བསམ་པ་ལྷུན་གྲུབ།

17/12/2009 14:51

བསམ་པ་ལྷུན་གྲུབ

༄༅། །ཨེ་མ་ཧོཿ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ༔ སྣང་བ་མཐའ་ཡས་ཐུགས་རྗེའི་བྱིན་རླབས་གཡོས༔

སྤྲུལ་སྐུ་པདྨ་འབྱུང་གནས་བྱིན་རླབས་ཏེ༔ འཛམ་བུའི་གླིང་དུ་འགྲོ་བའི་དོན་ལ་བྱོན༔ འགྲོ་དོན་རྒྱུན་ཆད་

མེད་པའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབསབསམ་པ་ལྷུན་གྱིས་གྲུབ་པར་བྱིན་

གྱིས་རློབསརྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་མན་ཆད་ནསཆོས་རྒྱལ་གདུང་བརྒྱུད་མཐའ་ལ་མ་སྟོང་བརདུས་

གསུམ་རྒྱུན་ཆད་མེད་པར་བྱིན་གྱིས་རློབསབོད་ཀྱི་ཆོས་སྐྱོང་རྒྱལ་པོའི་གཉེན་གཅིག་པོརྒྱལ་པོ་ཆོས་སྤྱོད་

སྐྱོང་བའི་ཐུགས་རྗེ་ཅནཨོ་རྒྱན྿ བསམ་པ྿ སྐུ་ནི་ལྷོ་ནུབ་སྲིན་པོའི་ཁ་གནོན་མཛདཐུགས་རྗེས་བོད་ཀྱི་

སེམས་ཅན་ཡོངས་ལ་གཟིགསམ་རིག་ལོག་པའི་སེམས་ཅན་འདྲེན་པའི་དཔལཉོན་མོངས་གདུལ་དཀའི་

སེམས་ཅན་ཐབས་ཀྱིས་གདུལབརྩེ་གདུང་རྒྱུན་ཆད་མེད་པའི་ཐུགས་རྗེ་ཅནཨོ་རྒྱན྿ བསམ་པ྿ དུས་

ངན་སྙིགས་མའི་མཐའ་ལ་ཐུག་པའི་ཚེནངས་རེ་དགོངས་རེ་བོད་ཀྱི་དོན་ལ་བྱོནཉི་ཟེར་འཆར་སྡུད་

མདངས་ལ་ཆིབས་ཏེ་བྱོནཡར་ངོའི་ཚེས་བཅུའི་དུས་སུ་དངོས་སུ་བྱོནའགྲོ་དོན་སྟོབས་ཆེན་མཛད་པའི་

ཐུགས་རྗེ་ཅནཨོ་རྒྱན྿ བསམ་པ྿ ལྔ་བརྒྱ་ཐ་མ་རྩོད་དུས་སྙིགས་མ་ལསེམས་ཅན་ཐམས་ཅད་ཉོན་

མོངས་དུག་ལྔ་རགསཉོན་མོངས་དུག་ལྔ་རང་རྒྱུད་སྤྱོད་པའི་ཚེདེ་འདྲའི་དུས་ན་བདག་འདྲའི་ཐུགས་

རྗེས་སྐྱོབདད་ལྡན་མཐོ་རིས་འདྲེན་པའི་ཐུགས་རྗེ་ཅནཨོ་རྒྱན྿ བསམ་པ྿ ཧོར་སོག་འཇིགས་པའི་

དམག་གིས་མཐའ་བསྐོར་ནསཆོས་འཁོར་གཉེན་པོ་འཇིག་ལ་ཐུག་པའི་ཚེཡིད་གཉིས་ཐེ་ཚོམ་མེད་པར་

གསོལ་བ་འདེབསཨོ་རྒྱན་ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅསཧོར་སོག་དམག་དཔུང་བཟློག་པར་ཐེ་ཚོམ་

མེདཨོ་རྒྱན྿ བསམ་པ྿ སེམས་ཅན་སྒྱུ་ལུས་འཇིག་པའི་ནད་བྱུང་ཚེམི་བཟོད་སྡུག་བསྔལ་ནད་ཀྱིས་

ཉེན་པ་ནཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབསཨོ་རྒྱན་སྨན་གྱི་བླ་དང་དབྱེར་མེད་པསཚེ་

ཟད་མ་ཡིན་བར་ཆད་ངེས་པར་སེལཨོ་རྒྱན྿ བསམ་པ྿ འབྱུང་བ་དགྲར་ལངས་ས་བཅུད་ཉམས་པའི་

ཚེསེམས་ཅན་མུ་གེའི་ནད་ཀྱིས་ཉེན་པ་ནཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབསཨོ་རྒྱན་

མཁའ་འགྲོ་ནོར་ལྷའི་ཚོགས་དང་བཅསདབུལ་ཕོངས་བཀྲེས་སྐོམ་སེལ་བར་ཐེ་ཚོམ་མེདཨོ་རྒྱན྿ བསམ་

པ྿ ལས་ཅན་འགྲོ་བའི་དོན་དུ་གཏེར་འདོན་ནདམ་ཚིག་ཟོལ་ཟོག་མེད་པའི་དཔའ་གདེང་གིསཡིད་

གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབསཨོ་རྒྱན་ཡི་དམ་ལྷ་དང་དབྱེར་མེད་པའིཕ་ནོར་བུ་ཡིས་ལོན་

པར་ཐེ་ཚོམ་མེདཨོ་རྒྱན྿ བསམ་པ྿ སྦས་ཡུལ་ནགས་ཁྲོད་དབེན་ས་སྙོག་པའི་ཚེཁ་ཆར་བུ་ཡུག་

འཚུབས་ཤིང་ལམ་འགགས་ནཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབསཨོ་རྒྱན་གཞི་བདག་གཉེན་

