སྐྱབས་བཅོལ་བའི་དཀའ་ངལ

07/12/2009 13:07

                  སྐྱབས་བཅོལ་བའི་དཀའ་ངལ།


ད་ལྟའི་ཆར་བོད་གངས་རིའི་ལྗོངས་སུ་རྒྱ་དམར་གྱིས་བཙན་གནོན་བརྒྱུད་བོད་མི་རྣམས་ལ་རང་ལུས་རང་

དབང་མེད་པའི་དཀའ་ངལ་གྱི་གནས་སུ་སླེབས་ཡོད་པ་དང༌། རྒྱ་གར་དང་བལ་ཡུལ། ནུབ་ཕྱོགས་ཀྱི་ཡུལ་གྲུ་

ཁག་བཅས་སུ་བོད་རིགས་གང་མང་ཞིག་སྐྱབས་བཅོལ་དུ་ཡོང་མཁན་ཉིན་རེ་ནས་ཉིན་རེ་བཞིན་མང་དུ་འགྲོ་

བཞིན་ཡོད་ལ། གང་མང་ཞིག་གིས་ཐབས་ལམ་དྲང་རྫུན་གང་མང་བརྒྱུད་ནས་འགྲོ་ཐབས་བྱེད་བཞིན་ཡོད་པ་

རེད།      སྐྱབས་བཅོལ་བའི་མིང་བྱང་མི་སྙན་པ་དེའི་འོག་ནས་མི་རིགས་གཞན་གྱིས་མཐོང་ཆུང་དང་དམའ་

འབེབས་གང་མང་མྱོང་དགོས་པ་དང༌། སྐབས་རེ་བཙན་བྱོལ་བོད་གཞུང་གི་གནད་ཡོད་མི་སྣ་རེ་ཟུང་གིས་ཀྱང་

དེ་དག་ལ་ཕྱི་རྒྱལ་དུ་སླེབས་ཟིན་པའི་རྗེས་སུ་ཡིག་ཆ་སོགས་ཀྱིས་དཀའ་ངལ་འཕྲད་པའི་སྐབས། མཐུན་འགྱུར་

གནང་རྒྱུའི་ཚབ་ཏུ་ཁྲིམས་འགལ་བྱེད་མཁན་ཡིན་པ་དང༌། སྒོར་འབུམ་མང་པོ་ཡོད་མཁན་དེ་འདྲ་ཡོད་ན་ཕྱི་

ྒྱལ་དུ་འགྲོ་དགོས་དོན་མེད་པར་རྒྱ་གར་དུ་བསྡད་ནས་འཚོ་བ་སྐྱིད་པོ་སྐྱེལ་ཐུབ་པས།  བྱེད་སྟངས་དེ་དག་

མ་རབས་དང་ཐ་ཤལ་ཡིན་ཚུལ་གསུང་བཞིན་ཡོད་པ་རེད།     དོན་དངོས་ཐོག་ད་ལྟའི་ཆར་རྒྱ་གར་དུ་འཚོ་

ཐབས་ཀྱི་ཐོག་ནས་ཁུངས་འཁྱོལ་དཀའ་བ་དང༌། ཕྱི་ལོགས་སུ་འགྲོ་ཆེད་སྤྲད་པའི་དངུལ་དེ་དག་མི་གཞན་གྱི་

ལག་ནས་སྐྱེད་ཁ་ཆེན་པོ་སྤྲད་ནས་གཡར་བ་འབའ་ཞིག་ལས། རང་ངོས་ནས་གཏོང་ཐུབ་མཁན་ཕལ་ཆེར་དཀོན་

པའི་ཚོད་དུ་གྱུར་ཡོད།


རྒྱ་གར་དུ་བསྡད་ན་སྒོར་མོ་དེ་འདྲ་མང་པོ་གཡར་མཁན་ཡང་རྙེད་དཀའ་ཞིང༌།  དེ་མཚུངས་བཞིན་སྐྱེད་ཁ་

ཆེནཔོ་དེ་འདྲ་སྤྲད་ནས་གཡར་མཁན་རག་པའི་དབང་དུ་བཏང་ཡང་རྒྱ་གར་དུ་དེ་ལ་ཁེ་བཟང་མང་པོ་རག་

