རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ

21/12/2011 10:58

 

རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལོ་འཁོར་ལྷན་ཚོགས་སྐོང་ཚོགས་གནང་བ།

༢༠༡༡ ཟླ་ ༡༢ ཚེས་ ༡༩ རེས་གཟའ་ཟླ་བ།
༄༅། །རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་བོད་དོན་ལས་འགུལ་ཚགས་ཚུད་ཡར་རྒྱས་ཡོང་ཐབས་སུ་དམིགས་ཏེ་ལྷོ་ཕྱོགས་ཁུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་གོ་སྒྲིག་དང་རྒྱལ་སར་ལྡི་ལིར་རྟེན་གཞི་བྱས་པའི་འཕགས་བོད་འབྲེལ་མཐུད་ཁང་ནས་མཐུན་རྐྱེན་གནང་བའི་ཐོག་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལོ་འཁོར་ལྷན་ཚོགས་སྐོང་ཚོགས་གནང་ཡོད།
གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༡༧ དང་ ༡༨  ཉིན་སྦེལ་ཀོབ་སེར་བྱེས་ཡིད་དགའ་ཆོས་འཛིན་གྱི་མགྲོན་ཁང་ནང་ལྷོ་ཕྱོགས་ཁུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལོ་འཁོར་ལྷན་ཚོགས་སྐོང་ཚོགས་གནང་བའི་ནང་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་ས་གནས་ཁག་དགུ་ཙམ་ཞིག་ནས་འཕགས་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་དང་དྲུང་ཆེས་གཙོས་འཕགས་བོད་གཉིས་ཀྱི་ཁྱོན་མི་གྲངས་མི་ལྔ་བཅུ་བརྒལ་བ་མཉམ་ཞུགས་གནང་ཡོད།
དེ་ཡང་ལྷན་ཚོགས་དབུ་འཛུགས་ཀྱི་མཛད་སྒོར་རྒྱ་གར་པི་རི་པ་ཎར་གྲོང་སྡེ་ལས་ཁུངས་ཀྱི་འགན་འཛིན་ལྕམ་སྐུ་ཤེ་ལ་ཡ་མཆོག་སྐུ་མགྲོན་གཙོ་བོར་མགྲོན་འབོད་ལྟར་ཆེད་ཕེབས་ཀྱིས་གསུང་བཤད་གནང་དོན། བོད་དེ་རྒྱ་མིའི་བཙན་འཛུལ་འོག་གནས་ཡོད་ཀྱང་ད་ལྟ་བོད་མི་རྣམས་ནས་དཀའ་སྤྱད་འབད་བརྩོན་གནང་བ་ལྟར། མ་འོངས་པ་ཡིན་རུང་འཚེ་མེད་ཞི་བའི་ཐབས་ལམ་བརྒྱུད་ནས་མུ་མཐུད་བོད་དོན་འཐབ་རྩོད་གནང་ན། རིང་པོར་མ་ཐོགས་པར་འཛམ་གླིང་གི་རྒྱལ་ཁབ་ཁག་ནས་བོད་ལ་རྒྱབ་སྐྱོར་གྱིས་བོད་ལ་ཨི་ཛི་རལ་བཞིན་རང་དབང་སླར་གསོ་ཡོང་ངེས་ཡིན། དེའི་ཐོག་ང་ཚོ་རྒྱ་གར་བ་སྤྱི་དང་ཡང་སྒོས་ཀར་ཎ་ཊ་མངའ་སྡེའི་སྤུན་ཟླ་རྣམས་ནས་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་ཡོད། དེ་བཞིན་འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་གིས་གསུང་བཤད་གནང་དོན། རྒྱ་གར་ལྷོ་ཕྱོགས་ཁུལ་བོད་མི་ཁྱོན་ཆེ་ཞིག་གནས་སྡོད་བྱེད་བཞིན་ཡོད་པར་བརྟེན།ལྷོ་ཕྱོགས་ཁུལ་དུ་བོད་དོན་རྒྱབ་སྐྱོར་བ་གང་མང་འཚོལ་ཐབས་བྱ་རྒྱུ་དེ་ནི་ང་ཚོའི་ལས་ཁང་གི་གལ་ཆེའི་ལས་དོན་ཞིག་ཏུ་ངོས་འཛིན་ཞུ་བཞིན་ཡོད། ཐེངས་འདིར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ལས་འགུལ་ལ་བསྐྱར་ཞིབ་དང་ལྷན་ཚོགས་དེ་དག་གིས་མ་འོངས་བོད་དོན་ལས་འགུལ་གོ་རིམ་དང་ནུས་པ་ལྡན་པའི་ཐོག་ནས་སྤེལ་ཐབས་སུ་ལྷན་ཚོགས་འདི་བཞིན་གོ་སྒྲིག་ཞུས་པ་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད། དེ་བཞིན་ས་གནས་འགོ་འཛིན་གྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཡོད་པ་བཅས། །

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།