པོའི་འཁོར་དང་བཅསཆོས་མཛད་ལམ་སྣ་འདྲེན་པར་ཐེ་ཚོམ་མེདཨོ་རྒྱན྿ བསམ་པ྿ སྟག་གཟིག་

དོམ་དྲེད་དུག་སྦྲུལ་མཆེ་བ་ཅནའབྲོག་ཆེན་འཇིགས་པའི་འཕྲང་ལ་འགྲིམས་པའི་ཚེཡིད་གཉིས་ཐེ་ཚོམ་

མེད་པར་གསོལ་བ་འདེབསཨོ་རྒྱན་དཔའ་བོ་གིང་དང་སྲུང་མར་བཅསགདུག་པའི་སེམས་ཅན་སྐྲོད་པར་

ཐེ་ཚོམ་མེདཨོ་རྒྱན྿ བསམ་པ྿ ས་ཆུ་མེ་རླུང་འབྱུང་བའི་བར་ཆད་ཀྱིསསྒྱུ་ལུས་གཡར་པོ་འཇིག་ལ་

ཐུག་པའི་ཚེཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབསཨོ་རྒྱན་འབྱུང་བ་བཞི་ཡི་ལྷ་མོར་བཅས

འབྱུང་བ་རང་སར་ཞི་བར་ཐེ་ཚོམ་མེདཨོ་རྒྱན྿ བསམ་པ྿ ལམ་སྲང་འཇིགས་པའི་འཕྲང་ལ་འགྲིམས་

པའི་ཚེགསད་ཁྱེར་ཇག་པ་ཆོམ་པོས་ཉེན་པ་ནཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབསཨོ་རྒྱན་

ཕྱག་རྒྱ་བཞི་ཡི་དགོངས་པར་ལྡནཙོ་ར་མི་རྒོད་རྔམ་སེམས་བརླག་པར་བྱེདཨོ་རྒྱན྿ བསམ་པ྿ གང་

ཞིག་གཤེད་མའི་དམག་གིས་མཐའ་བསྐོར་ནསམཚོན་ཆ་རྣོན་པོས་འདེབས་ཤིང་ཉེན་པ་ནཡིད་གཉིས་

ཐེ་ཚོམ་མེད་པར་གསོལ་བ་འདེབསཨོ་རྒྱན་རྡོ་རྗེའི་གུར་དང་ལྡན་པ་ཡིསགཤེད་མ་བྲེད་ཅིང་མཚོན་ཆ་

འཐོར་བར་འགྱུརཨོ་རྒྱན྿ བསམ་པ྿ ནམ་ཞིག་ཚེ་ཟད་འཆི་བའི་དུས་བྱུང་ཚེགནད་གཅོད་སྡུག་བསྔལ་

འདུ་འཕྲོད་ཉེན་པ་ནཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབསཨོ་རྒྱན་སྣང་བ་མཐའ་ཡས་སྤྲུལ་

པ་སྟེབདེ་བ་ཅན་གྱི་ཞིང་དུ་ངེས་པར་སྐྱེཨོ་རྒྱན྿ བསམ་པ྿ སྒྱུ་ལུས་གཡར་པོ་ཞིག་པའི་བར་དོ་རུའཁྲུལ་

སྣང་ཉིང་འཁྲུལ་སྡུག་བསྔལ་ཉེན་པ་ནཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབསཨོ་རྒྱན་དུས་གསུམ་

མཁྱེན་པའི་ཐུགས་རྗེ་ཡིསའཁྲུལ་སྣང་རང་སར་གྲོལ་བར་ཐེ་ཚོམ་མེད༔ ཨོ་རྒྱན྿ བསམ་པ྿ གཞན་ཡང་

ལས་དང་རྐྱེན་གྱི་དབང་གྱུར་ཏེའཁྲུལ་སྣང་དངོས་པོར་ཞེན་ཅིང་སྡུག་བསྔལ་ནཡིད་གཉིས་ཐེ་ཚོམ་མེད་

པར་གསོལ་བ་འདེབསཨོ་རྒྱན་བདེ་ཆེན་རྒྱལ་པོའི་ངོ་བོ་སྟེསྡུག་བསྔལ་འཁྲུལ་པ་རྩད་ནས་གཞིག་པར་བྱེད

ཨོ་རྒྱན྿ བསམ་པ྿ འགྲོ་དྲུག་སྡུག་བསྔལ་ཆེན་པོས་ཉེན་པ་དངཁྱད་པར་བོད་ཀྱི་རྗེ་འབངས་སྡུག་བསྔལ་

དད་གུས་མོས་པའི་གདུང་ཤུགས་དྲག་པོ་ཡིསཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབསཨོ་རྒྱན་

ཐུགས་རྗེས་འཕོ་འགྱུར་མེད་པར་གཟིགསཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབསབསམ་པ་ལྷུན་

གྱིས་གྲུབ་པར་བྱིན་གྱིས་རློབས།། །།

འདི་ནི་བོད་རིགས་པོའོ་ལགས་ཞིག་གིས་རླུང་རྟ་དཔར་བཟོ་རྒྱུ་ཡིན།  ཡིག་ཐོག་འབྲི་རོགས་ཟེར་ནས་བསྐུལ་མ་ནན་པོ་བྱུང་

བས་སྤྱི་ལོ་༢༠༠༩།  སྤྱི་ཟླ་༡༢ ཚེས་༡༧ ལ།  དཀོན་མཆོག་གིས་བྲིས་པ་དགེ་འོ།།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།