ཕྱི་ཟླ་བཅུ་པ།

18/07/2009 12:52

ཕྱི་ཟླ་བཅུ་པ།

ཕ་མ་རྒྱ་གཞུང་གིས་འཇུས་པའི་ཕྲུ་གུ་ཞིག

ཉེ་ཆར་ཕྱི་ཟླ་༩ ཚེས་༡༧ ཉིན་བལ་ཡུལ་སྣེ་ལེན་ཁང་དུ་གསར་དུ་འབྱོར་བའི་རང་ལོ་༡༢ ལས་སོན་མེད་

པའི་བུ་བསྟན་འཛིན་འཇིགས་མེད་ནི།  ཕ་ཡུལ་ལྷ་ས་ནས་ཡིན་ཞིང༌།  ཁོང་གི་ཕ་མ་གཉིས་འདི་ལོའི་

གསུམ་པའི་བཅུ་བཞིའི་ཉིན་ཞི་རྒོལ་བ་དང་འབྲེལ་བའི་ཉེས་མིང་འོག་རྒྱ་གཞུང་གིས་འཛིན་བཟུང་བྱས་

རྗེས། བུ་བསྟན་འཛིན་འཇིགས་མེད་བཙན་བྱོལ་དུ་ཡོང་དགོས་བྱུང་བ་རེད། ཁོང་གི་ཕ་རྡོ་རྗེ་ལགས་རང་

ལོ་༤༥ དང༌། ཨ་མ་འཚམས་ལགས་རང་ལོ་༤༢ ཡིན་པ་རེད། ཁོང་ཚོའི་ལྷ་ས་གྲོང་ཁྱེར་ནང་ཟ་ཁང་ཆུང་

ཆུང་ཞིག་བཟུང་ནས་འཚོ་བ་སྐྱེལ་གྱི་ཡོད་པ་དང༌། ཕ་མ་གཉིས་ཕྱི་ཟླ་གསུམ་པའི་ཚེས་༡༤ ཉིན་ཁོ་ཚོའི་

ཟ་ཁང་ནང་ནས་འཛིན་བཟུང་བྱས་ཡོད། ད་བར་བུ་བསྟན་འཛིན་འཇིགས་མེད་སྲུ་མོའི་ཁྱིམ་དུ་བསྡད་

ནས་སློབ་གྲྭར་ཕྱིན་པ་ཡིན་ཟེར། ཕ་མ་བཟུང་བའི་ཉིན་དེར་ཁོང་སློབ་གྲྭར་ཕྱིན་པ་ཡིན་ཟེར།སློབ་གྲྭ་ནས་

ཁྱིམ་དུ་ལོག་སྐབས་ཟ་ཁང་སྒོ་བརྒྱབ་ཡོད་པ་དང༌། མི་ཚོས་ཕ་མ་གཉིས་འཛིན་བཟུང་བྱས་སོང་ཟེར་ཡང་

ཡིད་མ་ཆེས་ནས་སྲུ་མོ་ལ་ཁ་པར་བརྒྱབ་པས།       སྲུ་མོས་ཁོ་མོའི་ནང་དུ་ཤོག་གསུངས་ནས་དེར་ཕྱིན་

སྐབས་ཕ་མ་གཉིས་འཛིན་བཟུང་བྱས་ཚར་ཚུལ་གསུངས་པས་ཡུན་རིང་པོར་ངུས་པ་ཡིན་ཟེར། རྒྱ་གཞུང་

གིས་བོད་པ་སྐད་འབོད་བྱེད་མཁན་རྣམས་ངོ་སྦྱོར་བྱས་པ་ཡིན་ན་བྱ་དགའ་སྤྲོད་རྒྱུའི་སྦྱར་ཡིག་གང་སར་

སྦྱར་ཡོད་པས་མི་ཞིག་གིས་ཁོང་གི་ཕ་མ་གཉིས་རྩིས་སྤྲོད་བྱས་པ་རེད་ཅེས་སྲུ་མོས་གསུངས་སོང་ཟེར། 

གཞན་ཁོ་ཚོའི་སྒོ་རའི་ནང་ཞོ་ཁོག་བཙོང་མཁན་ཨ་ཅག་ལགས་ཤིག་གི་ཁྱོ་ག་དང་སྤོ་ལགས་ཤིག་འཛིན་

བཟུང་བྱས་པ་རེད་ཟེར་ཡང་ཁོང་གཉིས་ཀྱི་མིང་དང་ལོ་ག་ཚོད་ཡིན་པ་མི་ཤེས་ཟེར། ད་དུང་ཁོང་གིས། སྲང་ལམ་དུ་ཉེན་རྟོག་པས་ཞིབ་བཤེར་དང་ཁྲོམ་དང་ཁྱིམ་ཚང་མང་པོ་ནང་དུ་ཉེན་རྟོག་པའི་ཆས་གྱོན་

