གླུ་བ་འཇུ་བཟུང་།

21/08/2012 21:34

 

གཞས་པ་ཨ་མཆོག་ཕུལ་བྱུང་རྒྱ་གཞུང་གིས་འཇུ་བཟུང་།

ཟླ་འདིའི་ཚེས་༣ དགོང་མོའི་ཆུ་ཚོད་༨ ཙམ་ལ། རྔ་པ་བོད་རིགས་རང་སྐྱོང་ཁུལ་གྱི་བསྟི་གནས་འབར་ཁམས་གྱི་ཇ་ཁང་ཞིག་ནས་གཞས་པ་ཕུལ་བྱུང་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་འདུག


ཁོང་གི་དེ་སྔོན་གཞས་ཀྱི་འོད་སྡེར་ནང་བོད་མི་རིགས་ཀྱི་བདེ་སྡུག་ལ་རྒྱ་དང་འབྲེལ་བའི་སྐོར་གཞས་མང་པོ་བཏང་ཡོད་པས། རྒྱ་གཞུང་གིས་ཁོང་རྩད་གཅོད་སྐབས་ཉེན་ཡོལ་དུ་སོང་ཡོད་ནའང་། ཕྱི་ཟླ་༨ ཚེས་༣ དགོང་མོ་འཇུ་བཟུང་བྱས་འདུག་ཅེས་འབྲེལ་ཡོད་ཀྱིས་ཁ་པར་བརྒྱུད་འདི་ག་གསར་ཁང་དུ་འགྲེལ་བརྗོད་བྱས་སོང་།

ཨ་མཆོག་ཕུལ་བྱུང་ནི་རྔ་པ་ཁུལ་ཁྱུང་མཆུ་(ཧུང་ཡིན་)རྫོང་ཁོངས་ནས་ཡིན་པ་དང་། ད་ལྟ་རང་ལོ་༢༨ ཡིན་འདུག ཨ་ཕ་ལོ་༨༠ མིང་ལ་སྒྲོལ་མ་སྐྱབས་དང་། ཨ་མའི་མིང་ལ་སྒྲོལ་མ་ཟེར་གྱི་ཡོད་འདུག ཁོང་ཆུང་ཆུང་སྐབས་ནས་རྐང་ལག་ན་ཚ་ཡོད་མཁན་ཞིག་ཡིན་ནའང་། དུས་རྒྱུན་གཞས་ལ་དོ་སྣང་བྱས་ཏེ། ༧གོང་ས་མཆོག་དང་། བཀའ་ཁྲི་བློ་བཟང་སེང་གེ་སོགས་ལ་བསྟོད་གཞས་བཏང་བ་མ་ཟད། བོད་མི་མང་གིས་དགའ་མོས་བྱེད་སའི་གཞས་པ་ཞིག་ཆགས་ཡོད་པ་རེད་ཅེས་འབྲེལ་ཡོད་ནས་འགྲེལ་བརྗོད་བྱས་སོང་།།

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།