རྒྱ་ནག་ཏུ་བསྐྱོད་པ
བདེ་ཆེན་སྤེན་པ་བོད་དང་རྒྱ་ནག་ཏུ་བསྐྱོད་པའི་མྱོང་ཚོར།
བང་ཆེན།
ཟླ་འདིའི་ཚེས་༦ ཉིན་གྱི་ཕྱི་དྲོ་ཆུ་ཚོད་༥།༣༠ ཐོག་བོད་རང་དབང་སློབ་ཕྲུག་ཚོགས་པ་དང། བོད་སྨྱུག་གཉིས་ཀྱིས་
དབྱིན་ཡུལ་དུ་གནས་སྡོད་བདེ་ཆེན་སྤེན་པ་ལགས་པེ་ཅིང་དུ་བསྐྱོད་པའི་མྱོང་ཚོར་སྐོར་གྱི་གཏམ་བཤད་ཅིག་གོ་
སྒྲིག་བྱས་ཡོད་པ་དང། ཕྱི་དྲོ་དེར་གངས་སྐྱིད་ལྷག་པ་ཚེ་རིང་ཚོགས་ཁང་དུ་བདེ་ཆེན་སྤེན་པ་ལགས་ཀྱིས་ཁོང་པེ་
ཅིང་མི་རིགས་སློབ་གྲྭའི་ནང་དུ་ལོ་གཉིས་རིང་སློབ་སྦྱོང་བྱས་པའི་བརྒྱུད་རིམ་དང། བོད་དུ་བསྐྱོད་པའི་སྐབས་བོད་
མིའི་གནས་སྟངས་མཐོང་ཚུལ་གྱི་སྐོར་ལ་འདྲ་པར་བརྙན་འཕྲིན་བརྒྱུད་ནས་བསྟན་པ་དང་སྦྲགས་མི་མང་ལ་ངོ་
སྤྲོད་གསུང་བཤད་གནང་ཡོད་པ་རེད།
བོད་ནང་གི་བོད་མི་ཚོར་ཆོས་དད་ཧ་ཅང་ཆེན་པོ་ཡོད་པ་དང། བོད་དོན་སྐོར་ལ་སེམས་ཤུགས་ཆེན་པོ་ཡོད་སྐོར་
སོགས་གསུངས་པ་དང། ཡང་ཆབ་སྲིད་ཀྱི་སྐོར་ལ་སྐད་ཆ་བཤད་སྐབས་ཧ་ཅང་ཞེད་སྣང་དང། དོགས་ཟོན་ཆེན་པོ་
བྱེད་དགོས་སྐོར། བོད་པའི་ལོ་གསར་སྐབས། པེ་ཅིང་ཡོད་པའི་བོད་རིགས་ཚང་མ་མཉམ་འཛོམས་བྱེད་ཀྱི་ཡོད་པ་
དང། དེའི་སྐབས་པེ་ཅང་དུ་ཡོད་པའི་བོད་པའི་མཐོ་རིམ་མི་སྣ་རྣམས་ཀྱང་དེར་ཕེབས་པ་སོགས་བྱས་ཏེ། སྐད་ཆ་
འདྲ་མིན་བཤད་ཀྱི་འདུག དམིགས་བསལ་ཨ་རག་འཐུང། ར་བཟི་ཡོང་དུས་གཅིག་གིས་གཅིག་ལ་བོད་པའི་ད་ལྟའི་
ཆབ་སྲིད་ཀྱི་དཀའ་ངལ་ཡང་ཤུགས་ཆེ་བ་བཤད་ཀྱི་ཡོད་པའི་སྐོར་སོགས་པེ་ཅིང་གི་བོད་པའི་འཚོ་བ་སྐྱེལ་སྟངས་
སོགས་ངོ་སྤྲོད་གནང་ཡོད་པ་རེད། དེ་ནས་ཁོང་གིས་བོད་རིགས་ཚོ་རྒྱ་གར་དུ་ཡོང་འདོད་ཆེན་པོ་ཡོད་པའི་སྐོར་
གསུང་དོན། འཛིན་གྲྭའི་ནང་དུ་ཁྱེད་རང་ཚོ་གུང་སེང་སྐབས་ས་ཆ་གང་དུ་འགྲོ་དགོས་ནའང། མཐུན་རྐྱེན་འཛོམས་
ན་གང་དུ་འགྲོ་རྒྱུ་ཡིན་ཞེས་སྐད་ཆ་འདྲི་སྐབས། ཚང་མས་རྒྱ་གར་དུ་འགྲོ་རྒྱུ་ཡིན་ཞེས་ལན་འདེབས་བྱེད་ཀྱི་འདུག་
ཅེས་སོགས་ཁོང་ཚོས་ནམ་རྒྱུན་བསམ་བློ་གཏོང་སྟངས་ཀྱི་སྐོར་སོགས་ཀྱང་འགྲེལ་བརྗོད་གནང་ཡོད་པ་རེད།
བདེ་ཆེན་སྤེན་པ་ལགས་ནི་དབྱིན་ཡུལ་དུ་སྐྱེས་པ་དང། དེར་སློབ་སྦྱོང་བྱས་རྗེས་འཇར་མན་དུ་སློབ་སྦྱོང་བྱས། ༢༠༠༦
ལོར་རྒྱ་ནག་ཏུ་ཕེབས་ནས་པེ་ཅིང་མི་རིགས་སློབ་གྲྭའི་ནང་དུ་རྒྱ་ཡིག་སྦྱངས་པ་དང། དེར་ཡོད་པའི་བོད་རིགས་ཚོར་
དབྱིན་ཡིག་སློབ་ཁྲིད་བྱས་ཡོད་པ་རེད། དེའི་སྐབས་ལྷ་ས་དང་མདོ་སྨད་ཕྱོགས་སུ་བསྐྱོད་ནས་བོད་མིའི་གནས་སྟངས་
རྒྱུས་ལོན་བྱས་ཡོད་པ་དང། ༢༠༠༨ ལོར་རྒྱ་ནག་ཏུ་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་འཚོག་སྐབས། ཁོང་བོད་ཀྱི་གཞོན་
ལྷན་གྱི་ཚོགས་མི་ཡིན་སྐོར་བརྗོད་དེ། རྒྱ་ནག་གཞུང་གིས་ཕྱིར་འཕུད་བཏང་ཡོད་པ་རེད།།
———
Back

