སྐྱག་རྫུན་ལ་ལན་འདེབས

14/08/2009 14:52

སྐྱག་རྫུན་ལ་ལན་འདེབས

བོད་རང་བཙན་སྐབས་ཀྱི་ཁྲིམས་ཡིག་བརྩི་མེད་བཏང་བ། དེའི་དུས་སུ་མི་དམངས་ལ་ཆབ་སྲིད་ཀྱི་དབང་ཆ་

མེད་པ། མི་དམངས་ལ་དཔལ་འབྱོར་མེད་པ། བཅིངས་འགྲོལ་བཏང་ནས་མི་དམངས་ལ་རང་དབང་ཡོད་པ།

ཆབ་སྲིད་ཁེ་དབང་སྤྱོད་རྒྱུ་ཡོད་པ།  མི་དམངས་ཀྱི་ལུས་ཁམས་བདེ་ཐང་དང་།  མི་འབོར་འཕེལ་རྒྱས་འགོ་

ཚུགས་ཚུལ་བསྐྱར་བཤད་ཡང་བཤད་བྱས་པའི་སྐོར།

དངོས་དོན། 

༡༽ བཅིངས་འགྲོལ་བཅང་རྗེས། བོད་མི་སེར་སྐྱ་ཕོ་མོ་རྒན་བྱིས་བཅས་པར་བྱས་ཉེས་འདི་ཡིན་མེད་པར་ཉེས་བརྡུང་

བཙོན་འཇུག  སྲོག་ཐོག་ཉེས་གཅོད་རང་སྣང་གང་དྲན་བྱས་དང་བྱེད་བཞིན་པའི་སྐོར་འཛམ་གླིང་ཡོངས་གྲངས་སོ།

༢༽ བོད་མི་མང་ལ་ཆབ་སྲིད་ཀྱི་རང་དབང་ལྟ་ཅི་རང་གི་སྲོད་ལ་རང་དབང་མེད་པ་རྒྱ་མི་གུང་ཁྲན་གྱིས་བཙན་ཤེད་

འོག་གང་འདོད་དུ་སྲོད་ཆད་གཏོང་གི་ཡོད།

༣༽ མི་འབོར་འཕེལ་རྒྱས་བྱུང་ཡོད་ཟེར་བ་མི་བདེན་སྟེ། ཨ་ལགས་བསྟན་འཛིན་དཔལ་འབར་གྱིས་བརྩམས་པའི་ངའི་

ཕ་ཡུལ་གྱི་ཡ་ང་བའི་ལོ་རྒྱུས། དེབ་ལས། ༡༩༥༨ ནས་༡༩༦༤ བར་འགོ་ལོག་ཁུལ་དུ་བོད་མི་གྲངས་ ༥༡༥༦༨ དང་

ཡུལ་ཤུལ་ས་ཁུལ་དུ་བོད་མི་གྲངས་  ༤༣༢༤༡ བཅས་ས་ཁུལ་དེ་གཉིས་ཙམ་ནས་མི་གྲངས་ ༩༤༨༡༩ ཙམ་དམར་

གསོད་དང་། མནར་གཅོད་འོག་གྲོངས་པ་གུང་ཁྲན་རང་ནས་ཁས་ལེན་ངོ་སྤྲོད་བྱས་ཡོད་ཅེས་འཁོད་པ་དང་། ཡོངས་

གྲངས་ལྟར་བོད་པའི་བུད་མེད་ཀྱི་མངལ་སྒོ་གཏོར་ནས་སྐྱེ་སྒོ་བཀག་པར་གཞིགས་ནས་མི་འབོར་འཕེལ་རྒྱས་བྱུང་

སྟངས་གང་འདྲ་ཡིན་ནམ།  རྒྱ་མི་བོད་ལ་གནས་སྤོས་བྱས་པས་ནི་བོད་མིའི་མི་འབོར་འཕར་ག་ལ་སྲིད།