མེད་མཁན་ཚོ་སླེབས་ནས་ལག་ཏུ་སྐད་འབོད་ལ་ཞུགས་མྱོང་བའི་བོད་པ་ཚོའི་པར་ཁྱེར་ནས་འདི་ངའི་

སྤུན་མཆེད་རེད། ད་ལྟ་གང་དུ་ཡོད་མེད་ཤེས་མ་སོང༌།ཉེན་རྟོག་པས་བཟུང་བ་མིན་འགྲོ་བསམ་པའི་སེམས་

ཁྲལ་འདུག་ཟེར་ནས་འདྲི་རྩད་བྱེད་མཁན་ཡང་མང་པོ་འདུག་ཟེར། ཉེན་རྟོག་པ་མང་ཤོས་གཙུག་ལག་

ཁང་གཡས་གཡོན་ན་འདུག དགོན་པའི་ནང་དུ་དམག་མི་མི་འདུག ཡིན་ནའང་དགོན་པའི་ཉེ་འདབས་

དམག་མི་བརྒྱད་དགུ་ཙམ་གྱིས་ལག་ཏུ་མེ་མདའ་ཁྱེར་ནས་ལངས་འདུག་ཅེས་འགྲེལ་བརྗོད་བྱེད་ཀྱི་འདུག།


    བོད་ནང་ཆབ་སྲིད་བཙོན་ཟུར་ཞིག་འཇུ་བཟུང༌།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་བཏང་གསལ་ལྟར། དེ་སྔ་ཆབ་སྲིད་གནད་དོན་རྐྱེན་གྱིས་ལོ་མང་བཙོན་དུ་བསྡད་མྱོང་བའི་ཆབ་སྲིད་བཙོན་ཟུར་དབང་འདུས་

ལགས་ད་ལོ་ཕྱི་ཟླ་༣ པའི་ནང་ལྷ་སར་ཞི་རྒོལ་བྱུང་བའི་རྗེས་གྲོང་ཁྱེར་ལྷ་སའི་སྤྱི་བདེ་ཚན་པས་ཁོང་ཁྱིམ་ཚང་

ནས་བཙན་ཁྲིད་བྱས་པ་དང༌། ད་ལྟ་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་འདུག དབང་འདུས་ལགས་ནི་

འདི་ལོ་དགུང་ལོ་༤༠ཙམ་སོན་ཞིང༌། སྐྱེས་ཡུལ་ལྷ་སའི་ཉེ་འགྲམ་སྟག་རྩེ་རྫོང་ཁོངས་ནས་ཡིན་པ་དང༌། དེ་སྔ་

ལྷ་ལྡན་གཙུག་ལག་ཁང་གི་དགེ་འདུན་པ་ཡིན་ཅིང༌། ༡༩༨༩ ལོར་བོད་ནང་གི་ཞི་བའི་ངོ་རྒོལ་ནང་ཞུགས་

རྗེས་ལོ་གསུམ་རིང་ངལ་རྩོལ་སློབ་གཅུན་བཟོས་ཏེ་གསང་ཡིབ་བཙོན་ཁང་དུ་བཙོན་འཇུག་བྱེད་སྐབས་ཁོང་

དང་བཙོན་རོགས་ཁག་ཅིག་ནས་༡༩༩༡ ལོའི་ཟླ་༥ ནང་གསང་ཡིབ་བཙོན་ཁང་དུ་ཞི་རྒོལ་གནང་བར་བརྟེན། ཁོང་ཚོར་ཁག་སོ་སོར་དུས་བཀག་བཙོན་འཇུག་གིས་ཁྲིམས་ཆད་སྤར་སྐབས་ཁོང་ལ་ལོ་༤ ཁྲིམས་ཆད་སྤར་

ནས་གྲྭ་བཞི་བཙོན་ཁང་དུ་སྤོས་སྐྱེལ་བྱས་པ་དང༌། མཐར་མི་ལོ་༧ དུས་བཀག་བཙོན་འཇུག་གི་དུས་ཚོད་ཡོལ་

ནས་༡༩༩༥ལོར་བཙོན་ནས་གློད་བཀྲོལ་བྱུང་རྗེས་ལྷ་སར་གཏན་སྡོད་ཀྱིས་རང་ཉིད་སྒེར་ངོས་ནས་འགྲོ་གྲོན་

བཏང་སྟེ་ལས་ཞོར་དབྱིན་ཡིག་སྦྱངས་བརྩོན་བྱས་པར་བརྟེན། རིམ་པས་ཨོ་སི་ཁྲུ་ལི་ཡར་རྟེན་གཞི་བྱས་པའི་

གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་དང་འབྲེལ་བ་བྱུང་སྟེ་བོད་ནང་རེག་དུག་ནད་གཞིའི་ HIV/AID ཐོག་ཞབས་འདེགས་ཧུར་ཐག་ཞུས་ཏེ་སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་ནང་གཞང་ཁང་ཁག་ཏུ་ཆེད་བསྐྱོད་ཀྱིས་ནད་

