སྨོན་ལམ་བོད་ཡིག་3

05/08/2009 00:16

སྨོན་ལམ་བོད་ཡིག་གསུམ་པ་ནང་འཇུག་བྱེད་སྟངས།

དང་པོ་སྨོན་ལམ་དྲ་ཚིགས་ནས་མཉེན་ཆས་དེ་མར་ཕབ་ལེན་བྱེད་རོགས།

 སྨོན་ལམ་དྲྭ་ཚིགས། འདིར་གནོན།

སྨོན་ལམ་དྲྭ་ཚིགས་ཁ་ཕྱེ་ནས་ཕབ་ལེན་སྡེ་ཚན་ནང་གཟིགས། ཕབ་ལེན་སྡེ་ཚན་ནང་མཉེན་ཆས་ཁག་

གསུམ་ཡོད་པ་ལས་དང་པོ་དེ་ཕབ་ལེན་བྱས་དགོས། མཉེན་ཆས་གཉིས་པ་དེ་ Mac SO X ཆེད་དུ་ཡིན།

གསུམ་པ་དེ་སྨོན་ལམ་བོད་ཀྱི་ཐཱུན་མོང་སྐད་གདངས་རེད།

ཕབ་ལེན་བྱེད་དུས་ SAVE ཞེས་པར་གནོན་ནས་ཉར་ཚགས་བྱེད་ན་ལེགས།

ཉར་ཚགས་བྱེད་གནས་དེ་དྲན་པ་མ་བརྗེད་བར་བྱས་དགོས། 

ཕབ་ལེན་ཟིན་དུས།  ཉར་ཚགས་བྱེད་གནས་དེར་གཟིགས་དང་། འོད་སྡེར་འཁོར་ལོ་བཞིན་གསེར་པོ་

ཞིག་ཡོད།  དེར་གཉིན་གནོན་བྱས་ན། གཤམ་འཁོད་ལྟར་ཡིན།

RUN ཞེས་པར་གནོན།

རྟགས་དམར་པོ་དེར་གནོན་རོགས།  སྨོན་ལམ་བོད་ཡིག་གསུམ་པ་ནང་འཇུག་ཡིན།

རྟགས་དམར་པོ་དེར་གནོན་རོགས།  མཛུབ་གནོན་ནང་འཇུག་ཡིན།

བོད་ཕྱི་ནང་གཉིས་སུ་ཁྱབ་ཆེ་བའི་མཛུབ་གནོན་ཁག་བཞི་བཟོས་ཡོད་པས་རང་མོས་ལྟར་འདེམས་ཆོག

གལ་ཏེ་ཁྱེད་མཛུབ་གནོན་ཀྱང་གསར་པ་སྦྱང་དགོས་མཁན་དང་། དབྱིན་ཡིག་མཁྱེན་མཁན་ཞིག་ཡིན་ན། 

སྨོན་ལམ་བོད་ཡིག་དང་པོ། ཡང་ན་TCRC ཞེས་པ་དེ་ཅུང་སྟབས་བདེ་བར་ཡོད།

ད་དུང་སྨོན་ལམ་བོད་ཡིག་གསུམ་པའི་རོགས་རམ་ཡིག་ཆ་དགོས་ན།  འདྲི་རྟགས་འདིར་གནོན་ན། འདིར་

ན་རོགས་རམ་ཡིག་ཆ་ཡོད།

Adobe Reader 8 ཡིན། ཁྱེདཀྱི་གློག་ཀླད་འདི་མེད་ན། ངེས་པར་དུ་ནང་འཇུག་བྱས་དགོས། སྤྲིར་

དྲྭ་ཚིགས་ཀློག་མཁན་ཞིག་ཡིན་ན།  Adobe Reader ཞེས་པ་དང་། Adobe Flash ཞེས་པ་དེ་ཚོ་གློག་

ཀླད་དུ་མེད་པར་ཡིན་ན།  དྲྭ་ཚིགས་དག་གཙང་མ་ཞིག་ཆར་ཁག།

ནང་འཇུག་ཟིན་དུས། གློག་ཀླད་བརྙན་ཡོལ་ཟུར་དུ་གོང་གི་པར་དེ་ཆར་ངེས། བོད་ཡིག་འབྲི་དུས། སྨོམ་ལམ་

ཞེས་པར་བཞག་དགོས།  དབྱིན་ཡིག   ཡང་ན་སྐད་ཡིག་གཞན་སྤྱོད་དུས་English ཞེས་པ་ཡར་བཞག་དགོས།

སྟབས་བདེ་ངང་།  མཛུབ་གནོན་བརྗེ་བ་ཡིན་ན།  Ctrl དང་ Shift ཞེས་པ་གཉིས་དུས་གཅིག་ལ་གནོན་

ན་མཛུབ་གནོན་བརྗེ་པོ་རྒྱག་འགྲོ་ངེས་ཡིན།

འདི་ཙམ་མ་གཏོགས་ངས་འགྲེལ་བཤད་རྒྱག་ཤེས་ཀྱི་མི་འདུག  ཉམས་མྱོང་ཞན་ཞིང་སྐྱེས་སྦྱངས་ཀྱི་ཤེས་

ཚད་དམའ་བས་གཟུར་ཐབས་བྲལ་བའི་སྐྱོན་ཆ་གང་ཡོད་གཟུར་གནས་མཁས་པའི་ཚོགས་ལ་བཅོས་མིན་

གྱི་མཐོལ་འཆག་ཞུ་རྒྱུ་བཅས།                        དཀོན་མཆོག་ནས་༢༠༠༩། ༨། ཚེས་༥ ཉིན་ལ།།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།