བོད་ནང་གི་བོད་མི་དག་གིས་འབོད་སྒྲ་དང་ཨ་རི་རླུང་འཕྲིན་གཙོ་པའི་གསར་ལམ་ཁག་གིས་བསྒྱུར་བཅོས

01/05/2012 13:52

 

བོད་ནང་གི་བོད་མི་དག་གིས་འབོད་སྒྲ་དང་ཨ་རི་རླུང་འཕྲིན་གཙོ་པའི་གསར་ལམ་ཁག་གིས་བསྒྱུར་བཅོས
ཚང་མས་མཁྱེན་གསལ་ལྟར། ཉེ་ཆར་བོད་ཀྱི་གླུ་བ་བློ་བློ་ཁོང་གིས་ ༼ བོད་དར་ཆ་སྒྲེངས་ཤིག་གངས་བུ་ཚོ་ ༽ཞེས་པའི་གླུ་གཞས་ཆེད་བསྒྲིགས་འོད་སྡེར་ཞིག་ཉེ་བའི་ཟླ་འགའི་སྔོན་འགྲེམས་སྤེལ་བྱས་ནས་ཚོང་རར་ཐོན་ཡོད་པ་དང་། ཆེད་སྒྲིག་འོད་སྡེར་དེའི་ནང་ཁོང་གིས་གླུ་ཚིག་ལ་ བོད་རང་བཙན་བཙན་པོའི་སྐྱོང་བའི་ཕྱིར། །རྒྱ་དམར་པོའི་དཔུང་ལ་རྒོལ་བའི་སླད། །དོན་བདེན་པ་དབུ་མའི་ལམ་ཁ་ནས། །བོད་དར་ཆ་སྒྲེངས་ཤིག་གངས་བུ་ཚོ། །གངས་དཀར་པོའི་ལ་རྒྱ་སྐྱོང་པའི་ཕྱིར། །བོད་རང་བཙན་གཙང་མ་ཐོབ་པའི་སླད། །དོན་གནས་ལུགས་དུ་མའི་རྒྱབ་ལྗོངས་ནས། །བོད་དར་ཆ་སྒྲེངས་ཤིག་གངས་བུ་ཚོ། ། སྐྱབས་རྒྱལ་བ་བོད་ལ་ཕེབས་པའི་ཕྱིར། །བོད་གཞིས་བྱེས་ལྷན་འཛོམས་ཡོང་བའི་སླད། །སྲོག་དམར་པོར་བསྡེབས་པའི་ཉག་ཁ་ནས། །བོད་དར་ཆ་སྒྲེངས་ཤིག་གངས་བུ་ཚོ། ། སེང་གངས་རིས་བརྒྱན་པའི་དར་ཆ་འདི། །བོད་མི་རིགས་འདི་ཡི་རྒྱལ་དར་ཡིན། །བོད་སྔོན་གཤེགས་དཔའ་བོའི་དགྲ་ལན་དུ། །བོད་དར་ཆ་སྒྲེངས་ཤིག་གངས་བུ་ཚོ། ། ཞེས་བླང་ཡོད་པར་བརྟེན། ཟླ་འདིའི་ཚེས་ ༡༩ ཉིན་ཡུལ་ཤུལ་ཁུལ་ཁྲི་འདུ་རྫོང་སྡོམ་མདའ་གྲོང་བརྡལ་ནས་ཉེན་རྟོགས་པས་འཛིན་བཟུང་བྱས་ཡོད་པ་རེད། གནས་ཚུལ་འདི་གསར་ལམ་མི་ཉུང་ཞིག་ནང་ཐོན་པ་རེད་ལ། ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ནས་ཀྱང་དེའི་སྐོར་བཤད་སོང་ལ་། སྙན་སྒྲོན་པ་ནོར་བུ་བསམ་འཕེལ་ལགས་ཀྱི་དེང་རབས་རྒྱལ་སྤྱིའི་ལུགས་ཡིན་ཟེར་བའི་གྱོན་ཆས་ཞིག་གྱོན་ནས་གླུ་བ་བློ་བློར་སྐོར་བཤད་གནང་སོང་། རེད་དེ། ཆེས་བློ་ཕམ་དགོས་པ་ཞིག་ལ། བོད་རང་བཙན་ཞེས་པ་ཚིག་དེ་ནག་སུབ་བཏང་སོང་། ཚིག་དངོས་གནས་དེ། བོད་རང་བཙན་བཙན་པོའི་སྐྱོང་བའི་ཕྱིར། ཞེས་ཧ་ཅང་གསལ་པོ་མཐོང་ཐུབ་ཀྱི་ཡོད་ནའང་། ད་དུང་བོད་བཙན་པོའི་གདུང་རྒྱུད་སྐྱོིང་བའི་ཕྱིར་ཟེར་ནས་བོད་རང་བཙན་ཚིག་དེ་སུབ་ནས་གདུང་རྒྱུད་ཞེས་ཞིག་བཤད་སོང་། ཨ་ཁ་བོད་ནང་གི་བོད་མི་དག་གིས་བློས་བཏང་ཇི་ལྟར་བྱེད་ཀྱི་ཡོད་རུང་བཙན་བྱོལ་ནང་གི་དབང་འཛིན་པ་དང་གསར་འགོད་པ་དེ་ཚོས་བཟོ་བཅོས་དེ་འདྲ་རྒྱག་གི་ཡོད་འདུག་བསམ་ནས་ཧ་ཅང་གི་བློ་ཕམ་བྱུང་། རྒྱུ་མཚན་ཅིའི་ཕྱིར་བོད་ནང་གི་བོད་མི་རྣམས་ཀྱི་འབོད་སྒྲ་དེ་ནག་སུབ་བཏང་གིན་ཡོད་རེད། 

 

ཀུན་གླེང་གིས་བཟོ་བཅོས། https://www.youtube.com/watch?v=pjqMHdY6zzM&feature=plcp

 

གླུ་བ་བློ་བློ་ལགས་ཀྱི་གླུ་གཞས་དངོས། https://www.youtube.com/watch?v=rk4jbqRc6Wk

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།