༤༽ བོད་ལྗོངས་སུ་དཔལ་འབྱོར་ཡར་རྒྱས་སུ་བཏང་ནས་བོད་མིའི་འཚོ་བ་གོང་དུ་འཕེལ་ཞེས་པ་ནི། བོད་རྒྱལ་ཁབ་

རང་བཙན་ཡོད་པའི་སྐབས་བོད་ཀྱི་ཆབ་འབངས་ཞིང་འབྲོག་ས་ཁུལ་ལ་འཁྱེར་འཁོས་བཟང་ཞན་རིམ་པ་ཡོད་པ་སྟེ།  འབྲོག་པ་ཕྱུག་པར་མཚོན་ན་དཀར་ཁྲི་ནག་སྟོང་ཞེས་འབྲི་གཡག་སྟོང་དང་། ལུག་ཁྲིའི་བདག་པོ་དང་། ཞིང་པ་ཕྱུག་

པར་འབྲུ་རིགས་རུའི་ཁལ་སྟོང་ཕྲག་བཀར་འཇུག་གསོག་འཇོག་བྱས་པ་ཁྱིམ་ཚང་ཧ་ཅང་མང་པོ་ཡོད།   གུང་ཁྲན་

གྱིས་བོད་ལ་བཙན་གནོན་མི་གསོད་རྒྱུ་འཕྲོགབྱས་རྗེས་ཞིང་འབྲོག་ནང་ནས་ཕྱུག་པོ་དང་འབྲིང་པོ་ཞེས་རིམ་པ་དབྱེ་

འབྱེད་ཀྱིས་རྒྱུ་དངོས་དང་། ཟོག་རིགས་འཕྲོག་ལེན་བྱས་པ་མ་དྲན་ནམ།

༥༽ བོད་མི་ལ་རང་དབང་ག་ལ་ཡོད། བོད་ཀྱི་ས་གནས་གང་སར་བཙོན་ཁང་དང་། བཙོན་པ་གྲྭ་བཙུན་རྒན་བྱིས་ཕོ་མོ་

ཁྲི་ཕྲག་ཡོད་པ་རྣམས་ཀྱི་ཕ་མ་དང་། བཟའ་ཟླ་སྤེན་མཆེད་ཐུགས་འཕྲད་ལའང་འགྲོ་བསྐྱོད་མ་ཆོག་པ་སོགས་འགྲོ་བ་

མིའི་ཐོབ་ཐང་མི་སྤྲོད་པ་ངོ་མི་ཚའམ།

༦༽  བོད་ཀྱི་འཁོར་ཡུག་ལ་རང་བཞིན་གྱིས་སྐྱེས་པ་དང་། མཆེད་དུ་བཙུགས་པའི་ཤིང་ནགས་ཁྲོད་དུ་གཅན་གཟན་

རི་དྭགས་རིགས་མི་འདྲ་བ་ལོ་བརྒྱ་ཕྲག་མང་པོར་བག་ཕེབས་སུ་གནས་སྡོད་བྱ་ཡུལ་ཤིང་ནགས་རྣམས་གཅོད་འབྲེག་

དང་།  གཅན་བཟན་རི་དྭགས་ཀྱང་བསད་ནས་ཤིང་ནགས་རྩ་མེད་དུ་བཏང་བ་དང་། བཅན་ཟིན་རི་དྭགས་ཀྱང་

རྩ་མེད་དུ་འགྲོ་ཉེན་ཆགས་ཡོད།

༧༽  བོད་རྒྱལ་ཁབ་རང་བཙན་སྐབས་བོད་མི་ལྟོགས་རིད་ཀྱིས་ཤི་བའམ་རང་སྲོག་རང་གིས་བཅད་པ་ལོ་རྒྱུས་སུ་བྱུང་

