རྩོམ་རིག་དུས་དེབ
མི་རིགས་རྩོམ་རིག་དུས་དེབ།
བོད་ཀྱི་དུས་བབ།
རྒྱ་གཞུང་གིས། བོད་དང་ཡུ་གུར་གཙོས་པའི་གྲངས་ཉུང་མི་རིགས་ལ་དམིགས་པའི་དུས་དེབ་གསར་བ་ཞིག་དཔར་
སྐྲུན་བྱས་ཡོད་འདུག
ཕྱི་ཚེས་ ༢༡ ཉིན་གསར་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གཞུང་གིས་ཉེ་བའི་དུས་ནས་བཟུང་བོད་དང་ཞིན་
ཅང་ཡུ་གུར་མི་རིགས་ལ་དམ་དྲག་དང་འཛིན་བཟུང་བཙོན་འཇུག སྡུག་སྦྱོང་མནར་གཅོད་ཚད་ལས་བརྒལ་བ་
བཏང་བ་དང་། སྔར་མེད་ཀྱི་སྲིད་བྱུས་གསར་བ་གང་མང་ལག་བསྟར་བྱེད་ཀྱིན་ཡོད་ནའང་། ཟླ་འདིའི་ཚེས་ ༢༠ ཉིན་ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱིས་བོད་དང་ཞིན་ཅང་ཡུ་གུར་མི་རིགས་ལ་དམིགས་པའི་ 《མི་རིགས་
རྩོམ་རིག》 ཅེས་པའི་དུས་དེབ་ཅིག་གསར་དུ་དཔར་སྐྲུན་འགྲེམས་སྤེལ་བྱས་འདུག་ལ། དེའི་ནང་རྒྱ་ཡིག་གཙོས་པའི་བོད་དང་ཡུ་གུར་མི་རིགས་བཅས་
གྲངས་ཉུང་མི་རིགས་ཁག་གི་སྐད་ཡིག་དུས་མཚུངས་འདོན་སྤེལ་བྱེད་ཆོག་པའི་སྔར་མེད་ཀྱི་འགྱུར་ལྡོག་གསར་པ་
ཞིག་བྱུང་ཡོད་ཚུལ་མཚོན་ཐབས་བྱས་ཡོད་འདུག
དེ་བཞིན། དེབ་འདིའི་སྟེང་ཀྲུང་གོའི་གནད་ཡོད་མི་སྣ་དང་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་མང་པོས་ཤིས་
ཚིག་ཕུལ་ཡོད་འདུག་ལ། ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་ལི་པིན་གྱིས། 《མི་རིགས་རྩོམ་
རིག》 ཅེས་པའི་དུས་དེབ་འདི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གི་པར་ངོས་ཡོད་པའི་དུས་དེབ་ཞིག་དང་།
འདི་གསར་འདོན་བྱེད་པ་ལ་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན་ཚུལ་བརྗོད་ཡོད་པ་མ་ཟད། ཀྲུང་གོའི་
མི་རིགས་གྲངས་ཉུང་གི་རྩོམ་རིག་ལོ་རྒྱུས་སྟེང་དུ་འགོད་འོས་པའི་དོན་ཆེན་ཞིག་ཡིན་ཚུལ་བརྗོད་ཡོད་འདུག་
ལ། ཡང་། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཧྲུའུ་ཅི་ཧོའོ་ཅན་མིན་གྱིས། 《མི་རིགས་རྩོམ་རིག》 དུས་
དེབ་ གསར་སྐྲུན་བྱས་པ་དེས་མི་རིགས་སོ་སོའི་འབྲེལ་འདྲིས་ཇེ་ལེགས་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན།
རྒྱལ་ཁབ་གཅིག་གྱུར་ལ་སྲུང་སྐྱོབ། སྤྱི་ཚོགས་འཆམ་མཐུན་ལ་སྐུལ་འདེད་གཏོང་བ་བཅས་ལ་ནུས་པ་བསམ་
གྱིས་མི་ཁྱབ་པ་ཞིག་འཐོན་རྒྱུ་ཡིན་ཚུལ་བརྗོད་ཡོད་པ་དང་། དེ་བཞིན། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་
ཀྲུའུ་ཞི་གཞོན་པ་ལི་པིན་གྱིས་ཤིས་ཚིག་ནང་། ཡུ་གུར་མི་རིགས་ཀྱི་ན་གཞོན་རྩོམ་པ་པོ་ཨའེ་ཙི་ཐི་ལི་ཨའི་ཧའེ་
ཐི་ཡིས། མི་རིགས་གྲངས་ཉུང་གི་རང་སྐད་རྩོམ་རིག་ལ་གཞི་ནས་རང་ཉིད་ཀྱི་རྒྱལ་ཁབ་རིམ་པའི་དུས་དེབ་ཅིག་
ཡོད་པ་དང་། འདིས་ང་ཚོར་གསར་རྩོམ་ཆུ་ཚད་མཐོར་འདེགས་གཏོང་བར་རོགས་སྐྱོར་ཆེན་པོ་བྱེད་ཐུབ་པ་མ་
ཟད། མཐའ་མཚམས་ས་ཁུལ་གྱི་རང་སྐད་ཀློག་པ་པོ་རྣམས་ལའང་དགོས་མཁོ་ཆེ་ཚུལ་སོགས་བརྗོད་ཡོད་པ་རེད།
དོན་དངོས་ཐོག་རྒྱ་གཞུང་གིས། བོད་པ་དང་ཞིན་ཅང་གི་ཡུ་གུར་མི་རིགས་གཉིས་ཐབས་བརྒྱ་ཇུས་སྟོང་གིས་རྩ་
མེད་གཏོང་ཐབས་བྱེད་ཀྱིན་ཡོད་ནའང་། རྒྱལ་སྤྱིའི་སྤྱི་ཚོགས་དང་འཛམ་གླིང་མི་དམངས་ལ་རྒྱ་ནག་ནང་མི་
རིགས་འཆམ་མཐུན་ཡོད་ཚུལ་དང་མི་རིགས་སོ་སོར་འདྲ་མཉམ་གྱི་ཁེ་དབང་སྲུང་སྐྱོབ་ཀྱི་དབང་ཆ་ཡོད་ཚུལ་
སོགས་ཁྱབ་བསྒྲགས་བྱ་ཆེད་འདི་ལྟ་བུའི་ལས་གཞི་གང་མང་ཞིག་གསར་འཛུགས་བྱེད་ཀྱིན་ཡོད་འདུག་ལ།
དུས་དེབ་ཀྱི་མིང་ལ་མི་རིགས་རྩོམ་རིག་ཅེས་བཏགས་ཡོད་ནའང་། ཕྱི་མ་དང་རྒྱབ་ཤོག་ཡོད་ཚད་རྒྱ་ཡིག་གི་ལམ་
ནས་དཔར་སྐྲུན་འགྲེམས་སྤེལ་བྱས་ཡོད་འདུག
———
Back

