སྐྱོན་བརྗོད།

2009-10-23 18:33

བོད་མི་སྲོག་ཐོག་བཏང་བར་སྐྱོན་བརྗོད།

༢༠༠༨ ལོར་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་བྱེད་མཁན་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་གཞུང་གིས་སྟག་རྩེ་ནས་ཡིན་པ་

ལོ་ཡག་དང། ལྷ་ས་ཀླུ་སྦུག་ནས་ཡིན་པ་བློ་བཟང་རྒྱལ་མཚན།  སྙེ་མོ་ནས་ཡིན་པ་སྤེན་སྐྱིད།    མིང་མི་ཤེས་པ་གཅིག་

བཅས་མི་བཞི་ཟླ་འདིའི་ཚེས་༢༠ ཉིན་རྒྱ་གཞུང་གིས་མི་བསད་པའི་ཉེས་མིང་འོག་སྲོག་ཐོག་ཏུ་བཏང་ཡོད་པ་རེད།

ཟླ་འདིའི་ཚེས་༢༣ གྱི་དགོང་དྲོ་རྡ་ས་ཁུལ་དུ་ཡོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བོད་ཀྱི་གཞོན་ནུ་ལྷན་

ཚོགས་དང། བོད་ཀྱི་བུད་མེད་ཚོགས་པ། དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རང་དབང་སློབ་ཕྲུག་ཚོགས་པ།

བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག་རྒྱ་གཞུང་གི་བྱེད་བབ་ལ་མི་འདོད་པའི་རྣམ་འགྱུར་མཚོན་

ཆེད། མིང་མང་གིས་དྷ་ས་མེག་གྷན་ཁྲོམ་གཞུང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་བར་དུ་མར་མེའི་ཁྲོམ་སྐོར་

ཞིག་བྱས་ཡོད་པ་རེད།


སྐབས་དེར། དེར་དགུ་བཅུ་གསུམ་གྱི་ཚོགས་གཙོས་ངག་དབང་འོད་འབར་ལགས་ཀྱིས་གསུང་དོན། ག་དུས་ཡིན་ཡང་

རྒྱ་ནག་གཞུང་གིས་བོད་པའི་ཐོག་ཏུ་མ་ཉེས་ཁ་གཡོགས་ཀྱིས་ཐག་གཅོད་བྱས་པ་ཞིག་མ་གཏོགས། དངོས་གནས་དྲང་

གནས་བོད་པས་དྲག་པོའི་ལམ་ལ་ཕྱིན་ནས་རྒྱ་ནག་གཞུང་གི་ཁྲིམས་དང་འགལ་བའི་ལས་ཀ་རྩ་བ་ནས་བྱས་ཡོད་མ་

རེད། ང་ཚོས་འཐབ་རྩོད་བྱས་པ་དེ་དག་འཚེ་མེད་ཞི་བ་ཁོ་ནའི་ཐོག་ནས་འཐབ་རྩོད་བྱས་ཡོད་རེད་ལ།   དེ་ཡང་རྒྱ་

ནག་གཞུང་གི་རྩ་ཁྲིམས་ནང་ལ་འདུ་འཛོམས་བྱེད་ཆོག་གི་ཡོད། ཁྲོམ་སྐོར་བྱེད་ཆོག་གི་ཡོད། ཚོགས་པ་འཛུགས་ཆོག་

གི་ཡོད་ཅེས་གསལ་པོ་བྲིས་ཡོད་རེད། ང་ཚོས་དེ་གཞིར་བཞག་གིས་བྱས་ཡོད་རེད།   ལག་པར་མེ་མདའ་ཁྱེར་ཡོད་མ་

རེད།   ཡིན་ན་ཡང་རྒྱ་གཞུང་གིས་དེང་རབས་མཚོན་ཆ་བེད་སྤྱོད་བཏང་ནས་དྲག་གནོན་བྱེད་ཀྱི་ཡོད་པ་རེད་ཅེས་

གསུངས་ཡོད་པ་རེད།


དབུས་བོད་ཀྱི་གཞོན་ལྷན་གྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས་གསུང་དོན།     ཤ་ཁྲག་གཅིག་པའི་བོད་

རིགས་སྤུན་ཟླ་རྣམས་ཀྱིས་སོ་སོའི་རྒྱལ་ཁབ་དང་མི་རིགས།   བོད་རང་བཙན་གྱི་ཆེད་དུ་སྐུ་སྲོག་བློས་བཏང་བ་རེད།

བོད་ནང་དུ་སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ། ཁྲག་ཐིགས་པ་གཅིག་ས་ལ་ཟགས་པ་ཡིན་ཡང། བཙན་བྱོལ་

ལ་ཡོད་པའི་བོད་རིགས་ཚོ་ལ་ན་ཚ་གཏོང་དགོས་ཀྱི་ཡོད་པ་རེད། བོད་ནང་དུ་བོད་མི་ཚོས་ད་ལྟ་བར་དུ་བློས་གཏོང་

བྱེད་པའི་སྐབས་ལ་རེ་བ་བཅོལ་ས་དེ་བཙན་བྱོལ་ལ་ཡོད་པ་ཚོ་ཆགས་ཀྱི་ཡོད་རེད།

བོད་མི་ཞིག་ཡིན་པའི་ཆ་ནས་འགན་དེ་མ་བརྗེད་པའི་ཐོག་ནས་ལས་འགུལ་སྤེལ་དགོས་ཀྱི་རེད། སྤེལ་བ་ཙམ་དུ་མ་

ཟད་མཉམ་ཞུགས་བྱེད་རྒྱུ་གལ་ཆེན་པོ་རེད། རྒྱ་གཞུང་གིས་ད་ལྟ་བར་དུ་བོད་རིགས་སྤུན་ཟླ་རྣམས་ལ་ཁྲིམས་འགལ་

གྱི་ཐག་གཅོད་བྱས་པ་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་ཡིན་ཞེས་གསུངས་སོང།  རྒྱ་གཞུང་གིས་བོད་མི་གསུམ་ལ་

ལོ་སྔོན་མའི་ཞི་རྒོལ་སྐབས་སུ། ཚོང་ཁང་མེར་བསྲེགས་བཏང་ནས་མི་དྲུག་བསད་པའི་ནག་ཉེས་བཀལ་ཡོད་འདུག་

པ་དང། གོང་དུ་མིང་མི་ཤེས་པའི་མི་དེ་ལ་ནག་ཉེས་གང་ཞིག་བཀལ་ཡོད་མེད་དང། བོད་ཀྱི་ས་ཆ་གང་ཞིག་ནས་

ཡིན་མིན་ད་ལྟའི་ཆར་གསལ་པོ་བྱུང་མེད་པ་རེད་ལ། དེའི་ནང་ནས་མི་གཉིས་ཀྱི་ཕུང་པོ་ནང་མིར་རྩིས་སྤྲོད་བྱས་

ཡོད་པ་དང། གཞན་གཉིས་ཀྱི་ཕུང་པོ་ག་རེ་བྱས་ཡོད་མེད་ཀྱང་གསལ་པོ་ཤེས་རྟོགས་མེད་པ་རེད།།

Back

Search site

© 2009 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

Create a free website :: Webnode

དཀོན་མཆོག་བོད་རང་བཙན་དྲ་ཚིགས།