བར་ཆད་ལམ་སེལ།

17/12/2009 14:40

བར་ཆད་ལམ་སེལ།

༄༅། །ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབསལོངས་སྐུ་ཐུགས་

རྗེ་ཆེན་པོ་ལ་གསོལ་བ་འདེབསསྤྲུལ་སྐུ་པདྨ་འབྱུང་གནས་ལ་གསོལ་བ་འདེབསབདག་གི་བླ་མ་ངོ་མཚར་

སྤྲུལ་པའི་སྐུརྒྱ་གར་ཡུལ་དུ་སྐུ་འཁྲུངས་ཐོས་བསམ་མཛདབོད་ཡུལ་དབུས་སུ་ཞལ་བྱོན་དྲེགས་པ་བཏུལ

ཨོ་རྒྱན་ཡུལ་དུ་སྐུ་བཞུགས་འགྲོ་དོན་མཛདཐུགས་རྗེས་བདག་ལ་བྱིན་གྱིས་རློབསབརྩེ་བས་བདག་སོགས་

ལམ་སྣ་དྲོངསདགོངས་པས་བདག་ལ་དངོས་གྲུབ་སྩོལནུས་པས་བདག་སོགས་བར་ཆད་སོལཕྱི་ཡི་བར་

ཆད་ཕྱི་རུ་སོལནང་གི་བར་ཆད་ནང་དུ་སོལགསང་བའི་བར་ཆད་དབྱིངས་སུ་སོལགུས་པས་ཕྱག་འཚལ་

སྐྱབས་སུ་མཆིཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾསྐུ་ཡི་ངོ་མཚར་མཐོང་བའི་ཚེགཡས་པས་རལ་གྲིའི་ཕྱག་རྒྱ་

མཛདགཡོན་པས་འགུགས་པའི་ཕྱག་རྒྱ་མཛད༔   ཞལ་བགྲད་མཆེ་གཙིགས་གྱེན་ལ་གཟིགས༔   རྒྱལ་བའི་

གདུང་འཛིན་འགྲོ་བའི་མགོནཐུགས་རྗེས྿ བརྩེ་བས྿ དགོངས་པས྿ ནུས་པས྿ ཕྱི་ཡི྿ ནང་གི྿

གསང་བའི྿ གུས་པས྿ཨོཾ་ཨཱཿཧཱུཾ྿ དམ་ཆོས་རིན་ཆེན་གསན་པའི་ཚེསྐུ་གསལ་འོད་ཟེར་མདངས་དང་

ལྡནཕྱག་གཡས་སྡེ་སྣོད་གླེགས་བམ་བསྣམསགཡོན་པས་ཕུར་པའི་པུ་སྟི་བསྣམས༔ ཟབ་མོའི་ཆོས་རྣམས་

ཐུགས་སུ་ཆུདཡང་ལེ་ཤོད་ཀྱི་པཎྜི་ཏཐུགས་རྗེས྿ བརྩེ་བས྿ དགོངས་པས྿ ནུས་པས྿ ཕྱི་ཡི྿ ནང་

གི྿ གསང་བའི྿ གུས་པས྿ ཨོཾ་ཨཱཿཧཱུཾ྿ དམ་ཅན་དམ་ལ་བཏགས་པའི་ཚེདྲི་མེད་གནས་མཆོག་ཉམས་

རེ་དགའརྒྱ་གར་བོད་ཡུལ་ས་མཚམས་སུབྱིན་གྱིས་བརླབས་ནས་བྱོན་པའི་ཚེདྲི་བསུང་སྤོས་ངད་

ལྡན་པའི་རིམེ་ཏོག་པདྨ་དགུན་ཡང་སྐྱེཆུ་མིག་བྱང་ཆུབ་བདུད་རྩིའི་ཆུབདེ་ལྡན་དེ་ཡི་གནས་མཆོག་

