེན་རེད་

                                           

ཅེས་གསུངས་ཡོད་པ་རེད།     རྒྱ་གར་གྱི་ཀླད་པའི་ཚན་རིག་སྤྱི་ཚོགས་ཀྱི་ཚོགས་ཆེན་ཐེངས་༥༨ པ་དེ་ཨན་དྷར་པར་

དྷེ་ཤིའི་མངའ་སྡེའི་ལྟེ་གནས་ཀྱི་མཐོ་སློབ་ཅིག་ཏུ་འཚོགས་པ་དང། སྐབས་དེར་ཀླད་པའི་ཚན་རིག་པ་དང༌། ལྷ་རྗེ། ཞིབ་

འཇུག་པ་སོགས་རྒྱལ་ཁབ་འདྲ་མིན་གྱི་མཁས་པ་༧༠༠ ཙམ་མཉམ་ཞུགས་གནང་ཡོད་པ་རེད། ྋགོང་ས་མཆོག་གིས་

གནའ་རབས་རྒྱ་གར་གྱི་འཚེ་བ་མེད་པའི་བསམ་བློ་ལ་བསྔགས་བརྗོད་གནང་བ་དང༌། ཁོང་གིས་བོད་ནི་རྒྱ་གར་གྱི་སློབ་

མ་ཡིན་པ་དང། ཁོང་ནི་རྒྱ་གར་གནའ་རབས་ཀྱི་ཞི་བདེ་དང་ཆོས་ལུགས་མཐུན་སྒྲིལ་ལྟ་གྲུབ་སྤེལ་མཁན་གྱི་ཕོ་ཉ་ཞིག་

ཡིན་སྐོར་དང། ནུབ་ཕྱོགས་པའི་སྲོག་ཆགས་ཀྱི་ཚན་རིག་པ་གྲགས་ཅན་ཌར་ཝིན་གྱི་ལྟ་གྲུབ་སྐོར་ལ་གཟིགས་ཞིབ་གནང་

མྱོང་ཡོད་པ་དང། ད་ལྟའི་དུས་ལ་སེམས་ཁམས་རིག་པ་དང༌།

ཀླད་པའི་རྩ་ཁམས་རིག་པ་སོགས་ནི་ཧ་ཅང་གལ་ཆེ་བས་བོད་ཀྱི་ནང་པའི་དགོན་སྡེའི་ནང་ངོ་སྤྲོད་དང༌། སློབ་གཞིར་

བཞག་ཟིན་ཡོད་པའི་སྐོར་གསུངས་འདུག ཚན་རིག་གིས་གཏོར་བཤིག་གང་ཡང་བཏང་ཡོད་པ་མ་རེད། མིས་ནོར་བའི་

ཕྱོགས་སུ་བེད་སྤྱོད་ལོག་པར་བཏང་ནས་བྱུང་བ་རེད། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཡང་ཚན་རིག་པ་ཞིག་

རེད། འོན་ཀྱང་ཁོང་གིས་ཡང་དག་པར་འཚོ་བའི་ཕྱིར་སེམས་རྒྱུད་འདུལ་བའི་ཐབས་ལམ་མཆོག་ཏུ་གྱུར་པ་ཞིག་གསུང་

གནང་འདུག སེམས་ནི་གཟུགས་མེད་པ་དང༌། དངོས་པོ་ལས་འདས་པ་ཞིག་ཡིན་ཡང༌། ཡོད་ཚད་སེམས་ཀྱིས་དབང་

སྒྱུར་བྱེད་ཀྱི་འདུག་ཅེས་སོགས་གསུངས་ཡོད་པ་རེད།

ཕྱི་ཚེས་༡༨ ཉིན་ྋགོང་ས་མཆོག་ཧེ་དྷར་བྷཱ་དྷི་ལ་ཕེབས་ཤིང་བོད་མི་སུད་ཚོང་བ་དང༌། དེར་བོད་པའི་མཐོ་རིམ་སློབ་

མ་རྣམས་ལ་མཇལ་འཕྲད་གནང་ཡོད་པ་དང། དེར་ྋགོང་ས་མཆོག་གིས་གསུང་དོན། བལ་གོས་བཙོང་ནས་དཀའ་

ལས་བརྒྱབ་ཅིང་བསགས་པའི་དངུལ་དེ་དག་ཆང་འཐུང་ར་བཟི་དང། དོན་མེད་ལོངས་སྤྱོད་ཀྱི་ཆེད་མི་གཏོང་བར་རྒྱ་

ཆེ་ས་ནས་བེད་སྤྱོད་གཏོང་དགོས་ཚུལ་བཀའ་སློབ་གནང་བ་དང། བོད་པ་རྣམས་ས་གནས་གང་དུ་གནས་ཀྱང་སོ་སོའི་

གནའ་སྔ་མོའི་སྲོལ་རྒྱུན་རིག་གནས་དེ་དག་རྒྱུན་འཛིན་བྱེད་རྒྱུའི་བསམ་བློ་དགོས་པ་དང། ད་ལྟའི་ཆར་བོད་ནང་དུ་

རིག་གཞུང་དེ་དག་རྩ་གཏོར་འགྲོ་བའི་ཉེན་ཁ་ལ་ཐུག་ཡོད་པ་དེ་ཚོ་ཤེས་དགོས་པ་གལ་ཆེན་ཡིན་སྐོར་བཀའ་གནང་

ཡོད་པ་རེད།

ལྷག་པར་དུ་རྒྱ་གར་གྱི་མཐོ་སློབ་ཁག་ཏུ་ཡོད་པའི་བོད་པའི་སློབ་མ་རྣམས་ཀྱིས་སློབ་སྦྱོང་ཡག་པོ་བྱས་ན་མི་མང་དང་

རྒྱལ་ཁབ་ཡར་རྒྱས་འགྲོ་བའི་ལག་ཆ་ལྟ་བུ་ཞིག་ཡིན་སྐོར་བཀའ་གནང་འདུག     ཐེངས་འདིར་ྋགོང་ས་མཆོག་གིས་

ཨན་དྷར་པར་དྷེ་ཤི་མངའ་སྡེའི་བློན་ཆེན་དང་མཇལ་འཕྲད་གནང་བ་མ་ཟད། ཚོང་པའི་འགོ་ཁྲིད་འགའ་དང་ལྷན་

དུ་ཚོགས་པའི་ཚོགས་འདུ་ཞིག་གི་ཐོག་ཏུ་ཆིབས་བསྒྱུར་གནང་ཡོད་པ་རེད་འདུག །

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།