གཞིའི་སྐྱོན་གནད་སྐོར་གསལ་བཤད་དང༌། རྫོང་ཁག་དང་གྲོང་ཁྱེར་ནང་གི་སློབ་གྲྭ་ཁག མང་ཚོགས་ཁྲོད་

སོགས་སུ་གཏམ་བརྗོད་གོ་སྒྲིག ཡིག་ཆ་འགྲེམས་སྤེལ་གྱིས་ཞབས་འདེགས་ཧུར་ཐག་ཞུས་དང་ཞུ་བཞིན་པའི་

སྐབས་སྟེ། ད་ལོའི་ཕྱི་ཟླ་༣ པའི་ཚེས་༡༤ ཙམ་དུ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཚན་པས་ཁོང་གི་བཞུགས་གནས་བོད་

ལྗོངས་སློབ་གྲྭ་ཆེན་མོ་ནས་མཚན་མོ་བཙན་ཁྲིད་བྱས་ཏེ་ད་ལྟ་ཡང་ཁོང་གི་འཆི་གསོན་གྱི་གནས་སྟངས་གང་

ཡང་ཤེས་རྟོགས་མེད་པར་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་དབང་འདུས་ལགས་བོད་ནང་ཨི་

ཛེ་ནད་གཞི་སྔོན་འགོག་ལས་འགུལ་དངོས་སུ་སྤེལ་མཁན་གྱི་སྤྱི་ཚོགས་ཞབས་ཞུ་བ་ཞིག་ཡིན་པར་བརྟེན་རྒྱལ་

སྤྱིའི་སྤྱི་ཚོགས་ཀྱིས་ཁོང་མྱུར་དུ་གློད་གྲོལ་ཡོང་ཐབས་རྒྱབ་སྐྱོར་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།།

རྔ་པ་ཀིརྟི་དགོན་པའི་གནས་སྟངས།

    ཕྱི་ཟླ་༩ ཚེས་༤ ཉིན་ཀིརྟི་དགོན་པའི་དགེ་འདུན་པ་༣༧ ལ་རྒྱ་དམག་གིས་གཅར་རྡུང་དྲག་པོ་བྱས་པའི་

ཁོངས་ནས་གཙང་བ་ཆོས་འཛིན་དང༌། བསམ་འགྲུབ་གཉིས་ལ་རྔ་པ་རྫོང་སྨན་ཁང་གིས་སྨན་བཅོས་མཐུན་

རྐྱེན་གྱི་འགན་ལེན་མ་ཐུབ་པར་རྔ་པ་ཁུལ་འབར་ཁམས་སྨན་ཁང་དུ་སོང་ནས་སྨན་བཅོས་བྱེད་བཞིན་ཡོད་

འདུག་པ་དང༌། ལྷག་པར་གཙང་ཆོས་ཀྱི་མཁལ་མར་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་འདུག


སྨན་པ་གྲྭ་ཚང་གི་དགེ་སྐོས་བློ་བཟང་སྦྱིན་པའི་མཁལ་མར་ལྕགས་མདུང་ཕོག་ཡོད་པ་དང༌། ཕྱི་ཟླ་༡༠

ཚེས་༢ ཉིན་ནས་རྔ་པ་རྫོང་སྨན་ཁང་དུ་ཉལ་དགོས་བྱུང་ཡོད་འདུག ལྷ་མཆོག་དང་རབ་རྒྱས་གཉིས་སྨན་

ཁང་ནས་ཕྱིར་ཐོན་ཡོད་འདུག དོན་དག་འདིའི་ཐད་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་རྣམས་ལ་ལན་

པ་མེད་པའི་ཡི་གེ་ཞིག་རྔ་པ་རྫོང་ཉེན་རྟོག་ལས་ཁུངས་ཀྱིས་སྤྲད་ཡོད་པ་ཙམ་ལས་དགེ་འདུན་པ་ཚོས་རེ་

འདུན་བཏོན་པ་ལྟར་ཐག་གཅོད་གང་ཡང་བྱས་ཡོད་མི་འདུག     གཞན་ཡང་ཕྱི་ཟླ་༨ ཚེས་༡༣ ཉིན་གྱི་

དགོང་མོ་རྔ་པ་རྫོང་ཐོག་ནས་རྔ་པ་རང་སྐྱོང་ཁུལ་གྱི་ཉེན་རྟོག་པས་འཛིན་བཟུང་བྱས་པའི་རྔ་པ་རྟོགས་ལྡན་

བོན་དགོན་གྱི་གྲྭ་སངས་དགའ་ལགས་འཛིན་བཟུང་བྱས་པའི་ཉིན་མོ་དེར་རྔ་པ་རང་སྐྱོང་ཁུལ་དུ་ཁྲིད་ཡོད་

ཚུལ་ཙམ་ལས་དོན་དངོས་གང་དུ་ཁྲིད་ཡོད་མེད་དང༌། དོན་དག་ཅིའི་ཕྱིར་འཛིན་བཟུང་བྱས་པ་སོགས་ད་

