གཤིས་ཀ་ཞིག་མཚོན་ཚུལ།

13/07/2009 10:36

གཤིས་ཀ་ཞིག་མཚོན་ཚུལ། རྩོམ་སྒྲིག་པས།

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༤༥༡ པའི་སྟེང་གི་རྩོམ་སྒྲིག་པའི་གཏམ།

ཉིན་དེར་གངས་སྐྱིད་ཀྱི་གཞུང་ཞབས་ལས་བྱེད་ཅིག་དང་མཉམ་དུ་དྲ་རྒྱའི་སྐོར་ནས་རྩོད་པ་བྱས། ཁོས། རྒྱ་ནག་

གིས་བོད་ཕྱི་ཕྱོགས་ཀྱི་དྲ་རྒྱ་རྣམས་བཀག་འདུག་ཚུལ་སྐྱོན་བརྗོད་བྱས། ངས་ཁོ་ལ། དེ་བདེན་པ་རེད། ཡིན་ཡང་།

བཙན་བྱོལ་བོད་གཞུང་གིས་ཀྱང་གཞུང་གི་བོད་ཡིག་དྲ་རྒྱ་དེ་བོད་ཕྱི་ནང་གཉིས་ཀར་བཀག་འདུག་ཅེས་ལན་

བཏབས། ད་སྐབས་འཛམ་གླིང་གང་སར་སྟབས་བདེ་ཤོས་ཀྱི་མཐུན་རྐྱེན་དང་ཕུན་སུམ་ཚོགས་ཤོས་ཀྱི་རིག་གནས་

ཤིག་ཡོད་པ་ནི་དྲ་རྒྱ་རེད། དྲ་རྒྱའི་བརྒྱུད་ལམ་སྟེང་གི་གནས་ཚུལ་ཕྱུག་པོ་འདིས་མི་རྣམས་ལ་ཤེས་ཡོན་སྤྲོད་པ་དང་

མཛའ་འབྲེལ་གྱི་ཁོར་ཡུག་ཅིག་བསྐྲུན་གྱིན་ཡོད། དྲ་ཐོག་གི་རིག་གནས་དང་ལས་འགུལ་གྱི་སྣང་ཚུལ་འདི་ནི་དངོས་

ཡོད་ཅིག་ལ་གྱུར་དང་འགྱུར་བཞིན་ཡོད། དེ་ལ་བརྟེན་ནས་སྲིད་དབང་སྒེར་འཛིན་དང་ཅུང་མཁྲེགས་འཛིན་ཆེ་བའི་

སྲིད་གཞུང་དག་གིས་རང་གི་མང་ཚོགས་ཀྱི་ངོ་ལོག་ལ་ཞེད་ནས་ཆབ་སྲིད་ཀྱི་ནང་དོན་ཡོད་པའི་དྲ་རྒྱའི་རིགས་འགོག་

གི་ཡོད། རྒྱ་ནག་ནི་འདིའི་དཔེ་མཚོན་ཡག་ཤོས་དེ་ཡིན། བོད་དོན་དང་འབྲེལ་བའི་དྲ་རྒྱ་ཙམ་མིན་པར། དམངས་གཙོ་

དང་རང་དབང་འཐབ་རྩོད་ཀྱི་དྲ་རྒྱ་མཐའ་དག་དང་། ལྷག་པར་དུ་གསར་འགྱུར་བརྒྱུད་ལམ་གྱི་དྲ་རྒྱ་རྣམས་འགོག་གི་

ཡོད།

ཡིན་ཡང་། ང་ཚོར་ད་སྐབས་མཐུན་རྐྱེན་འཛོམས་ཤིང་། དགོས་མཁོ་ཧ་ཅང་ཆེ་བའི་སྐབས་འདིར་བོད་གཞུང་གི་བོད་