ྒྱུའི་ཐབས་ཤེས་ནི་ཉིན་མོའི་སྐར་མ་བཞིན་ཧ་ཅང་དཀོན་པོར་གྱུར་ཡོད། དེ་ལས་དངུལ་གཡར་ཐུབ་ན་ནུབ་

ཕྱོགས་ཀྱི་ཡུལ་གྲུ་གང་ཞིག་ཏུ་སྐྱབས་བཅོལ་དུ་སླེབས་ཐུབ་པའི་ཐབས་ཤེས་བྱེད་པ་དེ་ལ་ཐབས་ཤེས་མེད་

པའི་ཐབས་ཤེས་ལྟ་བུ་ལས།   སྐྱིད་དྲགས་པའི་གནས་སྟངས་ཤིག་གི་འོག་ནས་ཡོང་བ་ཞིག་གཏན་ནས་མིན།

ནུབ་ཕྱོགས་ཀྱི་ཡུལ་གྲུ་ཞིག་ཏུ་སླེབས་ནས་ཡིག་ཆའི་དཀའ་ངལ་མང་པོ་འཕྲད་པའི་སྐབས། དེའི་ཐོག་ལ་བཙན་

བྱོལ་བོད་གཞུང་གི་ངོས་ནས་རོགས་རམ་དང་མཐུན་འགྱུར་གནང་དགོས་པ་མང་པོ་ཡོད་ཀྱང༌། བོད་གཞུང་

གིས་ད་ལྟའི་ཆར་ཁ་རྡུང་དང་བཅས་དེ་ལྟར་གནང་མི་ཐུབ་པའི་རྒྱུ་མཚན་མང་པོ་བགྲང་གི་ཡོད།

 

ཕྱོགས་གཅིག་ནས་བཙན་བྱོལ་བོད་གཞུང་ལ་བཙན་བྱོལ་བོད་མི་སྤྱི་དང་བྱེ་བྲག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བཞུགས་

པའི་བོད་མི་སྐྱབས་བཅོལ་བ་དང་བླངས་དཔྱ་ཁྲལ་འབུལ་མཁན་གང་མང་དགོས་ཀྱང༌། དཀའ་ངལ་འཕྲད་པའི་

སྐབས་གནང་འོས་པ་དང་གནང་ཐུབ་པའི་རོགས་རམ་དང་མཐུན་འགྱུར་མ་གནང་བས། རྗེས་སུ་དང་བླངས་དཔྱ་

ཁྲལ་འབུལ་མཁན་དཀོན་པོ་ཆགས་པའི་རྒྱུ་མཚན་གཅིག་འདི་རང་ལ་ཐུག་འདུག    ད་དུང་བོད་མི་ཡིན་ངེས་པ་

ཞིག་ལ་བཙན་བྱོལ་བོད་གཞུང་གི་མཐུན་འགྱུར་རོགས་རམ་གནང་ཐུབ་པ་དེ་དག་ངེས་པར་དུ་གནང་དགོས་པ་

གལ་ཆེན་པོ་གྱུར་ཡོད་པ་མ་ཟད། བོད་ནས་གསར་དུ་འབྱོར་བ་མང་པོ་ཞིག་ལ་རྒྱ་གར་དུ་སྐྱབས་བཅོལ་གྱི་ཐོབ་

ཐང་དང་གནས་སྡོད་ཆོག་པའི་ལག་ཁྱེར་རག་རྒྱུ་བཅས་ལ་དཀའ་ངལ་ཧ་ཅང་མང་པོ་འཕྲད་བཞིན་ཡོད་པས། རང་

ངོས་ནས་ཐབས་ཤེས་གང་རུང་བརྒྱུད་ནས་ཕྱི་ལོག་ཏུ་སོང་ཡང༌། རྗེས་སུ་ཡིག་ཆ་རག་ཐབས་སུ་བོད་གཞུང་གིས་

མཐུན་འགྱུར་གནང་མི་འོས་པ་གང་ཡང་མེད་སྙམ།།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།