འཚམས་འཕྲིན།

09/12/2009 10:51

འཚམས་འཕྲིན།

ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་སྤྱིར་ནོར་ྋགོང་ས་མཆོག་གིས་ཨ་རིའི་དམིགས་བསལ་སྐུ་ཚབ་ལས་ཁུངས་བརྒྱུད་

དེ། ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་ལ་སྤྱི་ལོ་ ༢༠༠༩ ལོའི་འཛམ་གླིང་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཐོབ་

པར་འཚམས་འདྲིའི་གསུང་འཕྲིན་ཞིག་བསྩལ་ཡོད་པའི་ནང་འཁོད་དོན། སྐུ་ཉིད་ཀྱིས་རྒྱལ་སྤྱིའི་རྩོད་རྙོག་དེ་

དག་རྣམ་དཔྱོད་དང་གྲོས་མོལ་གྱི་ལམ་ནས་སེལ་རྒྱུའི་འབད་བརྩོན་གནང་བར་ནོ་བྷེལ་ཞི་བདེའི་གཟེངས་རྟགས་

ཚོགས་ཆུང་གི་ངོས་འཛིན་གནང་བ་དེར་ངོས་ནས་དགའ་ཚོར་ཆེན་པོའི་ཐོག་འཚམ་འདྲི་ཞུ་རྒྱུ་ཡིན། སྐུ་ཉིད་ཀྱིས་

རྡུལ་ཕྲན་མཚོན་ཆ་མེད་པའི་འཛམ་གླིང་ཞིག་བསྐྲུན་ཐབས་དང༌། ཁོར་ཡུག་སྲུང་སྐྱོབ་ཡོང་སླད་དོན་ཕན་ལྡན་

པའི་ཕྱག་ལས་གནང་བར་ནོ་བྷེལ་ཞི་བདེ་ཚོགས་ཆུང་ནས་འོས་འཚམས་ཀྱི་ཐོག་ནས་ཞལ་བཞེས་གནང་ཡོད་པ་

རེད། དུས་རབས་ ༢༠ པ་དེ་ནི་རྩོད་རྙོག་གི་དུས་རབས་ཤིག་ཡིན་པ་དང༌། དུས་རབས་ ༢༡ དེ་གྲོས་མོལ་དང་

མཐུན་འབྲེལ་གྱི་དུས་རབས་ཤིག་ཡོང་བ་བྱ་རྒྱུར་ང་ཚོར་འགན་ཡོད།

 

དེར་བརྟེན། ཕན་ཚུན་གཅིག་ལ་གཅིག་བརྟེན་ཐོག་གནས་དགོས་པའི་འཛམ་གླིང་འདིའི་ནང་ཕྱོགས་ཡོངས་

ནས་ང་ཚོ་མཉམ་རུབ་ཐོག་བྱམས་བརྩེའི་ཐབས་ལམ་དེ་ལག་ལེན་དང་། གོང་མཐོར་གཏོང་རྒྱུའི་འགན་ཞིག་ཡོད།

ཨ་རིའི་རྒྱལ་ཁབ་གསར་འཛུགས་མཛད་མཁན་གྱི་མེས་པོ་རྣམས་ཀྱིས་ཨ་རིའི་རྒྱལ་ཁབ་འདི་མང་གཙོ་ཕུལ་བྱུང་

ཞིག་དང༌། གཞན་གྱི་རང་དབང་དང༌། འདོད་དབང་སྲུང་སྐྱོབ་བྱེད་མཁན་གྱི་རྒྱལ་ཁབ་ཞིག་ཏུ་བསྐྲུན་ཡོད་པ་

ངོས་ནས་འགྲེལ་བརྗོད་བྱས་ཡོད། དེར་བརྟེན། ད་ལྟའི་ཨ་རིའི་རྒྱལ་ཁབ་ཀྱི་དབུ་ཁྲིད་ཚོའི་ཆུ་ཚད་མཐོ་བའི་བཟང

སྤྱོད་ཀྱི་ལྟ་གྲུབ་དེ་དག་ལ་གཞི་བཅོལ་ནས་སྣེ་ཁྲིད་ཐུབ་པའི་ལངས་ཕྱོགས་དེ་བཟུང་ཐུབ་པ་བྱེད་རྒྱུ་གལ་ཆེན་པོ་

རེད། ལངས་ཕྱོགས་དེས་ཨ་རིའི་རྒྱལ་ཁབ་ཀྱི་སྙན་གྲགས་ཆེ་རུ་གཏོང་རྒྱུ་མ་ཟད་འཛམ་གླིང་ནང་ཛ་དྲག་གི་གནས་

སྟངས་འཚབ་ཆུང་དུ་འགྲོ་རྒྱུར་ལེགས་སྐྱེས་ཆེན་པོ་འབུལ་རྒྱུ་རེད། ཅེས་བོད་གཞུང་དྲ་བར་དབྱིན་ཡིག་ལས་བོད་

སྒྱུར་བྱས་འདུག

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།