ཡིག་དྲ་རྒྱ་ནི་མུ་མཐུད་ནས་བོད་གཞུང་གློག་ཀླད་སྡེ་ཚན་གྱི་ཡིག་གཟུགས་དེའི་ཐོག་ཉར་ཡོད། དེར་བརྟེན་བོད་གཞུང་

གི་དྲ་རྒྱ་ནི་རྒྱ་གཞུང་གིས་མ་བཀག་ནའང་བོད་ནང་གི་མི་ཕལ་ཆེ་བས་ལྟ་མི་ཐུབ། ཐ་ན་དེང་སྐབས་བོད་གཞུང་གི་སྒྲིག་

འཛུགས་མ་ལག་ནང་གི་འབྲེལ་ཡོད་ཚོ་མ་གཏོགས་བོད་ཕྱི་ལོགས་ན་ཡོད་པའི་བོད་པ་རྣམས་ཀྱིས་ཀྱང་བོད་གཞུང་གི་

བོད་ཡིག་དྲ་རྒྱ་ལ་ལྟ་གིན་ཡོད་མེད་ཐེ་ཚོམ་ཡིན།  དེ་བས་ད་སྐབས་བཙན་བྱོལ་བོད་གཞུང་གི་བོད་ཡིག་དྲ་རྒྱ་འདི་དོན་

ངོ་མར་སུས་ཀློག་གི་ཡོད་མེད་ནི་ཤེས་དཀའ་བར་གྱུར་ཡོད། ད་སྐབས་རྒྱ་ནག་གིས་རྒྱ་སྒོར་ཐེར་འབུམ་གྱི་འགྲོ་སོང་བཏང་

ནས་ང་ཚོར་རྒོལ་སའི་བརྒྱུད་ལམ་ཇེ་མང་དང་ཇེ་བཙན་ལ་གཏོང་བཞིན་པའི་སྐབས་སུ།  བོད་གཞུང་གི་དྲ་རྒྱ་འདིའི་

གནས་སྟངས་ནི་ང་ཚོའི་དྲིལ་བསྒྲགས་ལས་ཁུངས་ཀྱིས་ངེས་པར་དུ་ཤེས་དགོས་པའི་གནད་དོན་ཞིག་ཆགས་ཡོད། སྐུ་

སྒེར་ཡིག་ཚང་གི་དྲ་རྒྱའང་རང་བཞིན་གཅིག་ཡིན།

ཉིན་དེར་བོད་གཞུང་གི་ལས་བྱེད་དེས་རྒྱ་གཞུང་ལ་སྐྱོན་རྒྱག་སྟངས་དེ་ནི་ཕྱོགས་གཞན་ནས་བཤད་ན། གཤིས་ཀ་ཞིག་

ཡིན། གཤིས་ཀ་འདི་འདྲ་ཞིག་གི་ཐོག་ནས་ང་ཚོས་བོད་དོན་འཐབ་རྩོད་ཀྱི་ལས་ཀ་སྒྲུབ་ཅིང་། རྒྱ་ནག་གིས་བོད་ཀྱི་སྐད་

ཡིག་དང་ཆོས་རིག་གཏོར་བརླག་བཏང་ཚུལ་ཡང་ཤུགས་ཆེན་པོས་གླེང་གི་ཡོད། ང་ཚོར་ཁ་ནས་བཤད་པ་མ་གཏོགས་

ལག་ནས་སྒྲུབ་པའི་གཤིས་ཀ་དེ་མེད། ད་ལྟའི་དུས་འདི་ནི་ནམ་རྒྱུན་བོད་གཞུང་ལ་ཁ་སྐོར་ནས་སྐད་ཆ་བཤད་པའི་དུས་

ཚོད་ཅིག་མིན་ནའང་། ང་ཚོའི་དབང་དུ་ཡོད་ཅིང་ངེས་པར་དུ་ལག་ལེན་ལ་འདེབས་དགོས་པའི་རིགས་ནི་མི་བཤད་

ཐབས་མེད་ལྟ་བུར་གྱུར་འདུག་གོ།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།