རྒྱ་ནག་ལ་ངོ་རྒོལ།

2009-09-28 17:49

ལོ་ ༦༠ རིང་གི་རྒྱ་ནག་ལ་ངོ་རྒོལ།

ཉི་ཧོང་བོད་དོན་རྒྱབ་སྐྱོར་ཚོགས་པའི་གོ་སྒྲིག་འོག ཁ་སང་གཟའ་མཇུག་དེར་ཊོག་ཀྱོ་རུ་ཡོད་པའི་རྒྱ་ནག་གཞུང་ཚབ་

ཁང་གི་མདུན་ནས་མི་ ༣༠༠ ལྷག་གིས་རྒྱ་ནག་དམར་ཤོག་གཞུང་སབཙུགས་ནས་ལོ་ ༦༠ འཁོར་བའི་དུས་དྲན་ལ་ངོ་

རྒོལ་བྱས་ཡོད་པ་རེད། དེ་བཞིན་ཉི་ཧོང་གི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་ ཁོ་བྷ་ཡ་ཤི་ ལགས་ཀྱི་གོ་

སྒྲིག་འོག Ueno གླིང་གའི་ནང་གི་བོད་ཀྱི་འགྲེམས་སྟོན་ཁང་སྟེ།



གོ་ལའི་ཡང་སྟེང་གི་ནོར་མཛོད་ཅེས་པའི་མཐའ་འཁོར་དུ་ཁོང་ཚོའི་བདུན་རེའི་ཞི་བདེའི་གོམ་བགྲོད་ཅེས་པ་དེ་རྒྱུན་

སྐྱོང་བྱས་ཡོད་པ་རེད། བདུན་ཕྲག་སྔོན་མའི་ནང་ཉི་ཧོང་གི་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་གླིང་ག་དེའི་ཕྱི་རོལ་ནས་

རྒྱ་ནག་ལ་ངོ་རྒོལ་སྐད་འབོད་རྒྱུན་མཐུད་ནས་བྱས་ཡོད་པ་རེད། ཅེས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་འབྲེལ་མཐུད་ཚོགས་

པའི་ཨེ་ཤ་ཡའི་འབྲེལ་མཐུད་པས་བརྗོད་ཡོད་པ་རེད།

Back

Search site

© 2009 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

Free website :: Webnode

དཀོན་མཆོག་བོད་རང་བཙན་དྲ་ཚིགས།