སྤྱི་མཐུན་མིན་པའི་

2009-10-08 19:32

སྤྱི་མཐུན་མིན་པའི་རྒྱལ་ཁབ།

བོད་ཀྱི་དུས་བབ།
ང་ཚོའི་ངོས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དེ་སྤྱི་དང་མཐུན་པའི་རྒྱལ་ཁབ་ཅིག་རྩ་བ་ནས་མིན་པར། དེ་ནི་དམར་ཤོག་རིང་ལུགས་པའི་ཇག་པའི་ཇག་ཚང་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་ཟེར།
      


ཕྱི་ཚེས་ ༧ ཉིན་གྱི་ཕྱི་དྲོ་བལ་ཡུལ་བྱ་རུང་མཆོད་རྟེན་སྐོར་ལམ་དུ་བལ་ཡུལ་གནས་སྡོད་བཙན་བྱོལ་བོད་མི་ཚོས་དང་

བླངས་སྒོས་རྒྱ་ནག་དམར་ཤོག་ཚོགས་པས་རྒྱ་ནག་སྐམ་ས་ཆེན་པོའི་མི་དམངས་ལ་དབང་བསྒྱུར་བྱས་ཏེ་མི་ལོ་༦༠

དང། བོད་མི་རིགས་ལ་བཙན་འཛུལ་བྱས་ཏེ་མི་ལོ་ ༥༠ འཁོར་བའི་དུས་སྐབས་དེ་དང་སྟབས་བསྟུན་ཏེ།བལ་ཡུལ་

གནས་སྡོད་བོད་མི་ཚོས་དང་བླངས་སྒོས་ཕྱི་ཚེས་ ༡ ཉིན་བལ་ཡུལ་རྒྱ་ནག་གཞུང་ཚབ་འགྲམ་ངོ་རྒོལ་སྐད་འབོད་

བྱས་ཡོད་པ་དང་ མདང་དགོང་བོད་མི་ ༡༠༠ ལྷག་འདུ་འཛོམས་བྱས་ཏེ་མར་མེ་ཁྲོམ་སྐོར་ཞིག་ཀྱང་དབུ་འཛུགས་

གནང་སོང། འདི་གའི་གསར་འགོད་པས་ཐེངས་འདིའི་ལས་འགུལ་གྱི་སྣེ་འཁྲིད་གནང་མཁན་ངག་དབང་ལགས་

སུ་མར་མེ་ཁྲོམ་སྐོར་ལས་འགུལ་སྤེལ་མཁན་གྱིས་ཚོགས་པ་གང་ཡིན་པ་དང་། ལས་འགུལ་འདིའི་དམིགས་ཡུལ་ཐད་

བཀའ་འདྲི་ཞུས་པར། ཁོང་གིས། ཕྱི་ཚེས་༡ ཉིན་ང་ཚོ་བལ་ཡུལ་བོད་མི་ཚོས་རྒྱ་ནག་གཞུང་ཚབ་འགྲམ་དུ་ངོ་རྒོལ་

སྐད་འབོད་བྱས་པ་རེད། ཐེངས་འདིའི་ང་ཚོའི་ལས་འགུལ་གྱི་དམིགས་ཡུལ་གཙོ་བོ།    རྒྱ་གཞུང་གིས་ཀྲུང་ཧྭ་མི་

དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ཏེ་ལོ་ ༦༠ འཁོར་བ་དང་། བོད་ལ་ཞི་བའི་བཅིངས་གྲོལ་བཏང་སྟེ་མི་ལོ་ ༥༠ འཁོར་ཡོད་པའི་ཧམ་པའི་སྐད་ཆ་བཤད་བསྡད་ཡོད་སྟབས། ང་ཚོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དེ་སྤྱི་དང་

མཐུན་པའི་རྒྱལ་ཁབ་ཞིག་རྩ་བ་ནས་མིན་པར། དེ་ནི་དམར་ཤོག་རིང་ལུགས་པའི་ཇག་པའི་ཇག་ཚང་ཞིག་ཏུ་ངོས་