མེད། རྒྱ་དམར་གུང་ཁྲན་གྱི་བོད་ལ་བཙན་གནོན་བྱས་པ་ནས་བཟུང་བོད་མི་སེར་སྐྱ་ཕོ་མོ་རྒན་གཞོན་མང་པོ་ལྟོགས་

རིད་ཤི་བ་དང་། ཆུ་ལ་མཆོངས་པ་དང་། རང་སྲོག་བཅད་པ་ཇི་སྙིད་བྱུང་དང་འབྱུང་བཞིན་པ་ཡིན།

༨༽  བོད་རྒྱལ་ཁབ་རང་བཙན་སྐབས་བོད་མི་མང་གིས་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་པའི་ལོ་རྒྱུས་མེད།

༩༽  བོད་མི་སེར་སྐྱ་ཕོ་མོ་རྒན་གཞོན་མང་པོ་སྲོག་དང་བསྡོས་ཏེ་རྒྱ་གར་གྱི་མཚོན་ཕྱི་རྒྱལ་ལ་སྐྱབས་བཅོལ་དུ་

གསང་བྲོས་བྱས་དང་བྱེད་བཞིན་པ་འདི་འདྲ་བོད་རྒྱལ་ཁབ་རང་བཙན་སྐབས་བྱུང་བའི་ལོ་རྒྱུས་མེད།

༡༠༽  གུང་ཁྲན་གྱི་ཤོད་མུས་ལྟར་བོད་རྒྱལ་ཁབ་རང་བཙན་སྐབས་བོད་རྒྱལ་ཁབ་ཀྱི་ཆབ་སྲིད་ལས་དོན་གལ་ཆེའི་རིགས་

གཞུང་མང་ཚོགས་འདུ་རྒྱས་འཛོམས་ཀྱི་གྲོས་ཆོད་སྤྱི་ཐམ་བཞི་འབྱར་རྩ་འཛིན་བྱེད་དགོས་པའི། སྤྱི་ཐམ་བཞི་ནི།  སེར་

མོ་བ་ཡོངས་ཀྱི་ཚབ་མཚོན་པ་གདན་ས་སེར་འབྲས་དགའ་གསུམ་གྱི་སྤྱི་ཐམ་དང་།     སྐྱ་བོ་ཡོངས་ཀྱི་ཚབ་མཚོན་དྲུང་

རིགས་སེར་སྐྱའི་སྤྱི་ཐམ་བཅས་བཞི་ལ་ཟེར།  སེ་འབྲས་དགའ་གསུམ་གྱི་གྲྭ་པ་སྟོད་ལ་དྭགས་དང་།  སྨད་དར་རྩེ་མདོ་

ཡན་བོད་ཆོལ་ཁ་གསུམ་ཀྱི་ཞིང་འབྲོག་མི་མང་གི་ཁོངས་ཤ་སྟག་ཡིན་པ་བཅས།  བོད་རྒྱལ་ཁབ་རང་བཙན་སྐབས་ཞི་

དྲག་ཆབ་སྲིད་འཛིན་སྐྱོང་ལ་སྐྱོན་འདོགས་སྣ་ཚོགས་བཀོད་དེ་གུང་ཁྲན་གྱིས་བོད་རྒྱལ་ཁབ་བཙན་བཟུང་བྱས་པ་ནས།  བོད་རྒྱ་ཁོངས་ཡིན་ཚུལ་དང་བོད་མི་མང་ལ་བདེ་སྐྱིད་ཡོད་ཚུལ་རྫུན་གཏམ་རིམ་པར་བཀོད་པ་སོ་སོའི་ཐད་དུ་དངོས་

དོན་གཞི་རྩར་བཟུང་སྟེ། འགྲེལ་བརྗོད་རྒྱུ་མཚན་དང་ལྡན་པ་བཀོད་པ་འདི་ལ་བློ་གཟུ་བོར་གནས་པའི་ཤེས་ལྡན་དག་

གིས་བདེན་དཔང་ཡོང་བའི་རེ་འདུན་ཡོད།།  །།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།