དུང་ཡང་གསལ་ཆ་གང་ཡང་མེད་པར་ལྷག་ཡོད་འདུག     སྟག་ཚང་ལྷ་མོ་ཀིརྟི་དགོན་གྱི་གྲྭ་དཀོན་མཆོག་

བཟང་པོ་རང་ལོ་༡༧ དང༌། དཀོན་མཆོག་བཟོད་པ་རང་ལོ་༡༧ གཉིས་དང༌། འབྲིང་བ་སུམ་དགོན་གྱི་གྲྭ

ཐའ་ཡས་རང་ལོ་༡༧བཅས་ལ་ཁྲིམས་ཐག་གཅོད་རྒྱུར་ལོ་བཅོ་བརྒྱད་མ་ལོན་སྟབས་ལོ་གཅིག་དང་ཕྱེད་

རིང་ངལ་རྩོལ་སློབ་གཅུན་ཟེར་བའི་ཐག་བཅད། དེ་དག་མེན་ཡང་ཞེས་པའི་སི་ཁྲོན་གྱི་ས་གནས་གཞན་ཞིག་

ཏུ་ལས་ཀར་བཏང་ཡོད་འདུག སྟག་ཚང་ལྷ་མོ་ཀིརྟི་དགོན་གྱི་གྲྭ་བསྟན་པ་རྒྱ་མཚོ་དང༌། གྲགས་པ། ཚུལ་ཁྲིམས་

གསུམ་ལ་ཁྲིམས་ཐག་གཅོད་རྒྱུ་ཡིན་པའི་བརྡ་ཡིག་འབྱོར་ཡོད་འདུག་ཀྱང་ད་ལྟ་ཁྲིམས་ཐག་དངོས་གཞི་མ་

བཅད་པར་བཞག་ཡོད་འདུག
    སྤྲོ་ཚིགས་དགོན་གྱི་གྲྭ་རབ་བརྟན་རང་ལོ་༡༨ དང༌། ཐུབ་པ་སྐྱབས།རང་ལོ་༢༠ ཚེ་འཕུལ།རང་ལོ་༢༦ ཚུལ་

ཁྲིམས།རང་ལོ་༢༦  བསྟན་འཛིན་ཚེ་པོ།རང་ལོ་༢༠ སྐལ་བརྩོན་རང་ལོ་༢༣ བཅས་དགེ་འདུན་པ་དྲུག་ལ་རྐ་

ཁོག་རྫོང་ཧོང་ཡནབཀག་ཉར་ཁང་ཞིག་ནས་ངོ་རྒོལ་སྐབས་ཤང་སྲིད་གཞུང་ཡང་སྟེང་གི་དར་དམར་མར་ཕབ་

པའི་སྣེ་ཁྲིད་མཁན་གཙོ་བོ་ཡིན་པར་ངོས་འཛིན་བྱས་པའི་གྲྭ་སྐལ་བརྩོན་ལ་ལོ་༢ དང༌། གཞན་རྣམས་ལ་ལོ་༡

དང་ཟླ་༩ རེའི་ངལ་རྩོལ་སློབ་གཅུན་ཟེར་བའི་ལོ་ཐག་བཅད་ཡོད་འདུག་ཚུལ་བཅས་འཁོད་འདུག་ཀྱང་ཁྲིམས་

ཐག་ག་དུས་བཅད་མིན་དང༌། ཁྲིམས་ཁང་གང་ནས་ཡིན་མིན་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་བྱུང་

ཡོད་མི་འདུག།
    
བོད་ནང་དུ་དམ་དྲག་སྔར་བཞིན་རེད།

༢༠༠༨ ལོའི་པེ་ཅིང་གི་ཨོ་ལིམ་པིག་མཇུག་རྫོགས་ནས་ཟླ་གཉིས་ཙམ་ཕྱིན་ཡོད་ན་ཡང་བོད་ནང་དུ་རྒྱ་གཞུང་

གིས་དམ་དྲག་མུ་མཐུད་ནས་འགྲོ་བཞིན་པ་རེད། ཟླ་འདིའི་ཚེས་༡༦ ཉིན་བོད་ནས་ཁ་པར་བརྒྱུད་གནས་ཚུལ་

རག་པ་ལྟར་ན། དེང་སྐབས་བོད་ནང་གི་གནས་ཚུལ་ཉེ་ཆར་བོད་ནང་ཞི་རྒོལ་བྱུང་བའི་སྐབས་དང་ཁྱད་མེད་

པར་དམ་དྲག་ངང་ཡོད་པ་རེད། དཔེར་ན་ལྷ་ས་ནས་མར་མདོ་ཁམས་ཕྱོགས་སུ་འགྲོ་སྐབས་ལེ་དབར་རེའི་ས་

