ལས་གཞིའི་སྐུ་ཚབ་དགོངས་ཞུ།

04/08/2012 12:58

 

སི་རི་ཡའི་ཞི་འགྲིག་ལས་གཞིའི་སྐུ་ཚབ་དགོངས་ཞུ།

ཆེད་ཕྱི་ཚེས་༢ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། རྒྱལ་ཚོགས་ཀྱི་དྲུང་ཆེ་ཟུར་པ་ཀོ་ཧྥི་ཨ་ནན་གྱིས་སི་རི་ཡའི་དཀའ་ངལ་སེལ་ཆེད་ཀྱི་ལས་གཞིའི་སྐུ་ཚབ་ནས་རྩ་དགོངས་ཞུས་ཡོད་པ་རེད།

རྒྱལ་ཚོགས་ཀྱི་དྲུང་ཆེ་བྷན་ཀོ་མེན་གྱིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཕྱི་ཟླ་༨ པའི་ཚེས་༣༡ ནས་སྐུ་ཞབས་ཨནྣན་གྱི་སྐུ་ཚབ་དུས་ཡུན་རྫོགས་ཀྱི་ཡོད་པས། སྐུ་ཞབས་ཨ་ནན་གྱིས་ལས་ཀ་ཕར་འགྱངས་བྱེད་རྒྱུ་མིན་ཞེས་བརྗོད་ཡོད་སྐར་འཁོད་འདུགདྲུང་ཆེ་བྷན་ཀོ་མེན་གྱིས་སྐུ་ཞབས་ཨ་ནན་གྱིས་སི་རི་ཡའི་གནད་དོན་སེལ་བར་ཆོད་སེམས་དང་སྙིང་སྟོབས་ཆེན་པོས་འབད་བརྩོན་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག 

རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཟུར་སྐུ་ཞབས་ཨ་ནན་ཕྱི་ཟླ་༢ པའི་ཟླ་མཇུག་ནས་སི་རི་ཡའི་དཀར་ངལ་ཞི་བའི་སེལ་རྒྱུ་དང་། ས་ཁུལ་དེའི་འགྲོ་བ་མིའི་ཐོབ་ཐང་། དྲག་སྤྱོད་ཀྱི་དཀའ་ངལ་སེལ་སླད་ཁོང་ལ་ལས་ཁུངས་དང་དབང་ཆ་ཆེན་པོ་སྤྲད་ནས་རྒྱལ་ཚོགས་དང་ཨ་རབ་མཐུན་ཚོགས་ཀྱི་སྐུ་ཚབ་ཏུ་བསྐོ་གཞག་བྱས་ཡོད་པ་རེད།  
སི་རི་ཡའི་ནང་དྲག་པོའི་ལས་འགུལ་ཤུགས་ཆེན་སྤེལ་བའི་ཐོག་གཞུང་མང་གཉིས་ཀྱི་མི་མང་ཁྲི་ཕྲག་གཅིག་ལྷག་རྐྱེན་ལམ་དུ་ཤོར་ཞིང་། གནད་དོན་དེ་སེལ་མ་ཐུབ་པར་གནས་ཚུལ་ཇེ་སྡུག་ཏུ་འགྲོ་མུས་ཡིན་པ་རེད། རྒྱལ་ཚོགས་དྲུང་ཆེས་ཀོ་ཧྥི་ཨནྣན་གྱིས་ཞི་བའི་དོན་ཚན་དྲུག་གི་ཐོག་གྲུབ་འབྲས་ཐོན་མིན་ལ་མ་ལྟོས་པར་ཁོང་ལ་བཀའ་དྲིན་ཆེ་ཞུའི་གསུང་བཤད་གནང་བ་དང་། ཁོང་ལ་བསྔགས་བརྗོད་ཟབ་པོ་གནང་ཡོད་པ་རེད། རེས་གཟའ་ཕུར་བུའི་ཉིིན་རྒྱལ་ཚོགས་བདེ་འཇགས་ལྷན་ཚོགས་ཀྱིས་སི་རི་ཡའི་གནད་དོན་ཐོག་གྲོས་བསྡུར་ཚོགས་འདུ་ཞིག་ཚོགས་རྒྱུ་དང་། སྤྱི་ཁྱབ་ཚོགས་ཆེན་ཞིག་རེས་གཟའ་པ་སངས་ཉིན་འཚོག་རྒྱུ་ཡིན་པ་རེད།

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།