སི་རི་ཡའི་དཀའ་ངལ་སེལ་ཆེད་མཉམ་འབྲེལ་བྱེད་རོགས

22/07/2012 21:13

 

 

སི་རི་ཡའི་དཀའ་ངལ་སེལ་ཆེད་མཉམ་འབྲེལ་བྱེད་རོགས།

ཟླ་འདིའི་ཚེས་༢༡ ཉིན་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེས། སྟོབས་ཆེན་རྒྱལ་ཁབ་ཁག་གཙོས་པའི་རྒྱལ་སྤྱི་ཚོགས་སྡེ་དང་། མི་མང་རྣམས་ལ་སི་རི་ཡར་འགྲོ་བ་མིའི་ཐོབ་ཐང་གཏོར་བཤིག་ཚད་མེད་གཏོང་བཞིན་པར་ངོ་རྒོལ་ཆེད་ཆིག་སྒྲིལ་གྱིས་རྒྱབ་སྐྱོར་བྱེད་རོགས་ཞེས་འབོད་སྐུལ་གནང་ཡོད་པ་རེད།

“རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་སི་རི་ཡའི་དཀའ་ངལ་ཐོག་ཁ་མི་མཐུན་པར་བློ་ཕམས་ཆེན་པོ་ཡོད། དེ་བཞིན་སི་རི་ཡའི་ནང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རུལ་དང་རྩིས་མེད་གཏོང་བཞིན་པ་མཚམས་འཇོག་བྱེད་ཐབས་བྲལ་བར་བློ་ཕམ་ཆེ་”ཞེས་སྤྱི་ཁྱབ་དྲུང་ཆེ་བྷན་ཀི་མོན་གྱིས་བརྗོད་ཡོད་པ་རེད།

ཁོང་གིས་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་ཀྱི་ནང་ཞུགས་མཁན་རྒྱལ་ཁབ་ཚོར་ལས་འགན་སྒྲུབ་རྒྱུ་དང་། ཚོགས་པའི་དམིགས་ཡུལ་དང་རེ་བ་བཞིན་ལག་ལེན་བསྟར་རྒྱུར་འབོད་སྐུལ་གནང་ཡོད་པ་རེད།

སི་རི་ཡའི་གྲོང་ཁྱེར་ཆེ་ཁག་ནས་དམག་མི་ཕྱིར་འཐེན་མ་བྱས་ན་རྒྱལ་ཚོགས་ཀྱི་ངོས་ནས་དམ་དྲག་བྱེད་རྒྱུ་ཡིན་ཞེས་ཉེན་བརྡའི་གྲོས་ཆོད་ཅིག་ལ་རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱིས་དགག་བྱ་བྱས་ཡོད་པ་རེད།

aptopix_midea_སྐུ་ཞབས་བྷན་ཀི་མོན་ནས་ལོ་༡༧ སྔོན་ནས་བྷོ་ས་ནི་ཡའི་ཁ་ཆེའི་སེབ་མི་རིགས་ཀྱི་མི་མང་༨༠༠༠ ཙམ་སྲྀ་བྲྀ་ནི་ཁའི་ནང་སྡེབ་གསོད་མཚམས་འཇོག་མ་བྱས་པའི་དཀའ་ངལ་དྲན་གསོ་བཏང་བའི་ཐོག རྒྱལ་ཚོགས་དང་རྒྱལ་སྤྱི་ཚོགས་སྡེ་ཁག་ལ་སི་རི་ཡའི་གནད་དོན་གལ་ཆེན་ཡིན་པའི་དྲན་སྐུལ་བྱས་ཡོད་པ་རེད། “འདི་ལྟ་བུའི་ཇུས་ཉེས་དེ་ལྟ་བུ་སླར་ཡང་འབྱུང་རྒྱུའི་སྔོན་འགོག་བྱེད་དགོས་”ཞེས་བརྗོད་ཡོད་པ་རེད།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།