མཚམས་ན་རྟོག་ཞིབ་ས་ཚུགས་རེ་ཡོད་པ་དང༌། རྟོག་ཞིབ་ས་ཚུགས་རེ་རེར་མེ་མདའ་ཐོགས་པའི་དམག་མི་

དང༌། གློག་རྒྱུག་ཐོགས་པའི་དམག་མི། ཞིབ་བཤེར་བྱེད་མཁན། ད་དུང་ཅུང་ཟད་རྒྱང་ཙམ་ན་སྒུག་རའི་ནང་

མེ་མདའ་ཆེན་པོ་ཐོགས་པའི་དམག་མི། དེ་མིན་དམག་གི་སྡེ་ཚན་གཉིས་བཅས་ཁྱོན་སྡེ་ཚན་དྲུག་རེ་ཡོད་པ་

དང༌། ཁོ་ཚོས་ཧ་ཅང་གཟབ་ནན་ངང་འགྲུལ་འཁོར་དང་འགྲུལ་པ་ཚང་མར་རྟོག་ཞིབ་བྱེད་ཀྱི་འདུག མེ་

མདའ་ཐོགས་པའི་དམག་གིས་མེ་མདའི་རྐམ་ཁུང་ནང་མཛུབ་མོས་གནོན་རྒྱུ་གྲ་སྒྲིག་གིས་དྲག་པོའི་རྣམ་

འགྱུར་སྟོན་གྱི་འདུག དེ་བཞིན་དར་མདོ་ཁུལ་ལ་ཆ་བཞག་ན་ཡང་མཐའ་མཚམས་ཚང་མར་ཞིབ་བཤེར་

བྱེད་ཀྱི་འདུག ཧ་ཅང་དམ་དྲག་དང་གདུག་རྩུབ་རེད། ད་དུང་མི་ཉག་ས་ཁུལ་དུ་རྒྱལ་གཅེས་ཆོས་གཅེས་

ཟེར་བའི་སློབ་གསོ་ཡང་བྱེད་ཀྱི་ཡོད་པ་རེད། བོད་ནང་ཐ་ན་ལྟོ་གོས་ཀྱི་ཆེད་དུ་ཡང་འགྲོ་འདུག་གི་རང་

དབང་ཁག་པོ་ཆགས་འདུག ལྷག་པར་རྒྱ་གར་དུ་འགྲོ་མྱོང་མཁན་ལ་དམ་དྲག་ཆེན་པོ་རེད། ཉེ་ཆར་

དཀར་མཛེས་ཁུལ་གྱི་གཙོ་འཛིན་གྱིས་ང་ཚོས་བོད་ནང་བརྟན་ལྷིང་བྱེད་པར་དང་པོ་རྒྱ་གར་ལ་འགྲོ་མྱོང་

མཁན་ཚོ་ཏག་ཏག་བྱེད་དགོས། དེ་ནས་དགོན་སྡེ་ཁག་ལ་གཟབ་ནན་བྱེད་དགོས། ཁོ་ཚོ་སྟངས་འཛིན་

དང་ལག་དུ་ཚུད་པ་ཡིན་ན་མང་ཚོགས་ལ་ཀྲུང་གོར་རྒོལ་བའི་ནུས་པ་མེད་པར་བརྗོད་ཡོད་པ་རེད། བོད་

པ་གཞོན་སྐྱེས་ཅུང་ཟད་མཐོང་རྒྱ་ཡོད་མཁན་ཚོས་རྒྱ་ནག་གིས་ང་ཚོར་འདི་འདྲའི་དམ་དྲག་ངང་རྒྱལ་

ཁབ་ཅིག་གི་ལོ་རྒྱུས་ག་འདྲ་སྲུང་གི་འདུག་ལྟ་ཆོག     རྒྱ་ནག་གིས་འདི་ལྟར་བརྙས་བཅོས་དང་གཉའ་

གནོན་བྱེད་པ་ནི་ང་ཚོ་མི་རིགས་ཀྱི་གནད་དོན་འདི་མི་རབས་ནས་མི་རབས་བར་འཁོན་རྩོད་བྱེད་རྒྱུར་

བརྒྱུད་སྤྲོད་བྱེད་པར་སྐུལ་མ་དང་འདྲ་བས་ང་ཚོའི་སེམས་ཤུགས་ཆག་རྒྱུ་དང་སྙིང་སྟོབས་ཞུམ་མི་སྲིད་པ་

ཞིག་རེད་ལ། འཁོན་རྩོད་དང་སྙིང་ནད་འཕར་རྒྱུར་ཤུགས་རྐྱེན་སྤྲད་པ་ཞིག་རེད་ཅེས་འགྲེལ་བརྗོད་གནང་

སོང༌།  ད་དུང་ན་ནིང་མི་ཉག་ཤར་བཞག་བྲའི་ཉེ་འགྲམ་གྱི་སངས་རྒྱས་སྟོང་སྐུའི་རི་བོར་གཏེར་རྫས་སྔོག་