ཏུསྐྱེས་མཆོག་ཚུལ་བཟང་ཆོས་གོས་གསོལཕྱག་གཡས་རྡོ་རྗེ་རྩེ་དགུ་བསྣམསགཡོན་པས་རིན་ཆེན་ཟ་མ་

ཏོགརཀྟ་བདུད་རྩི་ནང་དུ་གཏམསམཁའ་འགྲོ་དམ་ཅན་དམ་ལ་བཏགསཡི་དམ་ཞལ་གཟིགས་དངོས

གྲུབ་བརྙེསཐུགས་རྗེས྿ བརྩེ་བས྿ དགོངས་པས྿ ནུས་པས྿ ཕྱི་ཡི྿ ནང་གི྿ གསང་བའི྿གུས་པས྿

ཨོཾ་ཨཱཿཧཱུཾ྿ རྒྱལ་བའི་བསྟན་པ་བཙུགས་པའི་ཚེགཡའ་རིའི་ནགས་ལ་སྒྲུབ་པ་མཛདབསྙེན་ཕུར་ནམ་མཁའི་

དབྱིངས་སུ་འཕངསརྡོ་རྗེའི་ཕྱག་རྒྱས་བླངས་ཤིང་སྒྲིལསྒྲིལ་ཞིང་ཙནྡན་ནགས་སུ་འཕངསམེ་འབར་

འཁྲུགས་ཤིང་མཚོ་ཡང་སྐེམསྲིབ་ཀྱི་མུ་སྟེགས་ས་གང་བསྲེགསཡཀྵ་ནག་པོ་རྡུལ་དུ་བརླགའདྲེན་གྱི་དོ་

མེད་བདུད་ཀྱི་གཤེདཐུགས་རྗེས྿ བརྩེ་བས྿ དགོངས་པས྿ ནུས་པས྿ ཕྱི་ཡི྿ ནང་གི྿ གསང་བའི྿

གུས་པས྿ ཨོཾ་ཨཱཿཧཱུཾ྿ སྲིན་པོའི་ཁ་གནོན་མཛད་པའི་ཚེཁྱེའུ་ཆུང་སྤྲུལ་སྐུའི་ཆ་ལུགས་ཅནཡ་མཚན་

གཟུགས་བཟང་ཁ་དོག་ལེགསཚེམས་འགྲིགས་དབུ་སྐྲ་སེར་ལ་མཛེསདགུང་ལོ་བཅུ་དྲུག་ལོན་པའི་ཚུལ

རིན་ཆེན་རྒྱན་ཆ་སྣ་ཚོགས་གསོལཕྱག་གཡས་འཁར་བའི་ཕུར་པ་བསྣམསབདུད་དང་སྲིན་པོའི་ཁ་གནོན་

མཛད༔ གཡོན་པས་སེང་ལྡེང་ཕུར་པ་བསྣམསམོས་པའི་བུ་ལ་སྲུང་སྐྱོབ་མཛདམགུལ་ན་ལྕགས་ཀྱི་ཕུར་པ་

བསྣམསཡི་དམ་ལྷ་དང་གཉིས་སུ་མེདགཉིས་མེད་སྤྲུལ་སྐུ་འཛམ་གླིང་རྒྱནཐུགས་རྗེས྿ བརྩེ་བས྿

དགོངས་པས྿ ནུས་པས྿ ཕྱི་ཡི྿ ནང་གི྿ གསང་བའི྿ གུས་པས྿ ཨོཾ་ཨཱཿཧཱུཾ྿ འདྲེ་ཡི་ཡུལ་དུ་དགོངས་

