གཟེངས་རྟགས་དུས་དྲན

10/12/2009 19:52

སྤྱི་ལོ་༠༩ སྤྱི་ཟླ་༡༢ ཚེས་༡༠ ཉིན་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང། བོད་མིའི་ཆོས་སྲིད་

གཉིས་ཀྱི་དབུ་ཁྲིད་༧གོང་ས་མཆོག་ལ་འཛམ་གླིང་ནོ་སྦེལ་ཞི་བདེའི་གཟེངས་ཕུལ་ནས་ལོ་༢༠ འཁོར་བའི་

དུས་ཆེན་འཛམ་གླིང་གང་སར་སྲུང་བརྩི་བྱས་ཡོད་པ་རེད





འདི་ནི་བལ་ཡུལ་དུ་ཡོད་པའི་བོད་རིགས་དག་གིས་དུས་ཆེན་སྲུང་བརྩི་སྐབས་འདྲ་པར་ཁག་ཅིག་ཡིན། བལ་

ཡུལ་དུ་ཡོད་པའི་སྤུན་ཟླ་དག་ལ་ས་གནས་གཞན་དང་འདྲ་བའི་རང་དབང་མེད་པ་མ་ཟད། ཉེ་ཆར་བལ་

ཡུལ་གསང་བའི་ལས་ཁུངས་ཀྱིས་བལ་ཡུལ་ཀ་ཐུ་མན་གྲུའི་ལུང་གཞོངས་སུ་ཡོད་པའི་ནང་འི་དགོན་པ་

༤༣ ནི་བོད་རང་དབང་གི་འཐབ་རྩོད་དང་རྒྱ་རྒོལ་གྱི་ལས་འགུལ་སོགས་སྲིད་དོན་གྱི་ཚོར་ཤུགས་རྣོ་བའི་

ལས་འགུལ་ནང་ཞུགས་མཁན་ཡིན་སྐོར་སྐྱོན་བརྗོད་དང་དགོན་པ་དག་གི་མཚན་ཕྱིར་བསྒྲགས་བྱས་ཡོད་

པ་རེད།





Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།