འདོན་གྱི་རྙོག་གྲ་ཡང་བསྐྱར་འབྱུང་གི་ཡོད་རེད། ཉེ་ཆར་ཞིག་ལ་རྒྱ་མི་ཁ་ཤས་སླེབས་ནས་སངས་རྒྱས་སྟོང་

སྐུའི་རི་བོར་གཏེར་ཁ་སྔོག་འདོན་བྱེད་ཀྱི་ཡིན་ཁྱེད་རང་ཚོར་སྒོར་མོ་གང་མང་སྟེར་ཆོག་བརྗོད་ཡོད་ཀྱང་

བོད་པས་ཁས་ལེན་མ་བྱས་པར་བརྟེན། རྒྱ་མི་ཚོ་ཁོང་ཁྲོ་ལངས་ནས་ཁྱེད་རང་ཚོ་དགའ་རུང་འདྲ་མ་དགའ་

རུང་འདྲ། གཏེར་རྫས་སྔོག་འདོན་བྱེད་ཀྱི་ཡིན་ཞེས་བརྗོད་ནས་ཕྱིར་ལོག་ཡོད་པ་རེད། གང་ལྟར་མི་འགྱངས་

བར་ཡང་བསྐྱར་ས་ཆ་དེར་གཏེར་རྫས་སྔོག་འདོན་གྱི་རྙོག་གྲ་ཞིག་འབྱུང་ངེས་པ་རེད་ཅེས་ཆེད་དུ་ཁ་པར་

བཏང་ནས་གནས་ཚུལ་མཁོ་སྤྲོད་དང་འདྲ་པར་ཁག་ཅིག་དྲ་རྒྱ་བརྒྱུད་བཏང་འབྱོར་བྱུང་སོང༌། ངས་ཕྱི་ཟླ་

༡༡ ནང་གི་དམིགས་བསལ་ཚོགས་འདུའི་སྐོར་ཁོང་ལ་བརྗོད་པར། ཁོང་གིས་ངོ་མ་ཡག་པོ་རེད། ཡིན་ཡང་

བོད་ནང་དུ་ཞི་རྒོལ་བྱུང་རྐྱེན་ལ་ཚོགས་ཆེན་འཚོག་དགོས་དོན་གང་ཡིན་ནམ། ད་དུང་ཧ་མ་གོ་བ་ཨེ་ཡོད། བོད་ཀྱི་རྩ་དོན་རྒྱལ་སྤྱིའི་གནས་བབ་འོག་བལྟ་དགོས་རྒྱུ་གལ་ཆེན་རེད། ཡིན་ཡང་བོད་ནང་གི་གྱེན་ལངས་

པ་ཚང་མས་སྲོག་འབེན་ལ་བཞག་ནས་རྩ་དོན་ཁ་ནས་བོས་ཡོད་པ་རེད། དེ་ཡང་གསལ་པོ་མ་རེད་དམ་ཅེས་

དགོངས་ཚུལ་ཡང་གསུངས་སོང༌།།   


ྋགོང་ས་མཆོག་བཞུགས་སྒར་དུ་ཆིབས་བསྒྱུར།

ཟླ་འདིའི་ཚེས་༢༠ ཉིན་ྋགོང་ས་མཆོག་སྐུའི་སྨན་བཅོས་ལེགས་འགྲུབ་བྱུང་ནས་བཞུགས་སྒར་དྷ་སར་

ཞབས་སོར་འཁོད་ཡོད་པ་རེད། དེའི་སྐབས་བོད་གཞུང་གི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་

པ་དང༌། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་སོགས་གྷ་གྷལ་གནམ་ཐང་དུ་ཕེབས་བསུར་

བཅར་བ་དང༌། བཞུགས་སྒར་དུ་འབྱོར་སྐབས་མི་མང་གིས་ཁ་བཏགས། མེ་ཏོག བོད་ཀྱི་རྒྱལ་དར་སོགས་ཁྱེར་

ནས་དགའ་སྣང་དོད་པའི་ངང་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་རེད། འབྲེལ་ཡོད་ནས་དེའི་སྐོར་བརྗོད་

གསལ་ལྟར་ན། ྋགོང་ས་མཆོག་གི་སྐུའི་སྨན་བཅོས་ལེགས་འགྲུབ་བྱུང་ཡོད་པ་མ་ཟད། ཞབས་ཐང་དུ་ཕེབས་

སྐབས་ཀྱང་སྔར་བཞིན་ཐང་པོ་འདུག འོན་ཀྱང་ཟླ་འདིའི་ནང་གི་མཛད་འཆར་ཁག་ཕྱིར་འཐེན་བྱ་རྒྱུ་རེད་

ཅེས་འགྲེལ་བརྗོད་གནང་སོང༌། བོད་གཞིས་བྱེས་མི་མང་ཡོངས་ནས་ྋགོང་ས་མཆོག་གི་སྐུའི་འཕྲོད་བཞེས་