པའི་ཚེམེ་དཔུང་ཤོད་ཀྱི་ས་གཞི་ལམདའ་རྒྱང་གང་གི་མཚོ་ནང་དུཔདྨའི་སྟེང་ན་བསིལ་བསིལ་

འདྲཔདྨའི་ནང་ན་དགོངས་པ་མཛདམཚན་ཡང་པདྨ་འབྱུང་གནས་ཞེསརྫོགས་པའི་སངས་རྒྱས་

དངོས་སུ་བྱོནདེ་འདྲའི་སྤྲུལ་སྐུ་ཡ་མཚན་ཅནཐུགས་རྗེས྿ བརྩེ་བས྿ དགོངས་པས྿ ནུས་པས྿ ཕྱི་

ཡི྿ ནང་གི྿གསང་བའི྿ གུས་པས྿ ཨོཾ་ཨཱཿཧཱུཾ྿ བོད་ཀྱི་ཉི་མ་མཛད་པའི་ཚེདད་ལྡན་འགྲོ་བ་འདྲེན་

པའི་དཔལགང་ལ་གང་འདུལ་སྐུར་བསྟན་ནསགཙང་ཁ་ལ་ཡི་ལ་ཐོག་ཏུདགྲ་ལྷའི་དགེ་བསྙེན་དམ་

ལ་བཏགསཡུལ་ནི་ཚ་བའི་ཚ་ཤོད་དུལྷ་ཡི་དགེ་བསྙེན་དྲེགས་པ་ཅནཉི་ཤུ་རྩ་གཅིག་དམ་ལ་བཏགས

མང་ཡུལ་དེ་ཡི་བྱམས་སྤྲིན་དུདགེ་སློང་བཞི་ལ་དངོས་གྲུབ་གནངཁྱད་པར་འཕགས་པའི་རིག་འཛིན་

མཆོགཐུགས་རྗེས྿ བརྩེ་བས྿ དགོངས་པས྿ ནུས་པས྿ ཕྱི་ཡི྿ ནང་གི྿ གསང་བའི྿ གུས་པས྿

ཨོཾ་ཨཱཿཧཱུཾ྿དཔལ་མོ་ཐང་གི་དཔལ་ཐང་དུབསྟན་མ་བཅུ་གཉིས་དམ་ལ་བཏགསབོད་ཡུལ་ཁ་བའི་ལ་

ཐོག་ཏུགངས་དཀར་ཤ་མེད་དམ་ལ་བཏགསའདམ་ཤོད་ལྷ་བུའི་སྙིང་དྲུང་དུཐང་ལ་ཡར་བཞུད་དམ་

ལ་བཏགསཧས་པོ་རི་ཡི་ཡང་གོང་དུལྷ་སྲིན་ཐམས་ཅད་དམ་ལ་བཏགསཆེ་བའི་ལྷ་འདྲེ་ཐམས་ཅད་ཀྱིས

ལ་ལས་སྲོག་གི་སྙིང་པོ་ཕུལལ་ལས་བསྟན་པ་བསྲུང་བར་བྱསལ་ལས་བྲན་དུ་ཁས་བླངས་བྱསམཐུ་དང་རྫུ་

འཕྲུལ་སྟོབས་པོ་ཆེཐུགས་རྗེས྿ བརྩེ་བས྿ དགོངས་པས྿ ནུས་པས྿ ཕྱི་ཡི྿ ནང་གི྿ གསང་བའི྿ གུས་

པས྿ཨོཾ་ཨཱཿཧཱུཾ྿ དམ་པ་ཆོས་ཀྱི་བསྟན་པ་ནིརྒྱལ་མཚན་ལྟ་བུར་བཙུགས་པའི་ཚེབསམ་ཡས་མ་བཞེངས་ལྷུན་

གྱིས་གྲུབརྒྱལ་པོའི་དགོངས་པ་མཐར་ཕྱིན་མཛདསྐྱེས་མཆོག་གསུམ་གྱི་མཚན་ཡང་གསོལགཅིག་ནི་པདྨ་

འབྱུང་གནས་ཞེསགཅིག་ནི་པདྨ་སམ་བྷ་ཝགཅིག་ནི་མཚོ་སྐྱེས་རྡོ་རྗེ་ཞེསགསང་མཚན་རྡོ་རྗེ་དྲག་པོ་རྩལ

