རང་ལུས་མཆོད་སྦྱིན
10/01/2012 15:26
རང་བཙན་གྱི་དོན་དུ་རང་ལུས་མཆོད་སྦྱིན།
ཀླུ་ཟིན་བྲིས་ནས་འདིར་བཀོད།
རྩམ་གཟན་བོད་མིའི་ཆེད་་་་ཨ་ལགས་བསོད་བྷ་འདི་ལྟར་འབར་འདུག། ༼པར༽
༢༠༡༢ལོའི་ཕྱི་ཟླ་༡ཚེས་༨ཀྱི་ཞོགས་པར་མགོ་ལོག་ཕྱོགས་ཀྱི་སྟོང་སྐྱབས་དགོན་པ་དང་། སྙན་མོ་དགོན་པ་གཉིས་ཀྱི་བླ་མ་ཨ་ལགས་བསོད་བྷ་ལགས་ནས་རང་ལུས་ལ་མེ་སྦར་ཏེ་ལག་པར་བོད་ཀྱི་རྒྱ་དར་བཟུང་ནས་དར་ལག་རྫོང་གི་ཉེན་རྟོག་ལས་ཁུངས་ཀྱི་སྒོར་སོང་ནས་བོད་ལ་རང་དབང་དགོས། རྒྱལ་བ་རིན་པོ་ཆེ་མྱུར་དུ་བོད་ལ་ཕེབས་དགོས། རྒྱལ་བ་རིན་པོ་ཆེ་ཁྲི་ལོར་བརྟན་པར་ཤོག་ཅེས་འབོད་སྒྲ་སྒྲོག་ཞོར་རྩམ་གཟན་བོད་མིའི་བདེ་སྡུག་ཆེད་འདི་ལྟར་འབར་འདུག། སྐབས་དེར་ཉེན་རྟོག་སླེབ་ནས་སྐུ་ཕུང་བཙན་ཁྱེར་བྱས་ཡོད་མོད། དར་ལག་རྫོང་དང་དགའ་བདེ་རྫོང་གི་བོད་མི་ ༥༠༠༠ ཡས་མས་ཤིག་མཉམ་འཛོམས་ཀྱིས་རྫོང་ཉེན་རྟོགས་ལས་ཁུངས་ནས་སྐུ་ཕུང་ཕྱིར་འཕྲོག་འདུག