ཀྱི་གནས་སྟངས་ལ་སེམས་འཚབ་ཆེན་པོས་རིམ་འགྲོ་དང་ཞབས་བརྟན་སྣ་མང་ཞུས་ཡོད་པ་རེད།།

རྨ་ཆུའི་ཞི་རྒོལ་བ་ཞིག་འཇུ་བཟུང༌།

སྒྲོལ་དཀར་སྐྱབས་ལགས་ཀྱིས་གནས་ཚུལ་མཁོ་གཏོང་གནང་བ་ལྟར་ན། འདི་ལོའི་ཟླ་༩ ཚེས་༡༣ ཉིན་རྨ་

ཆུ་རྫོང་ཉིན་མ་ཞང་རྒྱལ་ཁོ་ཚང་གི་སངས་བཀྲ་སངས་རྒྱས་བཀྲིསརྨ་ཆུ་རྫོང་དུ་འཛིན་བཟུང་བྱས་ཡོད་འདུག་

ལ།         ཁོ་པ་རྫོང་ཉེན་རྟོག་པས་བཟུང་རྗེས་ཕྱི་ཟླ་གསུམ་པའི་ཚེས་བཅུ་དྲུག་ཉིན་གྱི་རྨ་ཆུའི་བོད་མིའི་ཞི་

རྒོལ་སྐབས་གྱོན་ཡོད་པའི་གྱོན་ཆས་ཁག་རྩིས་སྤྲོད་བྱེད་དགོས་པའི་བཙན་བཀའ་ནང་མིར་བཏང་སྟེ་རྩིས་སྤྲོད་

བྱེད་དགོས་བྱུང་བ་དང༌། ད་ལྟ་བར་ས་གནས་གཞན་དུ་ཉེན་གཡོལ་དུ་ཕྱིན་ཡོད་ཀྱང༌། ཁོང་རྨ་ཆུའི་བོད་མིའི་

ཞི་རྒོལ་སྐབས་ཀྱི་སྣེ་ཁྲིད་གཙོ་བོའི་གྲས་སུ་བགྲངས་ཏེ་རྒྱ་གཞུང་གིས་རྩད་འཚོལ་བྱས་སྟབས། ཉེན་རྟོག་པས་

འཛིན་བཟུང་བྱས་ཏེ་དེང་སྐབས་རྫོང་བཀག་ཉར་ཁང་དུ་བཙོན་འཇུག་བྱས་ཡོད་འདུག་པ་ལས་ཞིབ་ཕྲའི་གནས་

ཚུལ་གསལ་ཁ་མ་མཆིས། ད་དུང་རྨ་ཆུ་ས་ཁོངས་ཀྱི་སྐྱ་སེར་བདུན་ཅུ་ལྷག་ས་གནས་གཞན་དུ་ཉེན་གཡོལ་དུ་

ཕྱིན་ཡོད་པ་དང༌། རྒྱ་གཞུང་ནས་ཀྱང་མུ་མཐུད་དེ་དག་འཛིན་བཟུང་ཆེད་ཐབས་ལམ་འདྲ་མིན་བརྒྱུད་རྩད་

འཚོལ་བྱེད་མུས་ཡིན་འདུག།
    
སློབ་མ་ཞིག་གི་ཚེ་སྲོག་དང་བོད་མིར་རེ་འབོད།
རྒྱ་ནག་གིས་བོད་ལ་དབང་བསྒྱུར་བྱས་ནས་བོད་མི་རང་སྲོག་གཅོད་མཁན་མི་ཉུང་བ་ཙམ་བྱུང་དང་འབྱུང་

བཞིན་ཡོད་ལ། ཕྱི་ཟླ་༡༠ ཚེས་༡༨ ཀྱི་ཆུ་ཚོད་༤ ཙམ་གྱི་ཐོག་གཅན་ཚ་རྫོང་སློབ་འབྲིང་ནང་སློབ་མ་ཞིག་

གིས་བོད་ལ་རང་དབང་མེད་པའི་དཔང་རྟགས་མཚོན་ཆེད་རང་སྲོག་གཅོད་དགོས་བྱུང་ཡོད་པ་རེད།
    ཟླ་འདིའི་ཚེས་༢༢ ཀྱི་ཕྱི་དྲོ་བོད་ནང་ནས་འདི་གར་ཆེད་དུ་ཁ་པར་བརྒྱུད་གནས་ཚུལ་འགྲེལ་བརྗོད་

གནང་བ་ལྟར་ན། ཨ་མདོ་མཚོ་བྱང་རྐང་ཚ་རྫོང་གཡུ་ལུང་སྡེ་བའི་བཀྲ་ཤིས་རྣམ་རྒྱལ་ཚང་གི་བུ་ལྷུན་གྲུབ

་ཕྱི་ཟླ་༡༠ པའི་ཚེས་༡༨ ཉིན་གཅན་ཚ་རྫོང་སློབ་འབྲིང་གི་ཁང་ཐོག་གསུམ་པའི་ཐོག་ནས་མཆོངས་ཏེ་ཚེ་