འཛིན་བྱེད་ཀྱིན་ཡོད། ང་ཚོས་འདིི་ལྟར་ངོ་རྒོལ་བྱ་དགོས་པ་དེ་ང་ཚོའི་ལས་འགན་རེད། ཁོང་ཚོ་སྤྱི་མཐུན་མེད་པའི་

རྒྱུ་མཚན་གང་རེད་ཅེ་ན། ཁོང་ཚོས་རྒྱ་ནག་ནང་ཁུལ་དང་ཞིན་ཅང་ལ་དྲག་རྡུང་གི་ལས་འགུལ་སྤེལ་ཡོད་པ་དང་།

ལྷག་པར་བོད་མི་ས་ཡ་ ༡ ལྷག་དམར་གསོད་བྱས་ཡོད་པ་མ་ཟད། དུས་ད་ལྟའང་དམར་གསོད་བྱས་དང་བྱེད་བཞིན་

ཡོད་པ་རེད། གལ་སྲིད་སྤྱི་མཐུན་གྱི་རྒྱལ་ཁབ་ཅིག་ཡིན་ན་བོད་མིའི་དབུ་འཁྲིད་༧གོང་ས་མཆོག་གཙོས་པའི་བོད་མི་

མང་པོ་བཙན་བྱོལ་ཏུ་འབྱོར་དགོས་དོན་མེད་ལ། པཎ་ཆེན་ཆུང་སྲིད་གཙོས་པའི་ཆབ་སྲིད་བཙོན་པ་དེ་དག་བཙོན་

དུ་ཚུད་དགོས་དོན་དེ་བས་ཀྱང་ཡོད་པ་མ་རེད། དེ་བས་ང་ཚོ་བལ་ཡུལ་བོད་མི་ཚོའི་ངོས་ནས་ཐེངས་འདི་ཁོ་ནར་མ་

ཡིན་པར་བོད་མིའི་རྩ་དོན་ཆེད་དཀའ་སྡུག་མྱངས་ཀྱང་མུ་མཐུད་ལས་འགུལ་སྤེལ་རྒྱུ་ཡིན་ལ། ལས་འགུལ་སྤེལ་དགོས་

པ་དེ་ང་ཚོའི་ལས་འགན་ཆགས་ཡོད་པ་རེད། དེ་བཞིན་ས་གནས་གང་དུ་བོད་མི་ཅི་ཡོད་ཚང་མས་རང་ཉིད་བོད་པ་

ཞིག་ཡིན་པ་ཚང་མས་རང་ཉིད་ལ་མཛུབ་མོ་བཙུགས་ཏེ་རང་ཉིད་ལ་འགན་ཡོད་པའི་ཐོག་ནས་རྩ་དོན་ལ་ཕན་པའི་

ལས་འགུལ་སྤེལ་རྒྱུ་གལ་ཆེན་པོ་རེད།  ཅེས་བརྗོད་བྱུང།

འདས་པའི་མི་ལོ་དུ་མའི་ཡར་སྔོན་ནས་བཟུང་བལ་ཡུལ་ནང་གནས་སྟངས་ཛ་དྲག་ཏུ་ཕྱིན་ཡོད་ཀྱང་།    བལ་ཡུལ་

གནས་སྡོད་བཙན་བྱོལ་བོད་མི་ཚོས་རང་ཉིད་ལ་མནར་གཅོད་དང་འཛིན་བཟུང་བཙོན་འཇུག་བྱེད་མིིན་ལ་མ་ལྟོས་

པར་བོད་མི་རིགས་ཀྱི་རྩ་དོན་ཆེད་ལས་འགུལ་སྤེལ་དང་སྤེལ་མུས་སུ་ཡོད་འདུག་ལ། དེ་ཡང་ཚོགས་པ་འདྲ་མིན་དང་

གཞུང་སོགས་ཀྱི་རྒྱབ་སྐྱོར་གང་ཡང་མེད་པའི་ཐོག་བོད་མི་ཚོས་དང་བླངས་ཀྱི་ཐོག་ནས་སྤེལ་གྱིན་ཡོད་འདུག

Back

Search site

© 2009 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

How to build a free website :: Webnode

དཀོན་མཆོག་བོད་རང་བཙན་དྲ་ཚིགས།