སྲོལ་མེད་ཟེར།

2009-04-15 16:11

བོད་ལ་སྤྲུལ་སྐུ་བདམ་པའི་སྲོལ་མེད་ཟེར།

འདོན་སྤེལ། ༢༠༠༩/༠༤/༡༥ དུས་བབ།

བོད་ཀྱི་ལོ་རྒྱུས་སྟེང་འདེམས་བསྐོའི་ལུགས་ཀྱིས་སྤྲུལ་སྐུ་བདམ་པའི་སྲོལ་མེད་པ་མ་ཟད། སྒྲུབ་སྟངས་འདི་རིགས་ནི་ལོ་རྒྱུས་སྟེང་གཏན་འབེབས་བྱས་པའི་ནང་བསྟན་ཆོས་ལུགས་ཀྱི་ཆོ་ག་ཕྱག་ལེན་དང་མི་མཐུན་ཞིང་། སྤྲུལ་སྐུ་ངོས་འཛིན་ཀྱི་ཕྱི་མོའི་གཞུང་ལུགས་དང་ཡང་འགལ་ཟླར་གྱུར་ཡོད་པ་རེད་ཟེར།
  

ཕྱི་ཚེས་ ༡༥ ཉིན་རྒྱ་ནག་ཤིན་ཧྭ་དྲ་བས་གནས་ཚུལ་སྤེལ་བ་ལྟར་ན།  ཚེས་ ༡༣ ཉིན་ཀྲུང་གོའི་གསར་འགོད་པའི་མཐུན་ཚོགས་ཀྱིས་བསྒྲུབས་པའི་གསར་འགྱུར་ཇ་སྟོན་ཚོགས་འདུ་སྐབས་བཞི་བའི་སྟེང་། བོད་ཀྱི་སྤྲུལ་སྐུ་ངོས་འཛིན་ལམ་ལུགས་ལ་ཞིབ་འཇུག་བྱེད་པའི་ལས་གཉེར་བའམ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་གཞོན་པ་དང་། རབ་འབྱམས་པ་ཟླ་བ་ཚེ་རིང་གིས།  བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ངོས་འཛིན་ཁྲོད་དུ་མི་དར་མ་དང་། རྒྱལ་ཕྱིའི་མི་སྤྲུལ་སྐུར་ངོས་འཛིན་བྱེད་པའམ། ཡང་ན་སྐུ་བཞུགས་པའི་དུས་སུ་སྤྲུལ་སྐུར་ངོས་འཛིན་བྱེད་པ་དག་ལ་ལོ་རྒྱུས་སྟེང་གཏན་འབེབས་བྱས་པའི་འགྲོ་ལུགས་དང་། དེའི་ཆོས་ལུགས་ཀྱི་ཆོ་ག་དག་གི་གཞི་འཛིན་ས་མེད། ཅེས་དང་། སྤྲུལ་སྐུ་ངོས་འཛིན་གྱི་ཁྲོད་དུ་རྒྱལ་ཕྱིའི་མི་སྤྲུལ་སྐུར་ངོས་བཟུང་བྱེད་པའི་ཐད་ནས་བཤད་ན།ཉེ་ལམ་རྒྱལ་ཕྱི་སྟེ། དཔེར་ན་རྒྱ་གར་ལྟ་བུར་སྤྲུལ་སྐུའི་ངོ་བོ་དེ་རྒྱལ་ཕྱིའི་མིར་ངོས་བཟུང་བྱེད་ཚུལ་ཡོད་ན་ཡང་། བདག་གི་གོ་ཐོས་སུ། ད་ལྟའི་བར་དུ་བོད་ལྗོངས་དང་། མཚོ་སྔོན། ཀན་སུའུ།   སི་ཁྲོན་སོགས་ས་གནས་སུ་རྒྱལ་ཕྱིའི་མི་སྤྲུལ་སྐུར་ངོས་བཟུང་བྱེད་པའི་གནས་ཚུལ་བྱུང་མྱོང་མེད།   ལོ་རྒྱུས་སྟེང་དུ་བོད་ཁུལ་མི་ཉུང་བ་ཞིག་ཏུ་སྤྲུལ་སྐུ་ངོས་འཛིན་བྱེད་པའམ། ཡང་ན་ནང་སོག་ས་ཁུལ་ལམ་སོག་པོའི་ས་གནས་སུ་སྤྲུལ་སྐུ་བོད་ལྗོངས་ནས་ངོས་འཛིན་བྱེད་པའི་གནས་ཚུལ་མ་གཏོགས། མི་རིགས་གཞན་དག་དང་ས་གནས་གཞན་དག་ནས་ངོས་འཛིན་བྱེད་སྲོལ་མེད། ཅེས་བཤད་པ་རེད།

 

Back

Search site

© 2009 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

Build a commercial website :: Webnode

དཀོན་མཆོག་བོད་རང་བཙན་དྲ་ཚིགས།