སྲོག་ཤོར་ཡོད་པ་རེད།      ཁོང་གི་ཤུལ་དུ་དགེ་སློབ་ཡོངས་ལ་ཡི་གེ་ཞིག་བཞག་ཡོད་པའི་ནང་ཁོས་རང་

སྲོག་གཅོད་དོན་སྒེར་གྱི་དོན་དག་ཅིག་རྩ་བ་ནས་མིན་པར། བོད་ལ་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་

མེད་པ་འཛམ་གླིང་མི་མང་ལ་བདེན་དཔང་བྱེད་རྒྱུའི་ཆེད་དུ་རང་སྲོག་དོར་བ་ཡིན། ཚེ་སྲོག་མཆོད་འབུལ་

བྱེད་དོན་ལ་རེ་བ་གཉིས་ཡོད། བོད་ལ་རང་དབང་མ་ཐོབ་བར་དུ་བོད་མི་ཚང་མས་འབད་བརྩོན་ཧུར་ཐག་

བྱེད་རྒྱུ་དེ་དང་པོ་ཡིན། གཉིས་པ་དེ་དགེ་སློབ་ཚང་མས་བོད་ཀྱི་ཕ་སྐད་རྒྱུན་འཛིན་བྱེད་རྒྱུར་འབད་བརྩོན་

བྱེད་རྒྱུ་དེ་ཡིན་ཞེས་བྲིས་འདུག ཁོ་རང་གིས་དེ་སྔོན་འདི་ལོའི་ཕྱི་ཟླ་༤ ཚེས་༢༧ ཉིན་གཙན་ཚ་རྫོང་སློབ་

འབྲིང་ནང་གི་རྒྱལ་དར་དང༌། སློབ་ཆུང་ནང་གི་རྒྱལ་དར་མར་ཕབ་ནས་མེར་བསྲེག་བཏང་བ་དང༌། ཤུལ་

དུ་ཁ་དར་བཏགས་པ་སོགས་ལས་ཀ་མང་པོ་བྱས་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་སོང༌།   ཁ་པར་

གཏོང་མཁན་དེས་མུ་མཐུད་གསུང་དོན། ཁོ་རང་གི་ཚེ་སྲོག་བོད་དོན་ཆེད་ཕུལ་བ་དེ་ངས་ཆེད་དུ་ཁ་པར་

བཏང་ནས་བོད་མི་ཡོངས་ཀྱི་སྙན་ལམ་དུ་ཕུལ་རྒྱུའི་ཆེད་དུ་ཡིན། ང་ཚོ་ཤུལ་དུ་ཡོད་མཁན་ཚོས་སྲོག་ལ་མ་

འཛེམས་པར། བོད་མི་སྙིང་སྟོབས་ཅན་ཚོས་རང་གི་ཚེ་སྲོག་བདེན་དཔང་དུ་འཇོག་གི་ཡོད་པ་རེད། སྙིང་

སྟོབས་མེད་མཁན་ཚོས་ཀྱང་ལྷག་བསམ་རྣམ་དག་གིས་བྱ་བ་ཆེ་ཆུང་མང་པོ་བྱེད་ཀྱི་ཡོད་པ་རེད། ཐུབ་ཚོད་

ཀྱིས་མ་འོངས་པར་ཡང་བྱེད་རྒྱུ་ཡིན།       ཕྱི་སྡོད་བོད་མི་ཚང་མས་རང་གི་སྙིང་སྟོབས་མ་ཞུམ་པར་བོད་

དོན་ཆེད་ཧུར་ཐག་བྱེད་རྒྱུ་ངའི་རེ་བ་ཡིན་ཞེས་འགྲེལ་བརྗོད་གནང་སོང༌།
    རང་སྲོག་ཤོར་མཁན་ལྷུན་འགྲུབ་ལགས་ནི་མཐོ་རིམ་སློབ་འབྲིང་གི་སློབ་མ་ཡིན་པ་དང༌། ད་ལྟ་རང་ལོ་

༡༧ ཡིན་འདུག ཁོང་གིས་དེ་སྔོན་༵༵སྒྱུ་སྐར་ཕྲ་མོ་ཀཀཞེས་པའི་རྩོམ་དེབ་ཅིག་ཀྱང་བྲིས་ཡོད་འདུག དེ་རྗེས་

གནས་ཚུལ་ཤེས་རྟོགས་བྱུང་གསལ་ལྟར་ན། ཁོང་གིས་སྔོན་མ་ནས་བོད་ལ་རང་དབང་མེད་པར་བརྟེན། སྐྱིད་

པོ་མི་འདུག དེ་ལས་རང་སྲོག་མཆོད་འབུལ་བྱེད་རྒྱུ་ཡིན་ཚུལ་ཡང་ཁོང་གི་འབྲེལ་ཡོད་སློབ་གྲོགས་ཁག་ཅིག་

ལ་འགྲེལ་བརྗོད་གནང་ཡོད་འདུག།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།