རང་དབང་སྒོ་

29/07/2009 19:32

རང་དབང་སྒོ་མཉེན་ཆས་ངོ་སྤྲོད།

རང་དབང་སྒོ་ཞེས་པ་ནི་རང་དབང་སྒེར་འཛིན་པའི་སྲིད་གཞུང་སོགས་ཀྱིས་བཀག་བསྡོམས་བྱས་

ཡོད་པའི་དྲ་ཚིགས་རྣམས་གསང་བའི་སྒོ་ནས་སྔོག་ཐུབ་པའི་མཉེན་ཆས་ཚད་ལྡན་ཅན་ཞིག་ཡིན་

ལ། དེ་ནི་ཤིན་ཏུ་མགྱོགས་པ་མ་ཟད།       རང་ཉིད་ཀྱིས་གསང་བའི་སྒོ་ནས་ཀློག་པའི་དྲ་ཚིགས་

རྣམས་ཀྱི་རྗེས་ཤུལ་རྩ་བ་ནས་ཤེས་ཐབས་མེད་པའི་ཉེན་མེད་སྲུང་སྐྱོབ་ལྡན་མཁས་པ་ཞིག་ཀྱང་

ཡིན། དེ་ཕྱིར་རང་དབང་སྒོ་མཉེན་ཆས་ཚད་ལྡན་འདི་ནི་ལྷག་པར་དུ་བོད་ནང་ནས་བེད་སྤྱོད་

 གཏོང་ཚེ་དགོས་མཁོ་ཆེན་པོ་ཡོད། བེད་སྤྱོད་བྱེད་སྟངས་གཤམ་གསལ་པར་གཟུགས་ནང་བཞིན་

མིན་འགྲོ་བསམ་བྱུང་། བཀོད་སྤྱོད་བྱ་འདོད་ཡོད་མཁན་རྣམས་ཀྱིས་ཞིབ་བཤེར་བྱེད་རོགས།

ཐོག་མ་རང་དབང་སྒོ་ཞེས་པ་དྲ་ཚིགས་དེ་ཁ་ཕྱེ་ནས་མར་ཕབ་ལེན་བྱ་དགོས་།

དྲ་ཚིགས་འདིའི་ཕབ་ལེན་སྡེ་ཚན་ནང་དུའང་ཡོད། གལ་ཏེ་དྲ་ཚིགས་འདི་ནས་ཕབ་ལེན་མ་ཐུབ་ན།

འདིའི་ཐོག་ལ་གཟིགས་རོགས  https://us.dongtaiwang.com/loc/download.php

     SAVE ཞེས་པར་གནོན་ནས་གློག་ཀླད་དུ་ཉར་དགོས།

ཁྱེད་ཀྱི་གློག་ཀླད་ནང་དུ་ཕབ་ལེན་ཟིན་དུས་འོག་གི་པར་ནང་བཞིན་ཆར་ངེས། གཉིས་གནོན་ྱ་རོགས།

དེ་ནས་RUN ཞེས་པ་དེ་ལ་གནོན་རོགས།

  Setting ཞེས་པ་དེ་ལ་གནོན་རོགས།

འདིར་སྐད་རིགས་འདེམས་ཆོག གལ་ཏེ་རྒྱུ་ཡིག་མཁྱེན་མཁན་ཞིག་ཡིན་ན། Simplified Chinese འདེམས།

Setting ཞེས་པ་དེ་ལ་གནོན་ན་འོག་གི་རྟགས་དམར་པོ་བརྒྱག་ཡོད་པའི་ Domain Resolve

ཞེས་པ་དེ་ལ་གནོན་ན། ཁྱེད་རང་ཁ་ཕྱེ་འདོད་པའི་དྲྭ་ཚིགས་དེའི་ཁ་བྱང་འཇུག་ས་ཞིག་ཡོད།

དུས་རྒྱུན་ཁྱེད་རང་གིས་དྲྭ་ཚིགས་ཁ་ཕྱེ་དུས་དཔེ་ན། www.konchok.webnode.com

བྲིས་ནས་ཁ་ཕྱེ་ཡི་ཡོད་ངེས་རེད་ལ་གོང་གི་Addres Bar ཞེས་པ་ནང་ཁ་བྱང་དེ་གནས་སྡོད་ཡོད།

རང་དབང་སྒོ་ཞེས་པ་མཉེན་ཆས་ཀྱིས་ཁ་བྱང་དེ་ཨང་གྲངས་ཞིག་སྒྱུར་འགྲོ་ཡི་ཡོད་པ་འདྲ།

ཕབ་ལེན་མ་ཐུབ་ན་བདག་ལ་ཁེའུ་ཁེའུ་རྒྱུད་ནས་འབྲེལ་བ་བྱེད་རོགས།། །།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།