ཁྱེད་ལ་དུང་

25/12/2010 12:34

    ང་ཁྱེད་ལ་དུང་ཚུལ་གླེང་ན།

    

ང་ཁྱེད་ལ་དུང་ཚུལ་གླེང་ན

ཁྱེད་ཀྱི་རླུང་རྟ་ས་དང་མཉམ་ཏེ

ཁྱེད་ཀྱི་ཡོད་ཚད་ལ་མཐོང་ཆུང་བྱས་ནས

ཁྱེད་ལ་འཁོར་མཁན་རྐང་གཉིས་གྲལ་ནས་ཕུད་དུས

ཁོ་བོ་ཁྱེད་ལ་འཁོར་ཏེ་སེམས་མང་པོ་ཤིག་འཁུར་བ་འདི

ཅི་ནས་ཀྱང་ཕྲེང་ཐག་ལ་བརྒྱུས་ཐབས་བྲལ

འོན་ཀྱང

ཁྱེད་ཀྱི་ཡོད་ཚད་ལ་ཡོད་ཚད་ཀྱིས་འདུ་ཤེས་གཙང་མ་ཤིག་འཛིན་དུས

ཁྱེད་ལ་སྐར་གྲངས་ཐོབ་དུས

ཁྱེད་ཀྱིས་བསླུས་ཟིན་པ་དག་ལ་མཐོང་ཆེན་བྱེད་དུས

ཁྱེད་ཀྱི་ཆེད་དུ་འདུར་མཁན་ལ་སྙན་གྲགས་རྒྱས་དུས

ཁྱེད་ཀྱིས་ཁོ་བོར་བྱིན་པ་ནི

ཡིད་ཆད་ཀྱི་རྔམ་པ་རིང་མོ་ཤིག་དང

སེམས་སྡུག་གི་མིག་ཆུ་འཛད་པ་མེད་པ་ཤིག

དོན་ངོ་མར་འདི་དག་ཁོ་བོར་ཁྱེད་ཀྱིས་གནངས་བ་ཨེ་ཡིན

ངས་སུ་ལ་དྲིས་ན་ཤེས་མཁན་ཡོད་སྲིད

ངས་ཅི་ལྟར་བྱེད

ངས་་་་་་་་་་་་་་

ཡང་གཅིག་བཤད་ན

ཁོ་བོ་ནི་སྨྱོན་པ་ཤིག་རེད

ངས་འདང་ཕོག་སོང་

ངས་གཞི་ནས་འདང་ཕོག་སོང་

ངས་འདི་འདྲའི་ཁེར་ལབ་ཅིག་དགོས་དོན་གཞི་ནས་མེད་དེ

ཁོ་བོ་སྐྱིད་ན་བགད་རོགས་དང་སྡུག་ན་མིག་ཆུ་འདོན་རོགས་ནི་ཁྱེད་ལས་མེད་པས

ངས་ཡོད་ཚད་བློས་བཏང་ནས

གྱོན་མི་འདོད་པའི་ཞྭ་ཐེད་དགུ་བརྩེགས་ཤིག་གྱོན་ནས

ཁུར་མི་འདོད་པའི་ཁུར་བོ་ལྗིད་པོ་ཤིག་ཁུར་ནས

ཐ་ན་ལྟོ་ཟས་ཡང་མེད་པར་འཁྱམ་དགོས་ཡང

ནམ་ཡང་ཁྱེད་དང་ཁ་བྲལ་རྒྱུ་མིན་པ་སེམས་ཐག

རྒྱུ་མཚན

ཁོ་བོའི་ཡོད་ཚད་ཁྱེད་ལས་མཚོན་ཐུབ་མཁན་དང

ཁོ་བོའི་སེམས་ཁམས་ཁྱེད་ལས་རྟོགས་མཁན་མ་མཆིས་པའི་ལན་པ་ཡིན

ང་ལ་ཡོད་ཚད་ཀྱིས་སྡང་མིག་གཏད་ཡང་

ཁུར་མི་འདོད་པ་དག་གཡས་གཡོན་ཀུན་ནས་ཤབ་ཤུབ་དང

ཐ་ན་ངོ་གདོང་ལ་་་་་་་

གང་ལྟར་་་་་ངས་རོ་གོག་འདི་དུར་འཇུག་མ་བྱས་བར་དུ་་་་་་་་   

                         ༢༠༡༠། ༡༢།  ༢༥ ཉིན་སྤེལ།            དཀོན་མཆོག 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།