སྨན་བཅོས།

2009-10-11 20:38

བོད་པའི་སྨན་པ་ཚོས་ཨ་རིའི་གཞས་པ་ཞིག་ལ་སྨན་བཅོས།

ཨ་དམ་ཡའ་ཁྱི་(Adam Yauch)ཟེར་བའི་ཨ་རིའི་དེང་གཞས་རུ་ཁག་ཞིག་གི་གཞས་པ་ཞིག་ཁོང་ཉིད་སྐྲན་ནད་

ཀྱི་ཉེན་ཁ་ལས་ཐར་རྗེས་རྒྱ་གར་བྱང་ཕྱོགས་དྷ་རམ་ས་ལ་ནས་ཕྱིར་འབྱོར་ཡོད་འདུག

             

འདི་ལོའི་སྤྱི་ཟླ་བདུན་པའི་ནང་ཁོང་ལ་འཆི་སྐྱོན་གྱི་ཉེན་ཁ་ཡོད་པའི་འབུར་རྡོག་ཞིག་སྟེ། ཁ་ཆུ་མཛར་པའི་རྩ་རྡོག་

སྐྲན་ནད་ཅིག་ཕོག་པའི་རྐྱེན་གྱིས་དྷ་རམ་ས་ལ་བོད་པའི་སྨན་པ་བརྟེན་པར་ཕྱིན་ཡོད་ཅིང༌། དྷ་རམ་ས་ལའི་བོད་པའི་

སྨན་པ་ཚོས་ཁོང་ལ་སྨན་ག་རེ་ཟ་དགོས་མིན་གྱི་སྨན་ཡིག་དང་དེ་བཞིན་ཁ་ལག་ག་རེ་ཟ་དགོས་མི་བསླབ་བྱ་སོགས་

གནང་ཡོད་འདུག །  རྗེས་སུ་ཁོང་གིས་གློག་འཕྲིན་(e-mail)ནང༌། ད་ལྟ་ཁོང་རང་བདེ་ཐང་དང༌། སེམས་ནང་རེ་

བ་ཆེན་པོ་ཡོད་པའི་ཚོར་སྣང་ཞིག་ཡོད་ཚུལ་བཀོད་ཡོད་འདུག

ལོ་ན་༤༥སླེབས་པའི་ཡའ་ཁྱི་ཁོང་ཉིད་དྷ་རམ་ས་ལར་སྡོད་བཞིན་པའི་སྐབས་སུ་༧གོང་ས་མཆོག་གི་གསུང་ཆོས་ཉིན་

གསུམ་རིང་ཞུ་རྒྱུའི་གོ་སྐབས་རག་ཡོད་འདུག་པས་མ་ཚད།  བཙུན་དགོན་འཇམ་དབྱངས་ཆོས་གླིང་དུ་ལྟ་སྐོར་ཡང་

བསྐྱོད་ཡོད་འདུག ཁོང་ནི་བཙུན་དགོན་འཇམ་དབྱངས་ཆོས་གླིང་གི་སྦྱིན་བདག་ཞིག་ཡིན་ཞིང༌། ཁོང་གིས་བཙུན་

མ་ཚོས་ངའི་ཆེད་དུ་སྨོན་ལམ་བྱེད་ཀྱི་ཡོད་པ་རེད།

བཙུན་མ་ཞིག་གི་ང་ལ་ང་ཚོས་སྨོན་ལམ་བྱེད་ཀྱི་ཡོད་པས་ཁྱེད་རང་དྲག་སྐྱེས་སུ་ཡོང་གི་རེད་ཅེས་གསུངས་བྱུང་བས་

ང་རང་ཧ་ཅང་དགའ་པོ་བྱུང༌།  དེ་སྔོན་ངས་ཐེངས་དང་པོ་ཁོང་ཚོར་ཐུག་དུས། །ངའིབསམ་པར་དེ་དུས་བཙུན་མ་༡༣

ལས་མི་འདུག་བསམས་བྱུང༌། ཁོང་ཚོ་རྩྭ་ཁང་ལྟ་བུ་ཞིག་ནང་བསྡད་འདུག་པ་དང༌། དེ་རྗེས་ཁོང་ཚོས་ཞབས་འདེབས་

སོགས་ལ་བརྟེན་ནས་ས་ཆ་ཉོས་པ་དང༌། སྡོད་ཁང་དང༌། འཛིན་ཁང༌། ཚོགས་ཁང༌། དེ་བཞིན་མཆོད་རྟེན་བཅས་རིམ་

བཞིན་བཞེངས་གནང་མཛད་ཡོད་པ་རེད་ཅེས་འགྲེལ་བརྗོད་བྱས་ཡོད་འདུག

སྤྱི་ལོ་༡༩༩༠ལོ་ནས་བཟུང་ཡའ་ཁྱི་དང་གཞན་རོལ་དབྱངས་པ་ཁག་ཅིག་བོད་རང་བཙན་ལས་འགུལ་པའི་གྲས་སུ་

འཛུལ་ཞུགས་བྱས་ཡོད་པ་དང༌། ཁོང་གིས་མི་ལ་རིས་པའི་ཐེབ་རྩར་མཉམ་འབྲེལ་དང༌། སྤྱི་ལོ་༡༩༩༦ལོར་ཨ་རིའི་ས་

གནས་སྐད་གྲགས་ཅན་སིན་ཧྤ་རན་སི་ཀོ་ཞེས་པའི་ནང་ཐེངས་དང་པོའི་བོད་རང་བཙན་གྱི་རོལ་དབྱངས་འདུ་

འཛོམས་ཆེད་རོགས་དངུལ་གཏོང་གནང་ཡང་མཛད་ཡོད་འདུག

Back

Search site

© 2009 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

Make a free website :: Webnode

དཀོན་མཆོག་བོད་རང་བཙན་དྲ་ཚིགས།