སྐུ་ཚབ་ཚོགས་འདུ།
སྐུ་ཚབ་དོན་གཅོད་རྣམས་ཀྱི་ལོ་འཁོར་གྱི་ཚོགས་འདུ།
བོད་གཞུང་དྲ་གནས་ནས་སྤེལ་གསལ། བཙན་བྱོལ་བོད་གཞུང་གི་ཕྱི་རྒྱལ་སྐུ་ཚབ་དོན་གཅོད་རྣམས་ནས་ཕྱི་ལོ་༢༠༠༩
ཟླ་༡༠ ཚེས་༡༥ ནས་༡༦ བར་ཉིན་གྲངས་གཉིས་རིང་ཚོགས་འདུ་འཚོགས་ཡོད་པ་རེད།

དེང་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་༩ པའི་ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་བཀའ་བློན་ཁྲི་
པ་ཟམ་གདོང་རིན་པོ་ཆེ་མཆོག་དང་ཕྱི་དྲིལ་བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་མཆོག་རྣམ་པ་གཉིས་དབུ་
བཞུགས་ཐོག་ཕྱི་དྲིལ་དྲུང་ཆེ་རྣམ་གཉིས་དང་འབྲེལ་ཡོད་ལས་བྱེད། དེ་བཞིན་སྐུ་ཚབ་དོན་གཅོད་སོགས་ཚང་མ་ལྷན་
འཛོམས་ཀྱིས་ཐོག་མར་བཀྲ་ཤིས་ཀྱི་རྟེན་འབྲེལ་མཚོན་སླད་ཞལ་འདོན་དབུ་འཛུགས་གནང་རྗེས་ཕྱི་དྲིལ་བཀའ་བློན་
མཆོག་གིས་ཚོགས་བཅར་རྣམས་ལ་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་པ་དང་ཆབས་ཅིག་ཚོགས་འདུའི་དགོས་
དམིགས་སོགས་ངོ་སྤྲོད་གནང༌། དེ་ནས་བཀའ་ཁྲི་མཆོག་གིས་ཚོགས་འདུ་ཚོགས་དགོས་པའི་རྒྱུ་མཚན་སྐོར་ལ་གསུང་
བཤད་གྲུབ་མཚམས་ཚོགས་འདུ་དབུ་འཛུགས་ཞུ་ཡོད་པ་རེད། ད་རེས་ཀྱི་ཚོགས་འདུར་བོད་རྒྱ་ཞི་མོལ་སྐོར་ཡར་རྒྱས་
གང་འདྲ་བྱས་ནས་གཏོང་སྐོར་དང༌། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་སོགས་བརྗོད་གཞི་སྣ་ཚོགས་ཐོག་ལ་འཚོགས་
ཡོད་པ་རེད།།
———
Back