ཐུགས་རྗེས྿ བརྩེ་བས྿ དགོངས་པས྿ ནུས་པས྿ ཕྱི་ཡི྿ ནང་གི྿ གསང་བའི྿ གུས་པས྿ ཨོཾ་ཨཱཿཧཱུཾ྿ བསམ་

ཡས་མཆིམས་ཕུར་སྒྲུབ་པ་མཛདརྐྱེན་ངན་བཟློག་ཅིང་དངོས་གྲུབ་གནངརྗེ་བློན་ཐར་པའི་ལམ་ལ་བཀོད

གདོན་གཟུགས་བོན་གྱི་བསྟན་པ་བསྣུབསཆོས་སྐུ་དྲི་མེད་རིན་ཆེན་བསྟནསྐལ་ལྡན་སངས་རྒྱས་ས་ལ་བཀོད

ཐུགས་རྗེས྿ བརྩེ་བས྿ དགོངས་པས྿ ནུས་པས྿ ཕྱི་ཡི྿ ནང་གི྿ གསང་བའི྿ གུས་པས྿ ཨོཾ་ཨཱཿཧཱུཾ྿

དེ་ནས་ཨོ་རྒྱན་ཡུལ་དུ་བྱོནད་ལྟ་སྲིན་པོའི་ཁ་གནོན་མཛདམི་ལས་ལྷག་གྱུར་ཡ་མཚན་ཆེསྤྱོད་པ་རྨད་

བྱུང་ངོ་མཚར་ཆེམཐུ་དང་རྫུ་འཕྲུལ་སྟོབས་པོ་ཆེཐུགས་རྗེས྿ བརྩེ་བས྿ དགོངས་པས྿ ནུས་པས྿ ཕྱི་ཡི྿

ནང་གི྿གསང་བའི྿ གུས་པས྿ ཨོཾ་ཨཱཿཧཱུཾ྿ སྐུ་གསུང་ཐུགས་ལྡན་འགྲོ་བ་འདྲེན་པའི་དཔལསྒྲིབ་པ་ཀུན་སྤངས་

ཁམས་གསུམ་ས་ལེར་མཁྱེནདངོས་གྲུབ་མཆོག་བརྙེས་བདེ་ཆེན་མཆོག་གི་སྐུབྱང་ཆུབ་སྒྲུབ་པའི་བར་

ཆད་ངེས་པར་སེལཐུགས་རྗེས་བདག་ལ་བྱིན་གྱིས་རློབསབརྩེ་བས་བདག་སོགས་ལམ་སྣ་དྲོངསདགོངས་

པས་བདག་ལ་དངོས་གྲུབ་སྩོལནུས་པས་བདག་སོགས་བར་ཆད་སོལཕྱི་ཡི་བར་ཆད་ཕྱི་རུ་སོལནང་གི་

བར་ཆད་ནང་དུ་སོལགསང་བའི་བར་ཆད་དབྱིངས་སུ་སོལགུས་པས་ཕྱག་འཚལ་སྐྱབས་སུ་མཆིཨོཾ་ཨཱཿཧཱུཾ་

བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡཱ་ཛ་སིདྡྷི་ཕ་ལ་ཧཱུཾ

 

འདི་ནི་བོད་རིགས་པོའོ་ལགས་ཞིག་གིས་རླུང་རྟ་དཔར་བཟོ་རྒྱུ་ཡིན།  ཡིག་ཐོག་འབྲི་རོགས་ཟེར་ནས་བསྐུལ་མ་ནན་པོ་བྱུང་

བས་སྤྱི་ལོ་༢༠༠༩།  སྤྱི་ཟླ་༡༢ ཚེས་༡༧ ལ།  དཀོན་མཆོག་གིས་བྲིས་པ་དགེ་འོ།།   

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།